INGOདང་NGOཡི་མ་འོངས་པའི་ལམ་ཕྱོགས་གང་ན་ཡོད།

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-15

  INGO=International Non Government Organization(རྒྱལ་སྤྱིའི་གཞུང་གཉེར་མིན་པའི་རྩ་འཛུགས།)
  NGO= Non Government Organization(གཞུང་གཉེར་མིན་པའི་རྩ་འཛུགས།)
  དགེ་རྩ་དང་འཕེལ་རྒྱས་ལས་གཞིའི་ཁྱད་པར་གང་ན་ཡོད།
  ལོ་འགའི་ལས་དོན་གྱི་ཉམས་མྱོང་ཁྲོད་ནས་ཤེས་གསལ་ལྟར་ན།དགེ་རྩའི་ལས་གཞི་ནི་གཙོ་བོ་མི་སྒེར་ཞིག་གམ་སྡེ་ཁུལ་ཞིག་གི་གནས་སྐབས་ཀྱི་འཕྲད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུའི་ལས་ཀའི་ནམ་པ་ཅན་ཞིག་ཏུ་མངོན།དཔེར་ན།ངའི་ལྟོ་བ་ལྟོགས་ཚེ།སྒོར་བརྒྱ་སྤྲད་ནས་ཟས་ཉོ་རྒྱུའམ་ཐད་ཀར་བག་ལེབ་གཅིག་གམ་འབྲས་ཁུག་མ་གང་སྤྲད་ནས་གནས་སྐབས་ལྟོ་བ་བརྒྱག་ཐབས་བྱེད་རྒྱུའི་ལས་ཀར་གོ་བ་ལེན་དགོས་ཤིང་།དེ་ལས་ལྡོག་ནས་སྒོར་མོ་བརྒྱ་དེས་ཚོང་བྱས་དེ་མ་འོངས་པའི་ཕྱི་ཐག་རིང་བའི་འཚོ་བར་བསམ་བློ་བཏང་ནས་ལས་གཞི་སྤེལ་བར་འཕེལ་རྒྱས་ཀྱི་ལས་ཀ་ཞེས་འབོད་བཞིན་ཡོད།ཡིན་ཡང་དགེ་རྩའི་ལས་དོན་དེ་འཕེལ་རྒྱས་ལས་ཀ་མ་རེད་ཅེས་ལབ་པ་ཡང་མ་ཡིན་ཏེ།དགེ་རྩའི་ལས་དོན་ཡང་ཧ་ལས་པའི་གནས་སུ་འདུག་པ་སུས་ཀྱང་སྨྲོས་མེད་རེད།
  འཕེལ་རྒྱས་ཀྱི་ལས་དོན་ནི།སྦྱིན་བདག་གམ་འགྲོ་སོང་བྱེད་མཁན་གྱི་ཚོགས་པས་དམིགས་ཡུལ་ནི་མིག་སྔོན་གྱི་འཚོ་བའི་དགོས་མཁོ་ཙམ་ཐག་གཅོད་བྱེད་རྒྱུ་གཙོ་བོར་བཟུང་བ་མིན་ལ།འགྲོ་སོང་ཆུང་ངུའི་འོག་ཚོགས་པ་དང་སྤྱི་ཚོགས་འཚོ་བར་ཕྱི་ཐག་རིང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་རྒྱུ་དེ་རེད།དེ་ནི་དཔེར་ན།རྒྱུན་ལྡན་འཚོ་བའི་ཁྲོད་ལག་ཤེས་དང་ཐོན་སྐྱེད་ཀྱི་ནམ་པ།རང་བྱུང་ཐོན་ཁུངས་གཏོར་བརླགས་མི་དགོས་པར་རྒྱུན་རིང་བའི་འཚོ་ཐབས་ཤིག་འཚོལ་རྒྱུ་དེ་ཡིན།དེ་འདྲའི་འཕེལ་རྒྱས་ཀྱི་ལས་གཞི་ཞིག་བསྟར་དགོས་ཚེ།ཚོགས་པ་འམ་མི་སྒེར་གྱིས་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་དགོས་མཁོ་ཡོད་པའི་ལས་དོན་ཞིག་བསྟར་རྒྱུ་དེར་གོ་དགོས།དཔེར་ན།རིག་གནས་སྲུང་སྐྱོབ་དང་དར་སྤེལ།རང་བྱུང་ཁོར་ཡུག་གི་ཕྱི་ཐག་རིང་བའི་འཕེལ་རྒྱས།འཚོ་ཚིས་ལག་ཤེས།སློབ་གསོ།འཕྲོད་བསྟེན་སོགས་ལྟ་བུ།ལས་གཞི་འདི་འདྲ་ཞིག་སྤེལ་དགོས་ན།ལས་གཞི་དེ་འཆར་འགོད་མ་བྱས་སྔོན་ལ།དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཞུགས་ནས་རྒྱ་ཆེ་བའི་སྒོ་ནས་སྤྱི་ཚོགས་དང་ས་གནས་ནང་ཁུལ་གྱི་ད་ཡོད་གནས་ཚུལ།འཕེལ་རྒྱས་ཀྱི་དགོས་མཁོར་དབྱེ་ཞིབ་ནན་ཏན་བྱས་ཤིང་།ས་གནས་ཀྱི་མི་དམངས་དང་དངོས་ཡོད་གནས་ཚུལ་ཡག་པོ་ཤེས་པའི་བློ་སེམས་དཀར་བའི་ཆེད་མཁས་མི་སྣ།བློ་འདྲི་ཆོག་པའི་ཤེས་ལྡན་མི་སྣ་སོགས་མཉམ་ཞུགས་ཚུལ་གྱིས་བགྲོ་གླེང་དང་དབྱེ་ཞིབ་བྱེད་ཅིང་།དམངས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་རིགས་དེའི་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་པའི་ཕྱི་ཐག་རིང་བའི་འཚོ་གནས་ཀྱི་ལམ་བུ་ཞིག་འཚོལ་བའི་ཐབས་ལམ་ཞིག་ལ་གོ་དགོས་སྙམ།ལས་གཞི་དེའི་སྔོན་དཔག་གི་ཐོན་འབྲས།བསྟར་ཐུབ་པའི་བྱ་ཐབས།འབྲས་བུ་དངོས།ཕྱི་ཐག་རིང་བའི་ལས་དོན་སོགས་སུ་བསམ་བློ་གཏོང་དགོས་པ་རེད།དེ་འདྲའི་བྱ་ཐབས་ཁྲོད་རྙེད་པའི་ལམ་དེས་མི་དང་ཚོགས་པ་གཞན་ལ་ཤུགས་རྐྱེན་ཐེབས་པར་བྱས་ནས་འཕེལ་རྒྱས་ཀྱི་ལམ་ལ་སྐུལ་བའི་བྱ་སྤྱོད་སོགས་ཀུན་ལ་གོ་དགོས་སྙམ།
 
