སྐུ་མཁྱེན།(ཞར་བཀོད་གཉིས་ཡོད)

སྒོ་དམར་བསྟན་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-25

མི་ཚོགས་བྲེལ་འཚུབ་ཀྱི་འདུ་འཛིའི་ཁྲོད 
སེམས་པ་ཞིག
ཁྱོད་ཀྱི་རྒྱབ་གཟུགས་ཀྱི་གཏིང་སར་ཐིམ
 
རྒྱུས་མེད་ཀྱི་མིག་ཟུང་དང་ལྷན་དུ
ཁོ་བོའི་ཡང་སྙིང་གང་དེ
གློ་བུར     ཁྱོད་ཀྱིས་ཁྱེར་སོང
 
རྣམ་ཤེས་ཀྱི་གདོང་ཁ་ན་འཚུབ་པ་ནི
རླུང་གིས་སྒུལ་བའི་སྐྲ་ལོ་དེའོ
 
སྐུ་མཁྱེན   ད་དུང
ཕྱིར་མིག་ཅིག་ཡོད་པར་ཞུ
ཐག་རིང་ཐག་རིང་གི་གོམ་འགྲོས་རབ་རིབ་ལས
ཅི་ཡང་མི་འདུག    ཅི་ཡང་མི་འདུག
                        ༢༠༠༦་༨་༢༠
 
             པོ་ཏ་ལ།
སྤྲོ་ལྷང་ལྷང་གིས
ཁྱོད་ཀྱི་མདུན་ལྗོངས་སུ་ཐོན་མ་ཐག
བཞུད་ཟིན་པའི་སྐྱེ་བོ་དེ་དག་མཐོང
གློ་བུར་དུ
ང་ཁྱོད་ཀྱི་བདག་པོ་ཡིན་པར་སྙམ
ག་ལེར     ཅི་ཞིག་གིས་ལབ་པ་ལྟར་ན
ང་ཁྱོད་ཀྱི་ལྟ་མོ་བར་གྱུར་ཟིན
སྐྱོ་ལྷང་ལྷང     སྐྱོ་ལྷང་ལྷང་གིས་རང་མལ་དུ་ལོག་དགོས་བྱུང
                                      ༢༠༠༦་༡༠་༦

               མཚན་གཞས།
བར་མེད་འཁྲིགས་པའི་སྤྲིན་དཀར་གྱི་གཞིས་ཁྱིམ་དབྱིངས་ལས
ཟླ་བ་ལྷན་དུ་ཁྱོད་ཉིད་འཛུམ
དལ་བུར་རྒྱུ་བའི་ལྷགས་རླུང་གི་ཟིལ་ཤུགས་ངོགས་སུ
ཅི་ཞིག་གིས་ཁྱོད་ཀྱི་སྐད་སྒྲ་འཁྱེར་ནས་འོངས
སྒེའུ་འགྲམ་དུ་ལྷུང་བའི་ཟླ་བའི་འོད་ཟེར་གྱིས
ཁེར་རྐྱང་གི་རྨི་ལམ་ཅི་ཙམ་བླུད་ཨང
གང་ཞིག་གི་རྐྱེན་གྱིས    རང་དབང་མེད་པར
 
ཨ་སྔོན་གྱི་ཆུ་འཛིན་དཀར་བོའི་ཚོམ་བུ་དག
ཉལ་བཞིན་པའི་དུར་ཁྲོད་ཀྱི་ཀེང་རུས་སུ་རོལ་བས
དོ་ནུབ     ངའི་ཚེ་སྲོག་གི་སྐུད་པ་རླུང་ཁར་གཡེང་འདུག
                            ༢༠༠༥་༡༢་༢༥
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་མཁྱེན།(ཞར་བཀོད་གཉིས་ཡོད)

2008-12-25 སྒོ་དམར་བསྟན་འཛིན། ཀློག་གྲངས། མཆན ཡོད།

མི་ཚོགས་བྲེལ་འཚུབ་ཀྱི་འདུ་འཛིའི་ཁྲོད 
སེམས་པ་ཞིག
ཁྱོད་ཀྱི་རྒྱབ་གཟུགས་ཀྱི་གཏིང་སར་ཐིམ
 
རྒྱུས་མེད་ཀྱི་མིག་ཟུང་དང་ལྷན་དུ
ཁོ་བོའི་ཡང་སྙིང་གང་དེ
གློ་བུར     ཁྱོད་ཀྱིས་ཁྱེར་སོང
 
རྣམ་ཤེས་ཀྱི་གདོང་ཁ་ན་འཚུབ་པ་ནི
རླུང་གིས་སྒུལ་བའི་སྐྲ་ལོ་དེའོ
 
སྐུ་མཁྱེན   ད་དུང
ཕྱིར་མིག་ཅིག་ཡོད་པར་ཞུ
ཐག་རིང་ཐག་རིང་གི་གོམ་འགྲོས་རབ་རིབ་ལས
ཅི་ཡང་མི་འདུག    ཅི་ཡང་མི་འདུག
                        ༢༠༠༦་༨་༢༠
 
             པོ་ཏ་ལ།
སྤྲོ་ལྷང་ལྷང་གིས
ཁྱོད་ཀྱི་མདུན་ལྗོངས་སུ་ཐོན་མ་ཐག
བཞུད་ཟིན་པའི་སྐྱེ་བོ་དེ་དག་མཐོང
གློ་བུར་དུ
ང་ཁྱོད་ཀྱི་བདག་པོ་ཡིན་པར་སྙམ
ག་ལེར     ཅི་ཞིག་གིས་ལབ་པ་ལྟར་ན
ང་ཁྱོད་ཀྱི་ལྟ་མོ་བར་གྱུར་ཟིན
སྐྱོ་ལྷང་ལྷང     སྐྱོ་ལྷང་ལྷང་གིས་རང་མལ་དུ་ལོག་དགོས་བྱུང
                                      ༢༠༠༦་༡༠་༦

               མཚན་གཞས།
བར་མེད་འཁྲིགས་པའི་སྤྲིན་དཀར་གྱི་གཞིས་ཁྱིམ་དབྱིངས་ལས
ཟླ་བ་ལྷན་དུ་ཁྱོད་ཉིད་འཛུམ
དལ་བུར་རྒྱུ་བའི་ལྷགས་རླུང་གི་ཟིལ་ཤུགས་ངོགས་སུ
ཅི་ཞིག་གིས་ཁྱོད་ཀྱི་སྐད་སྒྲ་འཁྱེར་ནས་འོངས
སྒེའུ་འགྲམ་དུ་ལྷུང་བའི་ཟླ་བའི་འོད་ཟེར་གྱིས
ཁེར་རྐྱང་གི་རྨི་ལམ་ཅི་ཙམ་བླུད་ཨང
གང་ཞིག་གི་རྐྱེན་གྱིས    རང་དབང་མེད་པར
 
ཨ་སྔོན་གྱི་ཆུ་འཛིན་དཀར་བོའི་ཚོམ་བུ་དག
ཉལ་བཞིན་པའི་དུར་ཁྲོད་ཀྱི་ཀེང་རུས་སུ་རོལ་བས
དོ་ནུབ     ངའི་ཚེ་སྲོག་གི་སྐུད་པ་རླུང་ཁར་གཡེང་འདུག
                            ༢༠༠༥་༡༢་༢༥
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།