འུག་པ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

བསམ་གཞིག་གི་རྨང་རྡོ་འདི་ལྟར་རྦབ་ལ་འགྲིལ་བའི་ཉིན།
ཁྱེད་ནི་གཡུལ་ས་ནས་ཕམ་པའི་དམག་མི་ཞིག་སྟེ།
མུན་ནག་གི་ཡོལ་བ་དེའི་ཕག་ན་འགུལ་ཙམ་གྱི་ངང༌།
འོ་དོད་འབོད། མྱ་ངན་འབོད། མདོར་ན།
གཙང་བོ་ལྟར་བཞུར་གྱིན་འགྲོ་བའི་ལོ་ཟླའི་ཁྲོད་འཐིམས།

ཤེལ་མིག་གི་དྲ་སྒོ་ཡོངས་སུ་ཕྱེས་པའི་ཉིན་ལྗོངས་མཐོང་དུས།
ཁྱེད་ལ་སྐོམ་པ་སྐྱེ་སྲིད་ཀྱང་དེ་ནི་ཁྱེད་ཀྱི་རྫུན་གཏམ་ཡིན་སྲིད།

ལྷ་ཆེན་དང་དཀོན་མཆོག་དག་གིས་ཀྱང་ཁྱེད་མི་མཐོང་བར་སྨོན་ཞིང༌།
ཕ་མ་དང་ཉེ་དུ་ཀུན་གྱིས་ཀྱང་ཁྱེད་ལ་གདོང་གཏུགས་མི་བྱེད་པར་འདོད།
དེ་ནི་ཁྱེད་རང་མཚན་མོར་གྲག་རྒྱུར་དགའ་བས་མ་ལན་ཞིང༌།
དེ་ནི་ཁྱེད་ཀྱི་འདུག་གནས་བྲག་ཐེམ་ཡིན་པས་ཀྱང་མ་ལན།

མཚན་མོའི་དུས་ནི་ཅི་འདྲའི་སྐྱི་གཡའ་བའི་ངམ་གྲོག་གཟར་བོ་ཞིག
ཁྱེད་ནི་ཤེས་མི་བཟོད་པའི་སྡུག་བསྔལ་གྱི་སྒལ་ཚིགས་རིང་མོ་ཞིག

ཇི་ལྟར་ལམ་ལ་བུད་ན་ཁྱེད་ཀྱིས་སྡུག་བསྔལ་འདོན་སྲིད།
ཇི་ལྟར་མལ་དུ་གཟིམ་ན་ཁྱེད་ཀྱི་འོ་དོད་འཇགས་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུག་པ།

2008-12-14 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

བསམ་གཞིག་གི་རྨང་རྡོ་འདི་ལྟར་རྦབ་ལ་འགྲིལ་བའི་ཉིན།
ཁྱེད་ནི་གཡུལ་ས་ནས་ཕམ་པའི་དམག་མི་ཞིག་སྟེ།
མུན་ནག་གི་ཡོལ་བ་དེའི་ཕག་ན་འགུལ་ཙམ་གྱི་ངང༌།
འོ་དོད་འབོད། མྱ་ངན་འབོད། མདོར་ན།
གཙང་བོ་ལྟར་བཞུར་གྱིན་འགྲོ་བའི་ལོ་ཟླའི་ཁྲོད་འཐིམས།

ཤེལ་མིག་གི་དྲ་སྒོ་ཡོངས་སུ་ཕྱེས་པའི་ཉིན་ལྗོངས་མཐོང་དུས།
ཁྱེད་ལ་སྐོམ་པ་སྐྱེ་སྲིད་ཀྱང་དེ་ནི་ཁྱེད་ཀྱི་རྫུན་གཏམ་ཡིན་སྲིད།

ལྷ་ཆེན་དང་དཀོན་མཆོག་དག་གིས་ཀྱང་ཁྱེད་མི་མཐོང་བར་སྨོན་ཞིང༌།
ཕ་མ་དང་ཉེ་དུ་ཀུན་གྱིས་ཀྱང་ཁྱེད་ལ་གདོང་གཏུགས་མི་བྱེད་པར་འདོད།
དེ་ནི་ཁྱེད་རང་མཚན་མོར་གྲག་རྒྱུར་དགའ་བས་མ་ལན་ཞིང༌།
དེ་ནི་ཁྱེད་ཀྱི་འདུག་གནས་བྲག་ཐེམ་ཡིན་པས་ཀྱང་མ་ལན།

མཚན་མོའི་དུས་ནི་ཅི་འདྲའི་སྐྱི་གཡའ་བའི་ངམ་གྲོག་གཟར་བོ་ཞིག
ཁྱེད་ནི་ཤེས་མི་བཟོད་པའི་སྡུག་བསྔལ་གྱི་སྒལ་ཚིགས་རིང་མོ་ཞིག

ཇི་ལྟར་ལམ་ལ་བུད་ན་ཁྱེད་ཀྱིས་སྡུག་བསྔལ་འདོན་སྲིད།
ཇི་ལྟར་མལ་དུ་གཟིམ་ན་ཁྱེད་ཀྱི་འོ་དོད་འཇགས་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།