ཉི་ཟླའི་གཅེས་ཕྲུག

སྦར་བཟའ་རང་དབང་འཚོ།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-06-18
བཀྲ་ཤིས་དང་སྨོན་འདུན་ཚང་བའི་བྱེད་སྒོ་རེ་ལ།
ཁྱོད་ཀྱི་རྩལ་དགུ་རྫོགས་པའི་ལང་ཚོའི་འགྱུར་ཁུགས་རེ་ནི།
གཞོན་ནུ་མ་ཞིག་གི་མིག་མཐར་འཁྱིལ་བའི་
གཉོམ་དུང་དུང་གི་མིག་ཆུ་ཡིན་ན།
ཁྱོད་ནི་གནམ་སྔོན་པོར་ཤོང་ཚད་ཀྱི་སྙན་ངག་ཡིན།

ཤ་དར་ཁྲག་དར་གྱི་ལང་ཚོ་དེ།
ཀི་སྒྲས་ཁེངས་བའི་འགྲན་རྩོད་ཀྱི་མཐོ་རླབས་དབུས་སུ།
རླབས་དཀར་བཞིན་གྱེན་དུ་འཕྱོ་ཞིང་།
ལུས་སེམས་ཀྱི་འགྱུར་བག་སྤྲིན་དཀར་དང་
འདྲེས་ནས་ཐུར་དུ་འབབ་ཚེ།
ཁྱོད་ནི་བོད་པ་སྙིང་རུས་ཅན་གྱི་རེ་བཞག་གི་རི་མོ་ཡིན།
མ་ལོ་དུང་སེམས་ཅན་གྱི་རེ་བལྟས་ཀྱི་མིག་འབྲས་ཡིན།

ཁྱོད་ཀྱིས་ས་གནས་ཤིག་གི་མིང་བྱང་ཁུར་ཏེ།
རེ་བའི་གཟེངས་རྟགས་བླངས་དུས།
ཁྱོད་ནི་ཆེས་མཐོ་སར་འཕགས་པའི་
ཉི་ཟླ་ཟུང་གི་གཅེས་ཕྲུག་ཡིན་ལ།
དགུ་ཚིགས་ཀྱི་མཛེས་སྡུག་ཇོ་མོ་བླ་རིའི་དབུ་རྩེ་བརྒྱུད་དེ་
དཀར་གཙང་གི་ཁ་བཏགས་བཞིན་ཁྱོད་ཀྱི་མགུལ་དུ་དཔྱངས།

ཁྱོད་ནི་སྣང་ས་འོད་འབུམ་ལྟ་བུའི་ཨ་མ་ཞིག་གི་ཡ་ཆུང་གི་གཡུ་ལོ་ཡིན།
མྱང་ཚ་སྐར་རྒྱན་ལྟ་བུའི་འབྲོག་མོ་ཞིག་གི་བཞོ་དབྱངས་ཀྱི་སེམས་སྒྲ་ཡིན།
ཁྱོད་ཀྱིས་རྒྱལ་ཁ་དང་རེ་སྨོན་ཞུ་སའི་ལྷ་དང་ལྷ་མོ།
ཁྱོད་ཀྱིས་བྱམས་དུང་གི་མགོ་བོ་སྙེས་སའི་ཕ་དང་མ་ལོས།
ཁྱོད་ལ་ནམ་ཡང་སྐྱབས་འཇུག་དང་གསོལ་འདེབས་གནང་ཡོད།
གསེར་གྱི་སྐར་ཆེན་ལྟར་འོད་དུ་འཚེར་ཤོག
ཨ་མའི་བུ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཟླའི་གཅེས་ཕྲུག

2020-06-18 སྦར་བཟའ་རང་དབང་འཚོ།(མགོ་ལོག) ཀློག་གྲངས། མཆན ཡོད།
བཀྲ་ཤིས་དང་སྨོན་འདུན་ཚང་བའི་བྱེད་སྒོ་རེ་ལ།
ཁྱོད་ཀྱི་རྩལ་དགུ་རྫོགས་པའི་ལང་ཚོའི་འགྱུར་ཁུགས་རེ་ནི།
གཞོན་ནུ་མ་ཞིག་གི་མིག་མཐར་འཁྱིལ་བའི་
གཉོམ་དུང་དུང་གི་མིག་ཆུ་ཡིན་ན།
ཁྱོད་ནི་གནམ་སྔོན་པོར་ཤོང་ཚད་ཀྱི་སྙན་ངག་ཡིན།

ཤ་དར་ཁྲག་དར་གྱི་ལང་ཚོ་དེ།
ཀི་སྒྲས་ཁེངས་བའི་འགྲན་རྩོད་ཀྱི་མཐོ་རླབས་དབུས་སུ།
རླབས་དཀར་བཞིན་གྱེན་དུ་འཕྱོ་ཞིང་།
ལུས་སེམས་ཀྱི་འགྱུར་བག་སྤྲིན་དཀར་དང་
འདྲེས་ནས་ཐུར་དུ་འབབ་ཚེ།
ཁྱོད་ནི་བོད་པ་སྙིང་རུས་ཅན་གྱི་རེ་བཞག་གི་རི་མོ་ཡིན།
མ་ལོ་དུང་སེམས་ཅན་གྱི་རེ་བལྟས་ཀྱི་མིག་འབྲས་ཡིན།

ཁྱོད་ཀྱིས་ས་གནས་ཤིག་གི་མིང་བྱང་ཁུར་ཏེ།
རེ་བའི་གཟེངས་རྟགས་བླངས་དུས།
ཁྱོད་ནི་ཆེས་མཐོ་སར་འཕགས་པའི་
ཉི་ཟླ་ཟུང་གི་གཅེས་ཕྲུག་ཡིན་ལ།
དགུ་ཚིགས་ཀྱི་མཛེས་སྡུག་ཇོ་མོ་བླ་རིའི་དབུ་རྩེ་བརྒྱུད་དེ་
དཀར་གཙང་གི་ཁ་བཏགས་བཞིན་ཁྱོད་ཀྱི་མགུལ་དུ་དཔྱངས།

ཁྱོད་ནི་སྣང་ས་འོད་འབུམ་ལྟ་བུའི་ཨ་མ་ཞིག་གི་ཡ་ཆུང་གི་གཡུ་ལོ་ཡིན།
མྱང་ཚ་སྐར་རྒྱན་ལྟ་བུའི་འབྲོག་མོ་ཞིག་གི་བཞོ་དབྱངས་ཀྱི་སེམས་སྒྲ་ཡིན།
ཁྱོད་ཀྱིས་རྒྱལ་ཁ་དང་རེ་སྨོན་ཞུ་སའི་ལྷ་དང་ལྷ་མོ།
ཁྱོད་ཀྱིས་བྱམས་དུང་གི་མགོ་བོ་སྙེས་སའི་ཕ་དང་མ་ལོས།
ཁྱོད་ལ་ནམ་ཡང་སྐྱབས་འཇུག་དང་གསོལ་འདེབས་གནང་ཡོད།
གསེར་གྱི་སྐར་ཆེན་ལྟར་འོད་དུ་འཚེར་ཤོག
ཨ་མའི་བུ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།