 NGOདམངས་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་གཙོ་བོར་འཛིན་དགོས།
  NGOཡིས་སྡེ་ཁུལ་གྱི་ལས་ཀའི་གཙོ་གནད་དེ་དམངས་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུའི་འགོར་འགྲོ་དགོས།དེ་ནི་དཔེར་ན།མི་ཞིག་གྲོང་ཁྱེར་ཆེན་པོ་ཞིག་གམ་སྡེ་ཁུལ་གང་རུང་ཞིག་ན་ཡོད་ཀྱང་།དེས་སྤྱོད་སྒོ་ཡོད་པའི་ལག་ཤེས་ཤིག་རྒྱུད་ལ་ངེས་ཐུབ་པ་བྱས་ན།མི་ཚེ་གཅིག་པུར་རང་ཁ་རང་གསོ་ཐུབ་པ་བཞིན།ཕྲན་གྱིས་NGOཡི་ཆེས་ཆེ་བའི་ཡོན་ཏན་ནི་སྒོར་མོ་ཉུང་ངུས་འགྲོ་སོང་འོག་ཕྱི་ཐག་རིང་བའི་ལས་གཞི་སྤེལ་རྒྱུ་ཡིན་སྙམ་ཕྱིན།དམངས་ལ་ཕན་པའི་ནུས་པ་སྐྱེད་བསྲིང་སྐོར་གྱི་ལས་གཞི་སྤེལ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པར་འདུག དཔེར་ན།ལག་རྩལ་སྦྱོང་བརྡར་སོགས་མི་རིགས་ལ་སྣེ་ཁྲིད་རང་བཞིན་ལྡན་ལ།ཕུགས་རིང་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མ་འོངས་པའི་དགོས་མཁོ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འགྲོས་ལ་བསྟུན་པའི་ནུས་པ་བསྐྱེད་བསྲིང་སྐོར་གྱི་སྦྱོང་བརྡར་ནི་གལ་ཆེན་དུ་འདུག་པར་སྙམ།དེ་མིན་ཁང་ཁྱིམ་སོགས་ཕྱིའི་ནམ་པ་འཛུགས་སྐྲུན་ལས་ཀྱང་འཕགས་པ་ནི་དེ་ཚོའི་འཛུགས་སྐྲུན་གྱི་ལག་རྩལ་ནུས་པ་གསོ་སྦྱོང་བྱེད་དེ་ཡིན།ཟ་མ་སྤྲོད་རྒྱུ་ལས་ཟ་མ་ལས་ཐབས་སློབ་རྒྱུ་དེ་གཙོ་ཡིན།རླངས་འཁོར་གཏོང་བ་ལས་རླངས་འཁོར་ཞུགས་གསོ་བྱེད་རྒྱུ་དེ་གཙོ་ཡིན།སྨན་སྤྲོད་རྒྱུ་ལས་སྨན་པ་གསོ་སྐྱོང་བྱེད་རྒྱུ་དེ་གཙོ་ཡིན།དམངས་ཁྲོད་ཀྱི་NGOདང་དེས་འགན་ཁུར་བའི་སྤྱི་ཚོགས་ལ་ཤིན་ཏུ་མཁོ་གལ་ཆེ་བ་ནི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་ལོས་ཡིན་སྙམ་མོ།

  INGOཡི་ལས་མིའི་ནུས་པ་སྐྱེད་བསྲིང་བྱེད་རྒྱུ་གལ་ཆེ།
  ངས་བལྟས་ན།INGOཡིས་འགན་ཁུར་ཆེས་ཆེ་བ་དེ་དམངས་སྡེའི་ནུས་པ་སྐྱེད་བསྲིང་བྱེད་རྒྱུ་གཙོ་ཡིན་ན།INGOནང་ཁུལ་གྱི་ལས་མིའི་མ་འོངས་པར་ཁ་ཕྱོགས་ཚེ།དོན་ཆེན་སྤྱི་དང་ལས་གཞི་ཆེ་ཁག་ལ་དོ་དམ་དང་ཇུས་འགོད།ལག་བསྟར།དཔྱད་འཇོག རྩིས་གཉེར་དོ་དམ། དབུ་ཁྲིད་ནུས་པ།རྩ་འཛུགས་ནུས་པ།ཚོགས་པའི་ནུས་པ།མིག་རྒྱང་ཕྱི་ཐག་རིང་བའི་ལས་སུ་ལྟ་བའི་ནུས་པ་སོགས་བསྐྱེད་བསྲིང་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེ་འདུག་པ་ལས།དེང་སང་ཕྱི་རྒྱལ་ཚོགས་པའི་ནང་ན་ཡོད་པའི་བོད་མི་གང་མང་ཞིག་གིས་མགོ་གནམ་ལ་ཟུག་ནས་རང་ལས་མཁས་དང་རང་ལས་ནུས་པ་ཅན་ཞིག་མེད་སྣང་སྐྱེས་བཞིན་ཡོད་པར་བལྟས་ན།ངོ་མ་སེམས་སྐྱོ་བའི་གནས་ཤིག་ནི།ཕྱི་ཐག་རིང་བའི་མིག་རྒྱང་ཞིག་དང་ལྷག་བསམ་ཞིག་མེད་པར་མཐོང་། གོང་གི་བསམ་འཆར་འདི་དག་ཀྱང་ཕྲན་གྱི་ཉམས་མྱོང་དངོས་ནས་བྱུང་བའི་སེམས་གཏམ་ཡིན་ཕྱིན།བོད་མི་སྤྱི་ལ་ཡོད་པའི་རང་གཤིས་ཤིག་ཁྱེར་ནས་ངའི་ཡིག་འབྲི་འདི་དག་ལས་སྐྱོན་ཞིག་བཙལ་ནས་རང་ཉིད་མཁས་རློམ་ལ་མི་རེམ་པར།སྐད་ཆ་འདི་དག་བློ་སེམས་དཀར་བའི་སྤུན་ཟླ་ཞིག་གི་སེམས་ཁུང་རུས་པའི་གཏིང་ནས་བཞུར་ཡོང་བའི་སྙིང་གཏམ་དྲོན་མོ་ཞིག་ལ་བལྟས་ནས།རིག་འདྲའི་ལས་ལ་བསམ་བློ་རེ་གཏོང་རྒྱུ་གལ་ཆེ་ཞིང་།དེ་ནི་དོན་དངོས་ཐོག་གཞན་གྱིས་རོགས་སྐྱོར་འོག་ནས་ཡུན་གྱིས་རང་རྐྱ་སྤེལ་བའི་ལམ་ལ་ཞུགས་པའི་བརྡ་ཞིག་ཀྱང་ཡིན་པ་ཟུངས་ཤིག   འདིས་ཀྱང་ཅུང་ཟད་ཕན་པར་སྨོན།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

INGOདང་NGOཡི་མ་འོངས་པའི་ལམ་ཕྱོགས་གང་ན་ཡོད།

2012-06-15 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།