དྲྭ་རྒྱའི་འབྱུང་རིམ་དང་འབྲེལ་བའི་གནས་ཚུལ།

  ཆ་འཕྲིན་གྱི་དུས་རབས་འདིར་ངེད་བོད་པའི་སྤུན་ཟླ་ཚོས་དྲྭ་རྒྱ་བེད་སྤྱོད་དང་། དྲྭ་རྒྱའི་འབྱུང་རིམ་མ་ཤེས་ན་ཤིན་ཏུ་ངོ་ཚའི་གནས་ཡིན་པ་ལྟ་ཅི་སྨོོས། མི་རིགས་གཞན་པའི་དབུས་ནས་རང་བཞིན་གྱིས་རྗེས་ལུས་ཀྱི་རྣམ་པ་ཞིག་མངོན་ཡོང་གིན་འདུག དེས་ན། དྲྭ་རྒྱའི་སྐོར་ལ་གང་ཐུབ་ཤེས་དགོས་པ་གལ་ཆེན་དུ་མཐོང་། སྤྱིར་སྟངས་མི་མང་ཆེ་བས་དྲྭ་རྒྱ་ཟེར་ན་ཅི་ཞིག་ཡིན་པ་དང་དེའི་བྱེད་ལས་ཅི་ཞིག་ཡིན་པ་རག་ཙམ་ཤེས་ཀྱི་ཡོད་མོད། དེ་ཇི་ལྟར་བྱུང་ཡོད་མིན་དང་། དེའི་ལོ་རྒྱུས། དེའི་འཕེལ་རིམ། དེའི་ནུས་པ་ལ་སོགས་པའི་ཐད་བསམ་གཞིག་བྱེད་མྱོང་ཡོད་ཀྱི་མ་རེད། དེར་བརྟེན་དྲྭ་རྒྱ་དང་གློག་ཀླད་ཆེད་སྦྱོང་བྱེད་མཁན་ནམ་དེའི་ཐད་ཉམས་མྱོང་ཡོད་མཁན་ཞིག་མ་ཡིན་ན་དྲྭ་རྒྱ་དང་གློག་ཀླད་སྐོར་ལ་ཡིག་ཚགས་འགའ་བལྟས་ཀྱང་ཐ་སྙད་དེ་དག་ངོ་འཕྲོད་ཀྱི་མེད་པ་དོན་དངོས་རེད། དེར་བརྟེན་ད་ཐེངས་ངས་ངར་རྒྱལ་གྱི་གོང་བུ་ཅན་མ་ཡིན་པའི་ཤེས་འདོད་ཅན་གྱི་གྲོགས་པོ་གྲོགས་མོ་ཚོར། རང་ཉིད་ཀྱིས་གློག་ཀླད་དང་དྲྭ་རྒྱའི་སྐོར་ལ་གང་ཤེས་པ་དང་ཅུང་ཙམ་སྦྱངས་པའི་གྲུབ་འབྲས་ཐོར་བུ་ཞིག་འབུལ་ཐུབ་ན་ཁྱེད་རྣམས་པར་ཐུགས་ཕན་གང་ལེགས་སོས་ཡོང་བསམ།
  གློག་ཀླད་དམ་རྩིས་འཁོར་ཞེས་པའི་ཐ་སྙད་དེ་སྤྱི་ལོ་ 1822 ཙམ་ནས་དར་འདུག ཡིན་ན་ཡང་། དེ་ནས་བརྩིས་པའི་ལོ་བརྒྱ་དང་ཉི་ཤུ་ཙམ་གྱི་རིང་གློག་ཀླད་མ་ལག་གི་གསར་གཏོད་ཧ་ལམ་མེད་པ་ལྟ་བུར་གྱུར། མ་ཟད། མཐུན་རྐྱེན་ཡང་ཧ་ཅང་ཞན། དམག་ཆེན་གཉིས་པའི་ཐལ་འཚུབ་ཀྱི་མཇུག་སྟེ། སྤྱི་ལོ་ 1950 ནས་1960 བར་གློག་ཀླད་ཡར་རྒྱས་ཧ་ཅང་མྱུར་པོར་གྱུར་ཏེ་བྱ་བཞག་དེའི་ཐད་ཆེད་སྦྱོང་བྱེད་མཁན་དང་གསར་གཏོད་བྱེད་རྒྱུའི་འདུན་པ་ཡོད་མཁན་མང་པོ་བྱུང་། གནས་བབ་དེ་འདྲའི་ཁྲོད་ནས་གློག་ཀླད་མ་ལག་ཡར་རྒྱས་ད་དུང་ཡང་ང་ཚོའི་བསམ་ཡུལ་ལས་འདས་པ་འགྲོ་མུས་རེད།
