རང་མོས་སྙན་ངག་ལས་འཕྲོས་པའི་གཏམ།

   དུས་ཀྱི་ལྷགས་རླུང་དང་བསྡོངས་ནས་སྤྱི་ཚོགས་རེ་རེའི་མིའི་སེམས་ཁམས་དང་སེམས་ཁམས་དེར་འཚམ་པའི་བདེན་དགེ་མཛེས་གསུམ་གྱི་སྣང་བ་མི་འདྲ་བ་རེ་བྱུང་དང་འབྱུང་བཞིན་ཡོད་ལ།དེས་འདྲེན་པའི་རིག་གནས་ཀྱི་འཕེལ་འགྲིབ་དང་སྙན་ངག་གི་ཚེ་སྲོག་ངོས་འཛིན་བྱེད་སྟངས།སྙན་ངག་དང་སྙན་ངག་པའི་རྩ་བའི་འགན་འཁྲི།མི་ཚེའི་བདེན་པ་རྙེད་དོན་ཐད་ལའང་གནམ་སའི་ཧེ་བག་ཤོར་ཡོད་པས་ཁོ་བོས་རང་གི་ཤེས་ཚོད་ཀྱིས་མཐོང་ཐོས་མྱོང་གསུམ་གྱི་ལམ་བུར་བརྒྱུད་པའི་བསམ་ཚུལ་འགའ་བྲི་མོས་བྱུང་། དེང་གི་དུས་རབས་འདིའི་མིང་ལ་ཆ་འཕྲིན་དུས་རབས་ཞེས་འབོད་མཁན་མང་དུ་སྣང་ཡང་།འོ་སྐོལ་གྱི་ད་ལྟའི་དུས་རབས་འདི་ལ་མི་ལ་ལས་མུན་ནག་གི་དུས་རབས་དང་ཀླ་ཀློའི་དུས་རབས་ཞེས་པའི་འཁང་རའི་ཚིག་མདའ་ཡང་འཕངས་མྱོང་སྐད།དེ་དག་གང་ཡིན་ཡང་སྤྱིའི་ཆ་ནས་མི་སོ་སོའི་རྟོག་འཆར་ཙམ་དང་འབྲེལ་བས་དམིགས་བསལ་གྱིས་ཆ་འཇོག་བྱེད་དགོས་པར་མ་མཐོང་ལ།ཡོད་ཀྱང་དེའི་ཚོད་ཀྱིས་སྤྱི་ཚོགས་ལ་སྒུལ་ཤུགས་དང་ཕན་ནུས་ཤིག་འདོན་རྒྱུར་དཀའ་བར་སྣང་།ཡིན་ནའང་།དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་ལོ་རབས་ནས་ད་ལྟའི་མི་རབས་གསུམ་པའི་སྨད་ཚོང་མ་སངས་རྒྱས་སྒྲོལ་མའི་བར་གྱི་སྙན་ངག་གི་འཕེལ་རིམ་དང་རིག་གནས་ཀྱི་སེམས་ཁམས་སོགས་ལ་བདག་གི་རྨོངས་བློས་ཞིབ་འདང་རེ་བརྒྱབ་ན།མ་བུ་ངོ་མི་འཕྲོད་པ་ལྟ་བུའི་སྣང་ཚུལ་དྲག་པོའི་ཀློང་ན།གཅིག་གིས་མཆོད་པའི་སྤྲིན་ཕུང་བརྩེགས་ན་གཅིག་གིས་སྒྱུ་འཕྲུལ་གྱི་ཕོ་བྲང་བཞེངས་ཤིང་།གཅིག་ཤོས་ས་རུ་སྨིན་དུས་གཅིག་ཤོས་གནམ་དུ་འཕུར་བ་ལྟ་བུའི་སྦྲེལ་འཐུད་བྱེད་དཀའ་པའི་རི་བོའི་ཕར་ཚུར་གྱི་ལམ་བུ་སྐྱོང་བཞིན་ཡོད།དེ་ནི་སྤྱི་འགྲོས་ཤིག་དང་འབྱུང་