ང་དང་གཏུམ་དྲག་གི་འཇིག་རྟེན།

ཨ་མགོན་པོ་བསྟན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-06

  ཞོགས་པ་དེར་ང་སྔ་མོ་ནས་ཡར་ལངས་ཤིང་མེ་ཁ་བཟུང་རྗེས།ཁ་སང་ལྟ་འཕྲོར་བཞག་པའི་བརྩམས་སྒྲུང་དེས་ཁ་ཕྱེས་ནས་བཀླག་མགོ་བརྩམ།ཐོག་མར་སྲོག་ཉེན་ལ་ཐུག་ཡོད་པའི་མི་སྣ་དེར་གདུང་སེམས་སྐྱེ་ཞོར།དེས་སྲོག་གཤེད་དུ་ལངས་ཡོད་པའི་མི་སྣ་དག་ལ་རིམ་གྱིས་སྡང་སེམས་མི་བཟོད་པ་ཞིག་སྐྱེས།མནར་གཅོད་དང་སྒེར་གཅོད་གཉིས་ཀྱི་གདོང་གཏུག་ཡང་ཡང་བརྒྱབ་ནས་མེ་སྟག་འུར་འུར་དུ་མཆེད་པའི་དམར་འཛིང་དེས་ཁྲོད་དུ།དུས་ཡུན་ག་ཙམ་ཞིག་འགོར་བ་མ་ཚོར་ཡང་།ཐབ་ཁའི་ཐོག་གི་ཇ་ཁོལ་དེ་ལྷོག་ལྷོག་ཕྱི་རུ་འཕྱུར་རགས་བར་དུ་རང་ཉིད་ཀྱང་དམར་འཛིང་དེས་ཁྲོད་དུ་བསྲེ་བཞིན་ཡོད་ལ།ཞེ་སྡང་ལངས་དྲག་པས་མ་ཁ་སོ་བར་དུ་བསྡམ་པའི་ན་ཟུག་དེའང་ཚོར་མ་བྱུང་།
   ཐབ་ཁའི་ཐོག་ཏུ་ལྷོག་ལྷོག་འཕྱུར་གྱིན་པའི་ཇ་དེམ་དེ་ས་རུ་བླངས་རྗེས།ཡང་བསྐྱར་བརྩམས་སྒྲུང་དེས་ལྟ་མཚམས་ཀྱི་མུ་ལ་བལྟས་ཤིང་།༼སྐྱིད་རྔམ་སྡུག་༽གསུམ་གྱི་བརྒྱུད་རིམ་ཅ་ཅོག་དེས་ང་རང་ཁད་ཀྱིས་བསྡམས་ཏེ།ངའི་ཁེར་རྐྱང་གི་སེམས་ཁམས་དྭངས་མོ་དེར་འཁོན་འཛིན་གྱི་སྡང་སེམས་ནག་པོ་ཞིག་བྲིས་ཤིང་།སྡང་སེམས་ནག་པོ་དེས་ཡང་ཡང་དམ་པོར་བཅང་བའི་ཁུ་ཚུར་དེ་དལ་གྱིས་འདེགས་ནས་མདུན་ཅོག་ལ་ཤེད་ཀྱིས་བཞུ་རུ་བཅུག་ཀྱང་།རྣ་བར་གཟན་པའི་ཁྲོག་སྒྲ་དེ་དང་གཟེར་བུར་བུར་གྱི་ཚོར་བ་དེ་དག་རྩ་ལམ་དང་རླུང་ལམ་བརྒྱུད་ནས།ངའི་དབང་སྣོད་དུ་ཟུག་པ་ན།ད་གཟོད་བརྩམས་སྒྲུང་དེས་མཇུག་དུ་བཀོད་ཡོད་པའི་འབྲི་མཁན་དེས་བྲི་ཉིན་གྱི་ཟླ་ཚེས་དེ་གསལ་འོང་།