  དེ་ལྟར་ལོ་ངོ་དེ་དག་གི་བར་ནས་གློག་ཀླད་ཡར་རྒྱས་ཕྱིན་པ་དང་ལྷན་དུ་གློག་ཀླད་གཅིག་ནས་གཅིག་བར་ཡིག་ཆ་བགོ་འགྲེམས་བྱེད་པ་དང་། གློག་ཀླད་ཨ་མ་གཅིག་ནས་བྱེ་བྲག་གློག་ཀླད་མང་པོའི་བར་ཡིག་ཆ་བགོ་འགྲེམས་བྱེད་པའི་ཐབས་ལམ་དེས། དྲྭ་རྒྱ་གསར་གཏོད་བྱེད་རྒྱུའི་རྟོག་པ་སད་ཡོད་པ་རེད། དེ་ནས་རིམ་བཞིན་དབྱིན་ཡུལ་ནས་དྲྭ་རྒྱའི་མ་ལག་ “packet switching” གསར་བཟོ་བྱས་པས་དྲྭ་རྒྱ་གསར་གཏོད་ཀྱི་བྱ་བཞག་ལ་མཐུན་རྐྱེན་ཇེ་ལེགས་སུ་གྱུར།
  རྒྱུ་རྐྱེན་གང་མང་འཛོམས་ནས་སྤྱི་ལོ་ 1960 དུས་མཇུག་ཏུ་འཛམ་གླིང་ནང་གི་དྲྭ་རྒྱ་སྔ་ཤོས་དྲུག་གསར་གཏོད་བྱུང་། དེ་ནི་དྲྭ་རྒྱའི་བྱ་བཞག་གི་ཁྲོད་ནས་ཆེས་རླབས་ཆེ་བའི་མདུན་བསྐྱོད་དང་པོ་དེ་རེད། སྤྱིར་བྱ་བ་གང་ཞིག་ཡིན་ཡང་ལེགས་ཉེས་གཉིས་ཀའི་ཡོན་ཏན་ལྷན་དུ་ཡོད་ཟེར་བ་ལྟར། དྲྭ་རྒྱ་དེ་དག་གི་ལོ་རྒྱུས་ལ་བལྟ་སྐབས་དོགས་པ་སྐྱེ་དགོས་པའི་མ་རུང་ལྐོག་འགྱུར་གྱི་རྒྱབ་ལྗོངས་མངོན་ལ། མིག་མཐོང་ལག་ཟིན་གྱི་མི་དམངས་སམ་བྱིངས་ལ་ཕན་ཐོག་པའི་བྱ་བཞག་ཀྱང་གང་མང་གཏོད་འདུག ལྷག་པར་དུ་སྤྱི་ལོ་ 1972 ལོར་ (ARPANET) ཨར་པ་ནེ་ཏྲེ་འཛམ་གླིང་ལ་ཁྱབ་སྤེལ་བཏང་བ་དང་། སྤྱི་ལོ་ 1975 ཟླ་ 8 ཚེས་ 16 ཉིན་  (TELENET) ཀྲི་ལི་ནེ་ཏྲེ་ཨ་རི་ཁྱོན་ལ་ཡོངས་ཁྱབ་བྱས་པ། སྤྱི་ལོ་ 1991 ལོར་སུད་སི་ནས། ང་ཚོས་རྟག་པར་སྤྱོད་བཞིན་པའི་ (www) གསུམ་དེ་གསར་གཏོད་བྱུང་བའི་རྗེས། དྲྭ་ཚོང་རིམ་བཞིན་འཕེལ་རྒྱས་ཤུགས་ཆེ་བྱུང་སྟེ། དྲྭ་རྒྱའི་ཁྲོམ་རས་རླབས་ཆེའི་རང་བཞིན་གྱི་མདུན་བསྐྱོད་ཐེངས་གཉིས་པ་དེ་བྱས་པ་རེད། མཚམས་འདི་ནས་འཛམ་གླིང་ནང་གི་དྲྭ་རྒྱ་སྔ་ཤོས་དྲུག་པོ་དག་གི་བྱུང་རིམ་ལ་རེ་རེ་བཞིན་ཞུས་ན།
  1)    (ARPANET)  ཨར་པ་ནེ་ཏྲེ།
  སྤྱི་ལོ་ 1968/1969 ལོའི་དུས་དཀྱིལ་ལ་འཛམ་གླིང་ནང་གི་དྲྭ་རྒྱའི་ཨ་མ་ལྟ་བུར་གྱུར་པ་ (ARPANET) ཨར་པ་ནེ་ཏྲེ་གསར་གཏོད་བྱས། དེ་ནི་དྲྭ་རྒྱ་དེའི་ཟིན་ཐོ་དང་པོ་རེད། དྲྭ་རྒྱ་དེ་གསར་གཏོད་བྱེད་མཁན་ནི་ DARPA (Defense Advanced Research Project Agency) ཨ་རིའི་ཆེས་མཐོའི་བདེ་སྲུང་ཞིབ་འཇུག་ལས་འཆར་བསྟི་གནས་ཁང་ཡིན་པ་དང་། (ARPANET) ཨར་པ་ནེ་ཏྲེ་གསར་གཏོད་བྱུང་སྐབས་འཛམ་གླིང་དམག་ཆེན་གཉིས་པའི་དུ་ཞག་ཡལ་མེད་པས་མི་མང་གི་དོགས་པར་དྲྭ་རྒྱ་དེ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ཆེད་བཟོས་པ་རེད་ཅེས་གླེང་སློང་མང་པོ་བྱུང་། དེ་བཞིན་དཔྱད་བརྗོད་དྲྭ་ཚིག་ཚད་ལྡན་འགས་ཀྱང་དེ་ལྟར་གླེང་གིན་འདུག