ངེས་ཀྱི་སྣང་ཚུལ་ཞིག་ཡིན་ཀྱང་སྲིད་མོད།ངེས་གཏན་ཅི་ཡང་མེད་པར་རང་རང་ས་ནས་གོ་དཀའ་སླའི་སྙན་ངག་རེ་བྲིས་ཏེ་དུས་འདའ་བར་བྱེད་ན་ནི་ནམ་ཞིག་ལ་ང་ཚོས་སྙན་ངག་སྒྱུ་རྩལ་འདི་ཉིད་རྫི་བོ་མེད་པའི་ལུ་གུ་དང་མིག་དབང་ཉམས་པའི་སྐྱེས་བུ་ལྟ་བུར་མི་འགྱུར་བའི་ངེས་པ་མེད་ན།བློ་མིག་ཡངས་པའི་མཁས་པ་དག་གིས་འདིའི་ཐད་ནས་དགོང་བཞེས་རེ་གནང་རྒྱུ་ནི་ཆེས་གལ་བར་སེམས།སྤྱིར་འོ་སྐོལ་ལ་མི་རིགས་གཞན་པ་ལྟར་རང་མོས་སྙན་ངག་གི་གཞུང་ལུགས་ཆ་ཚང་བ་ཞིག་མེད་པའི་རྐྱེན་གྱིས་སྙན་ངག་གི་སྲོག་ངོས་འཛིན་བྱེད་སྟངས་དང་སྙན་ངག་གི་མཛེས་པ་འཇལ་བྱེད་ཀྱི་ཚད་ཤིང་དུ་རློམ་པའི་རྒྱ་མ་སྣ་ཚོགས་ཤིག་མཆིས་མོད།བསམ་བློ་བྱེ་བྲག་པ་དང་ལྟ་ཚུལ་ཡན་གར་བའི་རྗེས་སུ་རྒྱུགས་རྐྱང་བྱས་ཚེ་ཁོད་ཡངས་པའི་གནས་མལ་ཞིག་ནོད་མིན་ལ་སེམས་ཁྲལ་ལྷག་མ་ཞིག་འབྱུང་ངོ་།དཔེར་ན།དེང་གི་སྤྱི་ཚོགས་འདིའི་ཁྲོད་སྙན་ངག་པ་ཧ་ཅང་མང་ལ།རང་མོས་སྙན་ངག་འབྲི་མཁན་ནི་དེ་བས་ཀྱང་མང་མོད།བརྒྱ་ལ་རང་ལམ་རེ་བསྙེགས་ཏེ་ཆས་པ་ལས་ཚད་འཇོག་བྱེད་སའི་གཅིག་མཐུན་གྱི་ལམ་བུ་ཞིག་མེད་པར་སྣང་།དཔེར་ན།མི་རབས་གསུམ་པའི་སྙན་ངག་པ་ཞིག་གིས་སྙན་ངག་ནི་ཚིག་གི་རོལ་རྩེད་ཙམ་དུ་འདོད་པ་དང་།གྲྭ་བཙུན་སྙན་ངག་པ་ལྷམ་ཀོག་ལགས་ཀྱིས་ཡིད་ཅན་ཤེས་རབ་ལས་ཕར་སྣང་བར་འདོད་པ།དཔྱད་བརྗོད་པ་བསྟན་འཛིན་ཚེ་རིང་ལགས་ཀྱིས་འཚོ་བའི་ཚུར་སྣང་ཡིན་པར་འདོད་པ།ཀླུ་སྨྱོན་ཧེ་རུ་ཀས་སྙན་ངག་དེ་སེམས་ནས་བློས་བསླངས་བྱས་ཚར་རྗེས་ཡིག་ངོར་མ་ཕབ་ཀྱང་སྙན་ངག་ཡིན་པར་འདོད་པ།ཨ་བཙུན་བྱམས་པ་དགེ་ལེགས་སོགས་ཀྱིས་བརྗོད་དོན་གྱི་ཐད་ནས་འཇོག་པ།གངས་འཚོ་སོགས་ཀྱིས་ཕྱིའི་ཚིག་དང་ནང་གི་འགྱུར་བ་གཉིས་འདྲེས་པ་ལས་ཐོན་པར་འདོད་པ།རྒྱ་གྲོལ་དང་གངས་ཞུན་སོགས་ཀྱིས་སྤྱི་ཚོགས