    ཐབ་ཏུ་འུར་འུར་འབར་གྱིན་པའི་ཨོང་བ་དག་འབར་ཚར་ནས་ཐལ་བ་རུ་གྱུར་ཟིན་པས།ཁང་མིག་དེ་འཁྱག་སྒམ་ཞིག་དང་མཚུངས་བར་འཁྱག་ཤུར་ཤུར་བྱེད་འོང་ལ།དེ་དང་བསྟུན་ནས་ངའི་གཞང་རྒྱུའི་ཁྲོད་དུ་འཚང་བའི་སྙིགས་རོ་དག་ཕྱི་རུ་འཕུད་རན་པའི་ཟུག་གཟེར་ཞིག་ཀྱང་སྐྱེས་འོང་བས།མྱུར་དུ་སྒོར་བུད།སྒོ་ཁར་བུད་པའི་སྣང་བ་དེ་འཇིག་རྟེན་གསར་བ་ཞིག་ཏུ་སླེབས་པ་དང་ཀུན་ནས་མཚུངས་ཤིང་།སྣང་བ་ཞིག་ལ་མིག་མདུན་གྱི་འཇིག་རྟེན་དེའམ་ཁོར་ཡུག་དེ་ཧ་ཅང་རྒྱུས་མེད་ཅིག་དང་འདྲ་བར།སྔར་དང་མི་འདྲ་བའི་མཛེས་སྡུག་ཅིག་གི་བྱུག་འདུག་པ་ལྟར་སྣང་ལ།བག་ཡངས་སུ་ཤར་བའི་ཉི་འོད་འཇམ་པོ་དེས་ཁྲོད་དུ་སྡོད་པའི་གྲོང་སྡེ་ཆུང་ཆུང་འདིར་སྔར་དང་མི་འདྲ་བའི་ལྷོད་ཡངས་དང་བག་ཕེབས་ཀྱི་ཁེངས་འདུག
    ངའི་ཡིད་ཚུམ་གྱི་གདོང་བ་འཛུམ་དམུལ་དམུལ་དུ་མིག་ཟུང་བཙུམ་སྟེ་ཕྱི་རོལ་གྱི་མཁའ་དབུགས་དེ་མགུ་གང་བ་ཞིག་རྔུབ་རྗེས།ལྟོ་རྒྱུའི་ཁྲོད་ཀྱི་གད་སྙིགས་དག་གཙང་སེལ་བྱས་ནས་གྲོང་བར་དུ་འཁྱམ་འཁྱམ་ལ་ཕྱིན།གྲོང་བར་དུ་རླངས་འཁོར་དང་འཕྲུལ་རྟའི་སྐོར་རྩལ་ངོམ་བཞིན་སྣུམ་སྒོ་ཤེད་ཀྱིས་མནན་ནས་ཡར་འདུར་མར་འདུར་བྱེད་ཀྱིན་པའི་གསར་བུ་དག་ལ་ཅེར་ཏེ་ཉི་མར་ལྡེས་ཡོད་པའི་རྒན་པོ་ཚོའི་གམ་དུ་སོང་ནས་ཁོ་ཚོའི་ཁ་བརྡ་ལ་ཉན་བཞིན་ཉི་མར་ལྡེས་ཏེ་བསྡད།ཡིན་ནའང་ངའི་ཁོ་ཚོ་ནང་བཞིན་གདོང་ལ་ཕུ་ཐུང་ཡང་མི་འགེབ་པར་ཐད་ཀར་སྐྱི་པགས་ཚ་བུར་བུར་དུ་བསྲེག་འོང་བའི་སྨུག་ཕྱིའི་འོད་དེ་ཕོག་ཏུ་འཇུག་མ་འདོད་པར།གདོང་ལ་ཕུ་ཐུང་གི་གྲིབ་བསིལ་ཕབ་སྟེ་བསྡད་པས།ཁོ་ཚོའི་ངའི་སྤྱོད་ཚུལ་དེ་ལ་སྣ་དགོད་བྱེད་ཀྱིན་༼ཨེ་་་་་་གླེན་པ་དེ་རིང་ཉི་མ་འདི་འདྲ་དྲོ་བས།དེ་ལྟར་བསྡད་ནས་ཅི་བྱེད།ཁྱོད་ཉི་མར་ལྡེ་རུ་ཡོང་བ་མིན་ནམ།ཧིན་་་ཧིན་་་གླེན་པ་འདི་ཨང་།༽ཞེས་བཤད་རྗེས་མགོ་བོ་འཕྲེད་དུ་གཡུག་ཙམ་བྱས་ནས་ཡང་བསྐྱར་ཁོ་ཚོའི་ཁ་བརྡ་དེས་མཇུག་བསྐྱངས་བྱུང་བས།ངས་ཀྱང་གོང་གི་སྐད་ཆ་དེ་སྣང་མེད་དུ་བཞག་ནས་མི་མཐུད་དུ་ཁོ་ཚོའི་ཁ་བརྡར་ཉན་ནས་བསྡད།
    ངའི་རྣ་བའི་ཁོ་ཚོའི་ཁ་བརྡ་ལ་ཉན་ཞིང་མིག་གིས་སྲང་བར་གྱི་མི་ཚོགས་ལ་ཅེར།ཡིད་ཙམ་འགོར་རྗེས་ང་ཚོའི་མདུན་དུ་༼北京现代༽རྟགས་ཅན་གྱི་རླངས་འཁོར་འོད་འཚེར་བ་ཞིག་དན་སེར་བསྡད་པ་དང་མཉམ་དུ།ནང་ནས་གཟན་ཤམ་དམར་སེར་ཧ་ཅང་ཅ་དག་ཅིག་གྱོན་པའི་ཨ་ཁུ་༼ཡུལ་སྐད་དུ་བླ་མ་ལ་ཟེར༽ཞིག་དང་།རྒྱ་ལྭ་གྱོན་པའི་སྨན་ཤར་ཞིག་ཀྱང་བབས་བྱུང་བས།གློ་བུར་དུ་ངའི་གམ་གྱི་རྒན་པོ་ཚོ་མ་གྲོས་གཅིག་མཐུན་གྱིས་འཚབ་འཚུབ་ངང་ཡར་ལངས་ནས་མགོ་ཡི་ཞྭ་མོ་དོག་གེར་བླངས་ཤིང་།སྐེད་པ་སྒུར་སྒུར་དང་གདོང་བར་འཛུམ་དམུལ་དམུལ་གྱིས་༼སྤྲུལ་སྐུ་རིན་པོ་ཆེའི་སྐུ་ཁམས་བཟང༽ལ་སོགས་པའི་འཚམས་འདྲི་དང་གསོལ་འདེབས་བྱེད་བཞིན་རླངས་འཁོར་ལས་བབས་མ་ཐག་པའི“ཨ་ཁུ”དེ་དང་“རྒྱ་མོ”དེས་གམ་དུ་འཚང་ཁ་ཤིག་ཤིག་བྱས་བྱུང་ལ།གདོང་གི་རྣམ་རིག་དེའང་ལྡབ་འགྱུར་གྱི་ཇེ་གསལ་དུ་འགྱུར་ཞིང་།ཕར་འགྱེལ་ཚུར་འགྱེལ་དུ་སྡོད་པའི་སྒྱིད་ལུག་གི་ཉམས་དེའང་རྩ་བ་ནས་བོར་སོང་བ་དང་འདྲ་བར།གདོང་ལའང་སྔར་དང་མི་འདྲ་བའི་མཛུམ་བག་ཅིག་དང་ཡིད་སྨོན་ཞིག་གི་ཁེངས་འདུག་པས།ང་རང་ཁོ་ཚོའི་གློ་བུར་བའི་དད་པ་དེ་གློ་བུར་བའི་ཡིད་སྨོན་དེ་ལ་མཚར་སྣང་ཞིག་སྐྱེས་ནས།ཁོ་ཚོར་ཅེར་ཏེ་སྔར་གནས་སུ་འགུལ་ཙམ་ཡང་མེད་པར་ཕུ་ཐུང་གི་ཉི་འོད་ཡོལ་ཏེ་བསྡད།