གནད་དོན་དེར་རང་ཉིད་ཀྱིས་ངང་གིས་གཞིགས་ན། དོན་དངོས་ཐོག་དྲྭ་རྒྱ་དེའི་མིང་ལ་ (DARPANET) ཞེས་བཏགས་དགོས་ཀྱང་། བདེ་སྲུང་གི་དོན་དུ་གོ་བའི་ “D” (Defense) བསུབ་ནས་ (ARPANET) ཞེས་བཏགས་དགོས་པར་རྒྱབ་ལྗོངས་མེད་པ་ཨེ་ཡིན་སྙམ། སྤྱི་ལོ་ 1969 ཟླ་ 8 ཚེས་ 16 ཉིན་གྱི་དགོང་དྲོ་ཆུ་ཚོད་ 10:30 ཐོག་ཀལ་ཧྥོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་ཅར་ལི་ཀི་ལིན་ (Charley Kline) གྱིས་དྲྭ་རྒྱ་དེ་བརྒྱུད་ནས་འཛམ་གླིང་ནང་གི་གློག་འཕྲིན་ཐོག་མ་དེ་བསྐུར་ཡོད་པ་རེད། དེ་ནི་དྲྭ་རྒྱ་དེའི་ཟིན་ཐོ་གཉིས་པ་རེད། དྲྭ་རྒྱ་དེ་བཟོ་བསྐྲུན་བྱེད་ས་ནི་ (Lincoln Laboratory, Massachusetts) ཨ་རིའི་མངའ་སྡེ་མེ་ས་ཆུ་སེ་ཏྲི་ཡི་ནང་དུ་ཡོད་པའི་ལིན་ཁོན་ཞིབ་འཇུག་ཁང་རེད་འདུག སྤྱི་ལོ་ 1972 ལོར་དྲྭ་རྒྱ་དེ་འཛམ་གླིང་ཁྱོན་ལ་ཡོངས་ཁྱབ་བཏང་བས། འཛམ་གླིང་ཡོངས་ཁྱབ་ཀྱི་དྲྭ་རྒྱ་ཐོག་མ་དེ་ཆགས། ( ཡིན་ནའང་མི་དམངས་དྲྭ་རྒྱ་མིན། ) དེ་ནི་དྲྭ་རྒྱ་དེའི་ཟིན་ཐོ་གསུམ་པ་དེ་རེད། དེའི་སྔོན་ལ་དྲྭ་རྒྱ་དེ་སྤྱོད་མཁན་ནི་ SRI (Science Research Institute) ཨ་རིའི་ཚན་རིག་ཞིབ་འཇུག་ཚོགས་པ་དང་། UCLA (University of California, Los angles) ཀལ་ཧྥོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་གཙོས་པའི་ཞིབ་འཇུག་ཚན་པ་ཁག་དང་གཙུག་ལག་སློབ་གྲྭ་ཆེ་ཁག་རེད་འདུག སྤྱི་ལོ་ 1985 ལོར་ NSFN (National Science Foundation Network) ཨ་རིའི་ཚན་རིག་ཐེབས་རྩ་འབྲེལ་མཐུད་ལྷན་ཁང་དབུ་བརྙེས་རྗེས། ཨར་པ་ནེ་ཏྲེ་རིམ་བཞིན་གོ་རྒྱུ་གྲགས་རྒྱུ་མེད་པ་དང་། མཐར་སྤྱི་ལོ་ 1989 ལོར་གཏན་དུ་གཞི་འཇགས་སུ་གྱུར། ཡང་ཞིབ་འཇུག་པ་འགས་ཨར་པ་ནེ་ཏྲེའི་མིང་དེ་ཚན་རིག་ཐེབས་རྩ་འབྲེལ་མཐུད་ལྷན་ཁང་དུ་བསྒྱུར་བ་རེད་ཟེར་མཁན་ཡང་འདུག གང་ལྟར་ཨར་པ་ནེ་ཏྲེས་འཛམ་གླིང་ལ་རླབས་ཆེ་བའི་བྱས་རྗེས་བཞག་སྟེ་རྒྱང་རིང་དུ་བཞུད་སོང་།  