མེ་ཏོག་གི་མཆོད་མེ།

                                 -----སྒྱུ་འཕྲུལ་གྱི་འཚོ་བ་དང་རོ་སྒམ།
མི་རེ་རེའི་ཕྲག་གོང་ནས་གསལ་མི་གསལ་གྱི་རྐང་རྗེས་རྗེན་པོ་འགའ་མངོན
རབ་རིབ་ནས་རབ་རིབ་ཏུ་འགྱུར་བཞིན་པའི་འཁྱམ་པའི་མེ་ལོང་ངོགས་སུ
བག་ཆགས་ཀྱིས་དཀྲུགས་པའི་རོ་སྒམ་དང་རུས་པའི་རྒྱན་ཆ་དག་ལྷུང་ཞིང
ཐོད་པུར་གྱི་གཏིང་དུ་རྫ་ཆུ་དང་ཁྲག་ཐིགས་མཉམ་དུ་འཚེར་དུས
ཀི་རིང་འགའི་རྒྱབ་ཏུ་བསྐུངས་པའི་དྲན་པའི་མདའ་མོ་དག་གིས   ཇི་ལྟ་བུར
རྣམ་རྟོག་གི་ཁྲག་ཐིགས་དང་སྨྱུག་རྩེ་ཕྲ་མོའང་གཞོགས་སུ་བོར་ཏེ  མྱ་ངན་གྱི་གདུང་བ་ལྕི་བའི་རོལ་མོ་ཞིག་དཀྲོལ་དུ་བཅུག  
མེ་ལོང་ཆེན་པོ་དེས་རྣ་བ་བླགས་ཤིང་ཉན
མེད་མུག་གིས་མནར་བའི་སྐད་ཆའི་ཤུན་ལྐོགས་ལས་ནང་ཁྲོལ་དང་བཅས་པ་ཕྱུངས
དེ་དུས  རོ་སྒམ་གྱི་ངོས་སུ་མེ་ཏོག་གི་མཆོད་མེ་འཁྲུངས་ཤིང   མེ་ཏོག་ལས་གྲུབ་
པའི་མཆོད་མེ    རླུང་བུ་དང་རལ་གྲི་མང་པོའི་སོ་ཁ་རུ་ཤུགས་ཀྱིས་འཛེངས་པའི
སྟོང་བསམ་གྱི་སྒྲུབ་ཕུག  གཙང་པོའི་རྒྱང་འབོད  མེ་ཏོག་ལས་གྲུབ་པའི་མཆོད་མེ
གློ་བུར་ངང་ཞི་དལ་དུ་གྱུར་བའི་བུད་མེད་ཀྱི་དོགས་འདྲི་དང་གྱོན་གོས་སྣ་ཚོགས
ཇི་ལྟ་བུར་ལྷ་དང་ལྷ་མོའི་རྒྱུད་དྲུག་ལ་འཐམས་ཤིང་སྒྲ་དབྱངས་སྣ་ཚོགས་དཀྲོལ
མེ་ཏོག་གི་རོ་མ་ལས་གྲུབ་པའི་སྒྲ་དབྱངས   མེ་ལོང་གི་ངོས་སུ་འཁྱུག་པ་ཙམ་གྱིས
མིག་ཟུང་ཐམས་ཅད་ཅིག་ཅར་དུ་གཟིམ་ཤིང་ཡོད་ཚད་ཀྱང་མི་གསལ་བར་གྱུར
མི་གསལ་བར་གྱུར  གར་མཁན་གྱི་ལྷ་མོ   ཤོག་བུས་གྲུབ་པའི་བཟོ་ལྟ་དང་ངོ་གདོང
མེ་ཏོག་གི་འཕྲང་ལམ་དུ་དེད་དེ    འོད་སྣ་ཚོགས་ཀྱི་རྗེས་སུ་བསྙེགས་ཤིང  རོ་དང
ཆག་རོར་གྱུར་བའི་རྒྱུད་དྲུག་དང་སྒྲ་དབྱངས་སྣ་ཚོགས་ཀྱི་སྐྲ་ལོ   སེན་རོ་དག་ཀྱང
ཞི་འཇགས་སུ་གྱུར་ཅིང    བདེ་བའི་བར་སྣང་ཞིག་ལ་མིག་ཟུང་གཏད
                                                             2007.1.6
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཏོག་གི་མཆོད་མེ།

2008-12-24 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།