    མི་ཚོགས་ཀྱི་འཚང་ཁ་ཆེ་རུ་འགྱུར་བ་དང་བསྟུན་དྭངས་གཙང་གི་མཁའ་དབུགས་དེའང་རིམ་གྱི་སྤགས་བྱུང་བས།“ཨ་ཁུ་”དེ་དང་“རྒྱ་མོ”དེ་གཉིས་ཀྱང་དེ་ལ་གཡོལ་ཆེད་ལོས་ཡིན།མི་ཚོགས་ཀྱི་སྐྱབས་འཇུག་དག་ཀྱང་རེ་རེ་བཞིན་ཉན་མ་ཐུབ་པར་ཅི་མགྱོགས་གང་མགྱོགས་ཀྱིས་གཟན་སྣེ་ཡི་སྣ་སྒོ་བཀབ་སྟེ་མཐའ་ལ་བུད་ཐབས་བྱེད་ཀྱིན་འདུག སྐབས་ཤིག་ཁོའི་མིག་གི་ལྟ་ཕྱོགས་ཤིག་གིས་ངའི་གླེན་རྟགས་ཚ་བོའི་འདུག་སྟངས་དེ་མཐོང་སོང་བས།ཁོ་ཡང་སྔར་གྱི་རྒན་པོ་དེ་ཚོ་དང་འདྲ་བར་༼ཨེ་་་་་་གླེན་པ་དེ་རིང་ཉི་མ་འདི་འདྲ་དྲོ་བས།དེ་ལྟར་བསྡད་ནས་ཅི་བྱེད།ཁྱོད་ཉི་མར་ལྡེ་རུ་ཡོང་བ་མིན་ནམ།ཧིན་་་ཧིན་་་གླེན་པ་འདི་ཨང་།༽ཟེར་བ་ནང་བཞིན་སྡང་མིག་ཅིག་བགྲད་བྱུང་།གློ་བུར་བའི་སྡང་མིག་དེས་ང་ལ་གར་འོང་མི་ཤེས་བའི་འཚེར་སྣང་ཞིག་སྐྱེ་རུ་བཅུག་པར་མ་ཟད།གམ་གྱི་མི་ཚོགས་དེས་ཀྱང་མ་གྲོས་གཅིག་མཐུན་གྱིས་ང་ལ་ཅེར་འདུག་པས།ང་རང་འཚབ་འཚུབ་ངང་ཁོ་ཚོའི་ནང་དུ་མི་འཚང་ག་མེད་བྱུང་།
    ཡུད་ཙམ་འགོར་རྗེས།ཧ་ཅང་རྒྱུས་ཡོད་རྒྱུས་ཡོད་འདྲ་བའི་“ཨ་ཁུ”དེས་གཟན་སྣེ་ཡི་སྣ་སྒོ་བཀབ་ནས།ཡང་བསྐྱར་མི་ཚོགས་ཀྱི་འཚང་ཁ་དེ་བརྒལ་ནས།རླངས་འཁོར་གྱི་ཕྱོགས་སུ་བསྐྱོད་ཀྱིན་འདུག ངའི་མགོ་བོ་སྨད་ནས་ཁོ་རང་སུ་ཡིན་ལ་བསམ་གཞིག་ཡིད་ཙམ་བྱས་རྗེས།“ ཨོ་རེད།ཁོ་རེད།”ངའི་སེམས་སུ་གློ་བུར་དུ་ཁོ་རང་སུ་ཡིན་པ་ཚོར་ཞིང་།སྙིང་ལ་ཁབ་གཙགས་བྱས་པ་བཞིན་ཙག་ཤད་ཅིག་བརྒྱབ་པ་དང་མཉམ་དུ་“ཁོ་ཚོའི་གློ་བུར་བའི་དད་པ་གློ་བུར་བའི་ཡིད་སྨོན”དེ་དག་དང་རིགས་འདྲ་བའི་གློ་བུར་བའི་ཁོང་ཁྲོ་ཞིག་གི་དེད་དེ་མི་ཚོགས་དེས་གསེབ་ཏུ་ཤི་འཚང་རོ་འཚང་བྱས་ནས་མཐར་བུད་ལ་ཁད་དུ་ཡོད་ཙ་ན།རླངས་འཁོར་དེ་སྔ་མོ་ནས་ང་ཚོ་དང་མིག་རྒྱང་གང་གི་མཚམས་སུ་རྡུལ་འཚུབ་ཉིལ་ལེར་ཆས་ཟིན་པས།ངའི་རང་སེམས་ཀྱི་ཁོང་ཁྲོའི་མེ་ལྕེ་དེ་གསོད་མ་ནུས་བར་ཀི་རིང་ཞིག་དང་མཉམ་དུ་༼ཨ་སྐྱག་ཟན།སྤྲུལ་རྫུན།༽ཞེས་དབང་མེད་དུ་ཁ་ནས་ཤོར་བ་དང་སྤྲགས།ངའི་འགྲམ་ཤའི་ངོས་སུ་རྡོ་དང་འདྲ་བའི་སྲ་འཁྲེགས་ཀྱི་དངོས་པོ་ཞིག་གིས་གཟེར་ལྷོག་གེར་བཏང་བྱུང་།ཅི་ཡིན་འདི་ཡིན་མེད་པའི་དངོས་པོ་སྲ་འཁྲེགས་དེས་ང་རང་ས་རུ་དགྱེལ་དུ་བཅུག་ཀྱང་།མགོ་བོ་དགྱེས་ཏེ་འགྲམ་པ་སྐྱོར་ནས་བལྟས་པ་ན།ད་གཟོད་མི་ཚོགས་ཀྱི་འུར་ཟིང་དང་ཛ་དྲག་སྔར་ལས་ཆེ་རུ་འགྱུར་བ་རྟོགས་ལ།གམ་གྱི་རྒན་པོ་བགྲེས་སོང་རེས་ཤེད་ཀྱིས་འགོག་གིན་པའི་གསར་བུ་དེ་དག་གཅིག་ལས་གཅིག་བཙན་ཞིང་།ངའི་གདོང་ལ་སྡིགས་མཛུབ་སྟོན་གྱིན་“བསྟན་དགྲ”དང་“ལྟ་ལོག”གི་མཚོན་པའི་ནང་སེམས་ལ་འཇབ་རྒོད་བྱེད་སྤྱད་ཀྱི་མདོང་མཚོན་དག་ཅིག་ཅར་ང་ལ་འཕང་འོང་ཞིང་།རེ་ཞིག་གི་མཚམས་ན་ད་གཟོད་རྒན་པོ་“བསམ་ཤེས”དག་གི་ཁྲོད་ནས་རྒན་པོ་ཞིག་གིས་མགྲིན་པ་གསལ་ཙམ་བྱས་ནས༼ཡ་ཆོག་གི་ཆོག་གི  ད་ཆོག་གི ཧོལ་རྒྱུགས་མ་བྱེད།ཧོལ་རྒྱུགས་མ་བྱེད།ད་དུས་ངན་སྙིགས་མའི་དུས་སུ་འདི་འདྲའི་མ་རུང་བ་ཡོད་ནི་རེད།ད་ཅི་བྱེད།ཨོཾ་མ་ཎི་པདྨེ་ཧཱུྃ།༽ཞེས་བཟློ་བཞིན་མགོ་བོ་དགྱེ་ཙམ་བྱས་ཤིང་ལག་པ་རྒྱབ་ལག་བཅས་ནས།སྒམ་གཟུགས་དོད་པོས་སུ་ལའང་མི་ལྟ་བར་ཐད་ཀར་ནུབ་ཕྱོགས་ཀྱི་གནམ་མཐའི་མཚམས་སུ་རྒྱུ་བའི་སྤྲིན་པ་ལེབ་མོ་དག་ལ་ཅེར་བྱུང་།ཡིད་ཙམ་འགོར་རྗེས་རྔམ་པ་ཞིག་འཐེན་དེ་ཁ་ཕྱིར་འཁོར་ནས་མི་ཚོགས་ལ་ཅེར་ཙམ་བྱས་རྗེས།དམག་ཇུས་ལ་མཁས་བའི་དམག་དཔོན་ཆེན་པོ་ཞིག་དང་འདྲ་བར་སྒམ་གཟུགས་ཆེན་པོའི་བཀོད་འདོམ་བྱས་བྱུང་།༼ཡ་་་་་་ད་ཚང་མས་གཅོར་ཅིག