་དེའི་ཞབས་འདེགས་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུར་འདོད་པ།འབྲོང་ལགས་ཀྱིས་སྙན་ངག་པའི་བླ་སྲོག་གི་གཏིང་རུམ་དུ་འཚེར་བའི་འོད་སྣང་རྣམ་དག་དང་སྙིང་སྟོབས་ཀྱི་ཉིང་བཅུད་དུ་འདོད་པ།གངས་རྒྱན་མེ་ཏོག་སྟེང་རྩོམ་རིག་བྱ་དགའ་ཐོབ་པའི་རྩེ་སྐྱེས་བློ་བཟང་འཇིགས་མེད་དང་མར་ཁུ་རྒྱལ་མཚན་སོགས་ཀྱིས་ན་ཟུག་ཅིག་ཏུ་འདོད་པ། བྱ་གཞུང་དབྱངས་བྷ་ལགས་ཀྱིས་སྙན་ངག་དང་སྙན་ངག་པ་གཉིས་མ་གཞི་ནས་ཆུ་དང་འོ་མ་འདྲེས་བ་ལྟར་འདོད་པ།ལ་ལས་ངོས་འཛིན་བྱེད་དཀའ་བའི་སྨྲ་བསམ་བརྗོད་འདས་སུ་འདོད་པ།ལ་ལས་མེ་ལོང་མའི་ཤེལ་མིག་སྤྱད་ནས་སྙན་ངག་གི་སྐྱོན་ཡོན་གླེང་བ་སོགས་བསམ་ཚུལ་མི་འདྲ་བས་རང་རང་ས་ནས་ཚོར་རྟོག་དང་རྒྱ་ཡན་གྱི་ཕོ་བྲང་བཞེང་ཞོར་རྩོད་ཚུལ་མང་དུ་འདུག་གོ།དེ་ནི་རྒྱལ་དབང་ལྔ་པ་དང་ཟུར་མཁར་བ།ས་པཎ་གྱི་རྗེས་འབྲངས་བ་དག་གིས་མེ་ལོང་མར་སྙན་ངག་གི་སྲོག་དེ་དངོས་ཤུགས་གང་རུང་དུ་བསྟན་ཡོད་མེད་ལ་རྩོད་པ་དང་འདྲ་བས་ཐ་གཅིག་ཏུ་ཐག་གཅོད་བྱེད་དཀའ་ཡང་།དེ་རྒྱུ་མཚན་དུ་བྱས་ནས་བསྡད་ཚེ་འོ་སྐོལ་གྱིས་དུས་ནམ་ཡང་སྙན་ངག་གི་སྤུས་ཚད་དང་ཡག་བཙོག་གི་ཁྱད་པར་འབྱེད་མ་ཐུབ་པར་སྟོང་བསམ་གྱི་སྒྲུབ་ཕུག་ལས་ཕྱིར་ལྡོག་ཐབས་བྲལ་བའི་ཉེན་ཁའང་མེད་མི་སྲིད་དོ།སྙན་ངག་ནི་ཆེས་མ་མཐའ་ཡང་སྐྱེས་བུ་དབང་རྩ་ཉམས་པ་ཞིག་གིས་བཞེངས་མི་ཐུབ་པའི་རྐྱེན་གྱིས་བརྗོད་བྱ་ལ་ཚད་བཀག་མེད་ཀྱང་། སྙན་ངག་གི་ཚད་གཞི་དང་ལེགས་ཉེས་རྣམ་པར་འབྱེད་བྱེད་ལ་ཐིག་རྩ་ཞིག་ཅིས་ཀྱང་ཡོད་དགོས་ལ། དེ་ཙམ་ཡང་མེད་པར་འདོད་ཚེ་བྲིས་བྲིས་ཐམས་ཅད་སྙན་ངག་དང་བཤད་བཤད་ཐམས་ཅད་ལེགས་བཤད་དུ་འཁྲུལ་བའི་ཀློང་ནས་ལག་སྙོབ་བྱེད་པ་དང་ཅི་འདྲའི་མཚུངས་ཨང་། ལྟོས་བཅས་ཀྱིས་བཤད་ན། སྙན་ངག་ལའང་འབབ་ཡུལ་ཞིག་དང་རྩ་བའི་འགན་འཁྲི་ཞིག་ཅིས་ཀྱང་མངའ་དགོས་ལ། དེ་མེད་ཚེ་སྙན་ངག་པ་རང་ཉིད་ལའང་འགན་འཁྲི་མེད་སོང་བ་ཡིན། སྙན་ངག་དེ་ན་ཟུག་གིས་འབྲི་བའི་དབང་དུ་བཏང་ན་དངོས་ཤུགས་གང་རུང་གི་ཚིག་གི་ཐབས་འཕྲུལ་ལ་བརྟེན་ནས་ནང་གི་ཡིད་བརྙན་ཕྱིར་མངོན་པར་བྱེད་དགོས་པར་མ་ཟད། ཆེས་མ་མཐའ་ཡང་སྙན་ངག་པ་དང་ཀློག་པ་པོ་ཕལ་ཆེ་བའི་ནང་སེམས་ཀྱི་ཚོར་འདུ་ལ་བསླུ་བྲིད་ཐེབས་པ་ལྟར་ཚོར་རླབས་ཀྱིས་གཡོ་ཞིང་འཁྱོམ་པར་བྱེད་པའི་རྟོག་པ་འོག་འགྱུའི་རླུང་གི་འཕར་ཤུགས་དང་། སྙན་ངག་པའི་སེམས་ཁམས་སུ་འཕོས་པའི་ན་ཟུག་དེ་སྤྲུལ་བའི་ཚུལ་གྱིས་གཞན་གྱི་ཚོར་ཤུགས་སུ་འདྲེན་རུང་དུ་ཡོད་དགོས་ལ།སྐད་ཆ་ནི་སེམས་ལྡན་ཞིག་ཡིན་ན་སྙན་ངག་ནི་དེའི་ཁྲག་རྩའི་སྦུབས་སུ་དྭངས་གཙང་གིས་བཞུར་བའི་ཟུངས་བཅུད་ལྟ་བུ་ཡིན་དགོས།ལ་ལས་བཤད་པ་ལྟར།གཞི་མེད་གཟུགས་མེད་ཀྱི་སྟོང་བའི་དབྱིངས་སུ་འགྲེལ་མི་ནུས་ལ་ངོམ་མི་རུ་བ་ཞིག་གི་ཟོལ་གྱིས་འཚོ་བ་དང་བར་ཐག་བཀྱེད་དེ་ཡོད་ན་ནི་ཅི་ཡང་མེད་ཀྱི་ལྟ་བར་བཙན་གྱིས་བསྒོམ་པ་དང་དབྱེར་མེད་དོ། མཐར་རང་རེའི་སྙན་ངག་པ་དང་སྙན་ངག་དཔྱད་བརྗོད་པའི་གྲངས་འབོར་སྔར་ལས་མང་ཞིང་སྙན་ངག་ལྷ་མོའི་སྐུ་ཚེ་རིང་དུ་བརྟན་ལ།རྩོམ་རིག་གི་སྤུས་ཚད་བླ་ན་མཐོ་བའི་བཀྲ་ཤིས་ཁ་གཡང་འབོད།

གསལ་བཤད།
འདི་ནི་རང་ཉིད་ཀྱིས་དཔེ་ཀློག་གི་མྱོང་ཚོར་ལས་ཐོབ་པའི་ལྟ་ཚུལ་ཙམ་ཡིན་པས་ཡིད་རྟོན་ཅི་ཡང་མེད་ངེས་ཀྱང་།རྣམ་པ་ཚོར་བསམ་ཚུལ་ཡོད་ན་བློ་སྐྱེད་ཀྱི་ཚུལ་དུ་ལྷུག་བརྗོད་གནང་བར་མཁྱེན་ཞེས་འབོད་སྐུལ་ཞུ་བ་ལགས།

རྩོམ་ཁུངས། དཔལ་བེའུ་ཡི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་མོས་སྙན་ངག་ལས་འཕྲོས་པའི་གཏམ།

2011-06-14 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།