མ་ཟད། གསོན་པའི་རིང་ལ་ནུས་ཤུགས་ཆེ་བའི་བྱ་བཞག་གཏོད་ཡོད་ཅིང་དེང་སང་ང་ཚོས་སྤྱོད་བཞིན་པའི་དྲྭ་རྒྱའི་འབྱུང་ཁུངས་བཙན་ཤོས་དང་ཐོག་མ་དེ་ཡང་རེད། ལྷག་པར་དུ་ནུབ་གླིང་གི་སྙན་ངག་པ་ཡོངས་གྲགས་འགས་དྲྭ་རྒྱ་དེ་སྒོ་བརྒྱབས་དགོས་བྱུང་བར་མྱ་ངན་གྱི་སྙན་ངག་ཀྱང་བྲིས་འདུག་ཅིང་། དྲྭ་རྒྱ་དེར། ཆེས་ཐོག་མ་དང་། ཆེས་བཟང་ཤོས། ཞེས་པའི་མཚན་སྙན་ཡང་བསྒྲགས་འདུག
  2)    (Mark I) མཀ་ཨཡེ།
  དྲྭ་རྒྱ་དེ་སྤྱི་ལོ་ 1970 ལོར་ NPL (National Physics Laboratory) དབྱིན་གཞུང་དངོས་ཁམས་ཚན་རིག་ཞིབ་འཇུག་ཚན་ཁང་གི་ཚན་རིག་པ་ (Donald Watts Davies) གྲོ་ནལ་ཝ་ཏྲིསི་དྲ་བིཏྲི་ཡིས་གསར་བཟོ་བྱས། དེ་དམིགས་སུ་བཀར་ཏེ་ཞིབ་འཇུག་ཚན་ཁང་དེའི་ཆེད་དུ་བཟོས་པ་ཞིག་ཡིན་པས་ཕྱིས་སུ་དྲྭ་ཚོང་གི་འགྲན་རྩོད་ནང་འཛུལ་མི་འདུག གོང་གི་ཚན་རིག་པ་ཁོང་ནི་དྲྭ་རྒྱའི་མ་ལག་གལ་ཆེན་ (Packet switching) གི་འབྱུང་ཁུངས་གཙོ་བོ་དེ་ཡིན་པ་རེད།
  3)    (Cyclades)  སཡེ་ཀ་ལ་གྲི་སི།
  སྤྱི་ལོ་ 1970 ལོར་ (Louis Pouzin) ལུ་ཝི་སི་པ་ཛིན་གྱིས་ཧྥ་རན་སིའི་ཞིབ་འཇུག་ཚན་ཁག་ཞིག་ཏུ་དྲྭ་རྒྱ་དེ་གསར་དུ་བཟོས། དྲྭ་རྒྱ་དེ་དམིགས་བསལ་གྱིས་ཨར་པ་ནེ་ཏྲེ་ལ་རབ་འདེགས་ལེགས་པོ་བྱུང་འདུག དྲྭ་རྒྱ་དེའི་ཁྱབ་ཚད་ཀྱང་དེ་འདྲའི་ཆེན་པོ་མིན་ཞིང་གྲགས་ཆེ་བའི་གྲས་སུ་ཡང་མེད། ངས་བསམ་ན་སྐབས་དེར་ཨར་པ་ནེ་ཏྲེ་སྙན་གྲགས་ཆེ་ཞིང་ཡར་རྒྱས་འགྲོ་བཞིན་པ་དང་སྟབས་འཁེལ་བས་དྲྭ་རྒྱ་དེའི་ཁྱད་ཆོས་མང་པོ་ཨར་པ་ནེ་ཏྲེས་བཟས་པ་འདྲ། མ་ཟད། ཨར་པ་ནེ་ཏྲེས་མདུན་བསྐྱོད་ཤུགས་ཆེན་བྱས་པ་དང་། དུས་དང་མཚུངས་པའི་འགྱུར་ལྡོག་དང་ལེན་གྱིས་བྱ་སྤྱོད་སྤེལ་བས། སྐབས་དེའི་དྲྭ་རྒྱ་གཞན་པ་དག་གི་གཟི་བརྗིད་རེ་ཞིག་ཉམས་པར་བྱས། དེ་ནི་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་ཀྱི་ཆོས་ཉིད་ཅིག
  4)    (Merit Network) མེ་རི་ཀྲི་ནེ་ཏྲེ་ཝོཀ
  དྲྭ་རྒྱ་དེ་སྤྱི་ལོ་ 1966 ལོར་ (Michigan State University) མེ་ཆི་གྷན་མངའ་སྡེའི་གཙུག་ལག་སློབ་ཆེན་དང་ (Wayne State University) ཝེ་ནི་མངའ་སྡེའི་གཙུག་ལག་སློབ་ཆེན་གཉིས་ཀྱིས་མཉམ་རུབ་ཀྱིས་གསར་བཟོ་བྱས། དྲྭ་རྒྱ་དེ་དྲྭ་རྒྱ་སྔ་ཤོས་དྲུག་པོའི་ནང་ནས་དམིགས་ཡུལ་བཟང་ཤོས་དང་དེ་དང་མཚུངས་པའི་མི་དམངས་ཀྱི་དགའ་བསུ་ཡང་གང་ལེགས་ཐོབ་ཡོད་པ་རེད། དྲྭ་རྒྱ་དེ་བཟོ་དགོས་པའི་དམིགས་ཡུལ་ནི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་དང་། གཞུང་འཛིན་གྱི་ལས་ཀ་སྟབས་བདེ་པོ་དང་ཚགས་ཚུགས་སུ་གཏོང་རྒྱུ། འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་རྒྱུ་དང་དེའི་ཚན་པ་ཁག་གི་བྱ་བཞག་རྒྱ་བསྐྱེད་བྱ་རྒྱུ། ཕན་བདེ་ཚོགས་པའི་ཐེབས་རྩ་མཁོ་སྒྲུབ་གང་མྱུར་བྱ་ཐུབ་རྒྱུ་དང་དེའི་བྱ་བཞག་ཁྱབ་སྤེལ་ཤུགས་ཆེ་རུ་གཏོང་ཆེད་བཅས་རེད་འདུག དེ་ནི་སློབ་ཆེན་དེ་གཉིས་ཀྱི་གཟི་བརྗིད་གཅིག་ཏུ་བརྩི་ཆོག་ལ། གཞན་ཨར་པ་ནེ་ཏྲེར་འགྲན་རྩོད་ཀྱི་ཐབས་ལམ་མི་འདྲ་ཞིག་སྤྱད་ནས་རྒོལ་བ་རེད་ཅེས་བཤད་ཀྱང་མི་འགྲིགས་པ་མེད། གང་ལྟར། ཨར་པ་ནེ་ཏྲེའི་སྟོབས་ཤུགས་ཀྱི་ཁྲོད་ནས་དྲྭ་རྒྱ་དེས་གཟི་བརྗིད་ཀྱི་མཚན་སྙན་གསར་པ་ཞིག་ཐོབ་ཐུབ་པ་རེད། མ་ཟད། དྲྭ་རྒྱ་དེ་ནི་ཨ་རིའི་ནང་གི་ས་གནས་བྱེ་བྲག་པར་འཁོར་རྒྱུག་ཡུན་རིང་ཤོས་བྱེད་མཁན་དེ་ཆགས་ཡོད།
  5)    (Tymnet) ཏྲཡེམ་ནེ་ཏྲེ།
  དྲྭ་རྒྱ་དེ་ཨ་རིའི་གྲོང་ཁྱེར་ (San Jose, California) སན་ཇོ་སིའི་ནང་ཆགས་ཡོད། ཡིན་ན་ཡང་། དྲྭ་རྒྱ་དེ་གསར་བཟོ་བྱེད་མཁན་བྱེ་བྲག་པ་ཞིག་རྙེད་ཀྱིན་མི་འདུག་ལ་བཟོ་དུས་ཀྱང་མ་རྙེད།  ཟུར་བལྟས་ལེབ་མཐོང་གི་གནས་བབ་གཅིག་ནི་དྲྭ་རྒྱ་དེར་ཕྱིས་སུ་ལེགས་ཆ་མཁོ་སྒྲུབ་བྱེད་རྒྱུའི་གོ་སྐབས་ཆ་ཚང་ཐོབ་ཡོད། མ་ཟད། དྲྭ་རྒྱ་དེར་སྟབས་ལེགས་པའི་གོ་སྐབས་གལ་ཆེ་ཤོས་ཤིག་ཐོབ་ཡོད་པ་ནི་སྤྱི་ལོ་ 1989 ལོར་ཨར་པ་ནེ་ཏྲེ་སྒོ་བརྒྱབས་པ་དེ་རེད། སྤྱི་ལོ་ 1990 ལོར་དྲྭ་རྒྱ་དེས་དྲྭ་ཚོང་གི་ཁྲོམ་རའི་འགྲན་རྩོད་ནང་ནས་གཟེངས་སུ་ཐོན་པའི་གོ་གནས་བླངས་ཏེ། ཨ་རིའི་ནང་གི་མཁའ་གྲུའི་ཚོང་ལམ་དང་། དངུལ་ཁང་། ཚོགས་པ་ཆེ་ཁག་བཅས་ཚང་མར་དྲྭ་རྒྱ་དེས་ཁྱབ་ཅིང་། བར་སྐབས་དེའི་རིང་ལ་ཨ་རིའི་ནང་ཏྲཡེམ་ནེ་ཏྲེ་ཡི་དུས་རབས་ཤིག་ཀྱང་ཤར། འོན་ཀྱང་། འབྱོར་བའི་མཐའ་མ་རྒུད་ཟེར་བའི་ང་ཚོའི་ཁ་དཔེ་ལྟར། སྤྱི་ལོ་ 2004 ལོར་ཚོང་རའི་འགྲན་རྩོད་ཁྲོད་ནས་དཀའ་ཚེགས་ཁྱད་དུ་སད་མི་ཐུབ་པར་རང་སར་འགྱེལ་བ་དང་དུས་དེ་ནས་ཏྲཡེམ་ནེ་ཏྲེ་དྲྭ་ཚོང་ར་བ་ནས་གཏན་དུ་གྱེས་སོང་།
  6)    (Telenet) ཀྲི་ལི་ནེ་ཏྲེ།
  ཚོགས་པ་དེ་ཉིད་ཀྱི་མིང་ཐོག་ནས་དྲྭ་རྒྱ་དེའི་མིང་གྲུབ་པ་གཅིག་རེད་འདུག དྲྭ་རྒྱ་དེ་སྤྱི་ལོ་ 1974 ལོར་ཚོགས་པ་དེ་རང་གིས་གསར་དུ་བཟོས། ཐོག་མའི་གནས་ཡུལ་ (Washington DC) ཝ་ཤིང་ཏྲོན་དང་ཕྱིས་སུ་ (Virginia) ཝར་ཇི་ནི་ཡར་གནས་སྤོས་བྱས། དྲྭ་རྒྱ་དེའི་དམིགས་བསལ་གྱི་ཟིན་ཐོ་གལ་ཆེན་གཅིག་ཡོད་པ་ནི། སྤྱི་ལོ་ 1975 ཟླ་ 8 ཚེས་ 16 ཉིན་དྲྭ་རྒྱ་དེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བཏང་འདུག་ཅིང་། འཛམ་གླིང་ནང་གི་མི་དམངས་སུས་ཀྱང་བེད་སྤྱོད་བྱེད་ཆོག་པའི་དྲྭ་རྒྱ་ཐོག་མ་དེ་ཆགས་ཡོད།

  དྲྭ་རྒྱའི་རིགས།
  1)     LAN
  Local Area Network
  ཉེ་འཁོར་དྲྭ་རྒྱ།
  2)     WLAN
  Wireless Local Area Network
  ཉེ་འཁོར་སྐུད་མེད་དྲྭ་རྒྱ།
  3)     WAN
  Wide Area Network
  ཁྱབ་ཆེ་བའི་དྲྭ་རྒྱ།
  4)  MAN
  Metropolitan Area Network
  གྲོང་ཁྱེར་ཁྱབ་པའི་དྲྭ་རྒྱ།
  5) CAN
  Campus Area Network
  མཐོ་སློབ་ཀྱི་རྒྱ་ཁྱོན་ལ་ཁྱབ་པའི་དྲྭ་རྒྱ།
  6)     PAN
  Personal Area Network
  སྒེར་བདག་དྲྭ་རྒྱ།

   དྲྭ་ཚིག
གཉིས་ནས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་ད་ལྟ་ང་ཚོས་སྤྱོད་བཞིན་པའི་དྲྭ་ཚིག་གི་འབྱུང་ཁུངས་ཡིན་ཞིང་། དེའི་གལ་ཆེའི་རང་བཞིན་གྱི་གནས་ཚུལ་རྣམས་ཡིན། ཁྱེད་ཀྱིས་ད་བར་དྲྭ་ཚིག་དེ་ཐོག་མར་བཟོ་མཁན་སུ་ཡིན་པ་བསམ་མྱོང་ངམ། དྲྭ་ཚིག་གི་ལམ་ནས་ཆུ་ཚོད་གཅིག་ལ་ཨ་སྒོར་ས་ཡ་དང་དུང་ཕྱུར་གསོག་ཐུབ་ཀྱི་ཡོད་པ་ཧ་གོ་གི་ཡོད་དམ། རྒྱལ་ཁབ་ཚང་མའི་དམག་དོན་གྱི་བྱ་བཞག་གལ་ཆེན་མང་ཆེ་བ་དྲྭ་ཚིག་དང་འབྲེལ་བ་ཡོད་པ་ཤེས་སམ། གོམ་སྟབས་གསར་པའི་དུས་རབས་འདིའི་ནང་བྱ་བཞག་ཞིག་གཏོད་དགོས་ན་དྲྭ་ཚིག་དང་མ་འབྲེལ་ཐབས་མེད་ཡིན་པ་ཡང་ཤེས་སམ། མདོར་དོན་དཔལ་འབྱོར་དང་དམག་དོན། ཤེས་རིག་བཅས་ཚང་མར་དྲྭ་ཚིག་ནི་མེད་དུ་མི་རུང་བར་གྱུར་ཡོད། སྡོམ་ཚིག་ནི་ད་ལྟའི་ཆར་མི་རྣམས་ཀྱིས་དྲྭ་ཚིག་མེད་ན་ལས་ཀ་བྱེད་ཐུབ་ཐབས་མེད་པའི་གནས་སུ་སླེབས་ཟིན།
 WWW གསུམ་གྱི་འབྱུང་ཁུངས།
 སྤྱི་ལོ་ 1991 ལོར་སུད་སའི་གྲོང་ཁྱེར་ཇི་ནའེ་ཝར་གཏན་འཛུགས་བྱས་པའི་ CERN (European Organization for Nuclear Research) ཡུ་རོབ་རྡུལ་ཕྲན་ཞིབ་འཇུག་ཚོགས་པས་གོ་ལར་ཁྱབ་པའི་དྲྭ་ཚིག་ཅེས་ WWW (World Wide Website) པ་དེ་གསར་གཏོད་བྱས། གསར་གཏོད་བྱེད་མི་དངོས་དེ་ཚོགས་པ་དེའི་དབྱིན་ཇིའི་ཚན་རིག་པ་ (Sir Tim Berners Lee) ཀྲིམ་སྦར་ནར་སི་ལི་ཡིན་པ་རེད། སྤྱི་ལོ་ 1990 ཙམ་ནས་དྲྭ་རྒྱས་མིའི་རིགས་ཀྱི་རིག་གཞུང་དང་། ཚོང་ལམ་ལ་གནོན་ཤུགས་ཐེབས་ཚད་རིམ་པས་འཕར་བས། ཀྲིམ་སྦར་ནར་སི་ལི་ཡིས་སྤྱི་ལོ་ 1989 ནས་ ( hypertext) “ད་ལྟ་ང་ཚོས་མཐོང་བཞིན་པའི་དྲྭ་ཚིག་གི་ངོ་ཤོག་དེ་རེད།” དེ་དྲྭ་རྒྱར་མཐུད་ཐུབ་པ་བྱེད་རྒྱུའི་འདུན་པ་སྐྱེས། སྤྱི་ལོ་ 1990 ལོར་                ( hypertext) འཛམ་གླིང་ལ་ཁྱབ་སྤེལ་བྱེད་ཐུབ་ན་ཅི་མ་རུང་སྙམ། དེ་ལྟར་ལོ་དེའི་ལོ་མཇུག་གི་ཟླ་ 11 ཚེས་ 12 ཉིན་          ( hypertext) དེ་དྲྭ་རྒྱར་མཐུད་དེ་འཛམ་གླིང་ལ་ཁྱབ་སྤེལ་བྱེད་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ།  སྤྱི་ལོ་ 1991 ལོར་ (www) གསུམ་པོ་འཛམ་གླིང་ལ་ཤར་གཏོང་བྱས་ཡོད་པ་རེད། དེ་ནས་ (www) གྱི་གོ་གནས་ཧ་ཅང་འཕར་ཏེ་གསར་གཏོད་པ་ཁོང་གིས་ W3C ( World Wide Web Consortium ) གོ་ལར་ཁྱབ་པའི་དྲྭ་ཚིག་ཚོགས་པ་ཅེས་པ་ཡང་ལོགས་སུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་ཁོ་རང་གིས་དབུ་འཛིན་བྱེད་བཞིན་པ་རེད། ཁོང་གི་ཡོང་ཁུངས་ཡོ་རོབ་རྡུལ་ཕྲན་ཞིབ་འཇུག་ཚོགས་པར་ (CERN)  གཏན་འཇགས་ཆེད་ལས་ལས་མི། 2400 ཚན་རིག་པ་དང་ཆེད་ལས་འཆར་འགོད་པ། 7931 གཙུག་ལག་སློབ་ཆེན་ 608 ལ་སློབ་སྟོན་བྱེད་པ་དང་མི་རིགས་ཁག་མི་འདྲ་བ་ 113 ཙམ་ཚུད་ཡོད།
གལ་སྲིད་ད་དུང་དོ་སྣང་དང་ཤེས་འདོད་ཀྱི་བསམ་བློ་བཟང་པོ་ཡོད་ན། སྤྱི་ལོ་ 1998 ཟླ་ 3 པའི་ནང་གསར་བཟོ་བྱས་པའི་ Google གྱིས་སྤྱི་ལོ་ 1994 ཟླ་ 1 པོའི་ནང་གསར་ཐོན་བྱུང་བའི་ Yahoo ལས་རྣམ་པར་རྒྱལ་ཚུལ་དང་། Yahoo ཡིས་མི་འདོད་བཞིན་དུ་སྤྱི་ལོ་ 2000 ནས་ 2004 བར་འཚོལ་ཞིབ་མ་ལག་ Google ལ་བསྟེན་དོན། སྤྱི་ལོ་ 2008 ཟླ་ 2 པའི་ནང་ Microsoft ཡིས་ཨ་སྒོར་དུང་ཕྱུར་ 44.6 ལ་ Yahoo ཉོ་རྩིས་བྱས་ཀྱང་བཙོང་མེད་པའི་རྒྱུ་མཚན་ལ་སོགས་པར་ཞིབ་འཇུག་དང་བསྐྱར་ཞིབ་བྱེད་ཐུབ་ན་ང་ཚོར་བླ་ན་མེད་པའི་ཉམས་མྱོང་དང་རླབས་ཆེ་བའི་མདུན་ལམ་རྙེད་ཐུབ། ད་དུང་མུ་མཐུད་བཤད་ན་སྤྱི་ལོ་ 2004 ཟླ་ 2 ཚེས་ 4 ཉིན་ཧར་ཝར་སློབ་མ་མཀ་ཛུག་ཀར་སྦག་ (Mark Zuckerberg) གིས་ facebook གསར་གཏོད་བྱས་པས། ད་ལྟ་ཁོ་རང་འཛམ་གླིང་ནང་གི་ལོ་ཆུང་ཤོས་ཨ་སྒོར་དུང་ཕྱུར་གྱི་བདག་པོ་དེ་ཆགས་ཡོད་པ་རེད། མཐའ་དོན་ད་དུང་ཡང་ཁྱེད་དང་ང་ཚོས་མ་ཤེས་པ་དང་མ་ཐོས་པ་གང་མང་སྦྱང་བརྩོན་བྱས་ཏེ་ཁོང་དུ་ཆུད་ཐུབ་པ་བྱས་ན། གཡུར་དུ་གཟར་བའི་གྲུབ་འབྲས་ལོན་ཐུབ་ལ་ཤེས་ཡོན་ཅན་གྱི་བོད་མི་ཚད་ལྡན་ཞིག་དང་དེང་དུས་སྤྱི་ཚོགས་ཀྱི་ཚད་ལོངས་པའི་མི་ཞིག་བྱེད་ཐུབ།
   མཆན། གུས་རང་ཉིད་ནས་ཀྱང་དབྱིན་ཡིག་གི་ཐ་སྙད་དེ་དག་བོད་ཡིག་ནང་གོ་གང་བདེ་དང་དོན་གང་གསལ་གྱིས་བསྒྱུར་ཐབས་ལ་འབད་ཡོད། གལ་སྲིད་ནོར་འཁྲུལ་དང་མ་འཚམས་པ་ཡོད་ན་བོད་ཡིག་ནང་ཕབ་པའི་ཐ་སྙད་ཆ་ཚང་གི་མ་གཞི་དབྱིན་ཡིག་རང་སོར་བཞག་ཡོད་པས་དེ་དོན་དགོངས་འཇགས་དང་དགོངས་སེལ་ཞུ།
   ཟུར་བལྟའི་དཔྱད་གཞིའི་འབྱུང་ཁུངས་ཁག 1) www.wikipedia.com 2) www.merit.edu     3) www.howstuffworks.com  4) www.computerhope.com 5) www.internetworldstats.com      6) www.us.toluna.com 7) www.google.com 8) www.bing.com   9) Microsoft Encarta Premium 2009. 10) Manorama 2008ཀྱི་ལོ་འཁོར་དཔྱད་གཞིའི་ཕྱོགས་དེབ། 11) ངོ་དེབ་བརྒྱུད་དྲྭ་གྲོགས་ཤེས་ཡོན་ཅན་འགའ་ཤས་ཀྱིས་གོང་གསལ་བརྗོད་གཞིའི་ཐོག་བསམ་འཆར་གསུངས་པར་ཐུགས་རྗེ་ཆེ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲྭ་རྒྱའི་འབྱུང་རིམ་དང་འབྲེལ་བའི་གནས་ཚུལ།

2012-07-28 གངས་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།