ཡིན་ནའང་མགོ་རྐང་ལག་ལ་གནོད་པ་ཞིག་མ་བྱེད།༽ཞེས་ཚིག་ཐག་ཆོད་པོས་ལབ་ནས་ཕྱིར་བལྟས་ཙམ་ཡང་མེད་པར་ལག་གི་ཕྲེང་བ་དེ་ཤེད་ཀྱིས་འདྲེན་བཞིན་བུད་སོང་།ཁོ་སོང་མ་ཐག་ཏུ་༼སོད་སོད།རྒྱོབ་རྒྱོབ༽ཀྱི་སྒྲ་དང་ཚ་བུར་བུར་དང་གཟེར་ལྷོག་ལྷོག་ཏུ་རྡུལ་འཚུབ་ཉུལ་ལེར་ཡར་དྲུད་མར་དྲུད་རྒྱག་གིན་པའི་ངའི་སྣ་ལམ་དུ་ཁྲག་དྲིའམ་གཞོབ་དྲི་འདྲེས་མ་ཞིག་ཀྱང་ངང་གིས་ཐུལ་འོང་།སྐབས་དེར་ངའི་ཚོར་བྱུང་།ངའི་རྒྱ་ཡན་དུ་ཤོར་བའི་སེམས་པ་དེ་བདེན་དོན་དང་འཚོལ་སྙེག་གི་ཁེངས་བའི་འཇིག་རྟེན་དེ་ལས་ཆས་ཏེ།གཏུམ་དྲག་དང་གཏུག་རྩུབ་ཀྱི་མེ་སྟག་ཚ་འུར་འུར་དུ་མཆེད་པའི་འཇིག་རྟེན་གཞན་པ་ཞིག་ཏུ་སླེབས་ཡོད་པ་ཚོར་བྱུང་བས།ངས་ཁོ་ཚོར་ཞུ་བའམ་རང་ཉིད་ལ་དཀར་འདོན་ཞིག་བྱེད་ཆེད་འཚབ་འཚུབ་ངང་མཐེ་བོང་བགྲེང་བཞིན༼ཨ་ཁུ་ལེ་ལེ།ང་ལ་མ་གཅར།ངའི་ནོར་སོང་བ་རེད།ངའི་རང་གི་འཇིག་རྟེན་དང་གོ་ནོར་བྱུང་བ་རེད༽
  དངངས་འདར་རྒྱག་གིན་པའི་སྐད་ཆ་དེས་སྡེ་བ་ཆུང་ཆུང་དེའམ་ངའི་ཉེ་འཁོར་གྱི་འཇིག་རྟེན་ཆུང་ཆུང་དེ་ཧབ་ཆ་དི་རེར་བཏང་ཞིང་།རེ་ཞིག་གི་མཚམས་ན་གསར་བུ་རང་སྣང་ཅན་ཞིག་གི༼ཨེ་་་་་་སྡེ་མི་ཚོ།གསར་བུ་འདིའི་ཚུགས་ཀར་ལྟོས་དང་།སྙིང་མི་རྗེའམ་ངུས་དང་ཐལ།ཧ་་་་་་ཧ་་་་་་༽ཞེས་དགོད་ཙམ་བྱས་རྗེས།༼ཡ་ཆོག་གི་ད་“དད་ལོག་”བྱས་ན་ཆད་པ་ཅི་ཞིག་བབས་པ་ཤེས་སོང་ངམ།༽ཞེས་དང་།ཡང་༼ད་དེ་རིང་དེ་འདྲ་ཞིག་གི་ཆོག་ནི་བྱེད།ཡིན་ནའང་ང་ཚོའི་སྔུན་ནས་ཕྱག་གསུམ་མ་འཚལ་ན་མི་མངགས།ཆོག་གམ་སྡེ་མི་ཚོ།ཁྱོད་ཚོ་འཐད་པ་ཨེ་ཡིན།༽༼ཡིན་་་་་་འཐད་པ་ཡིན༽(འགའ་ཤས་ཀྱིས་ལྐོག་ཏུ་ད་དུང་གཅར་ན་འགྲིག་ཚུལ་ཡང་ལབ་ཀྱིན་འདུག)
    ངས་རང་གི་ཚེ་སྲོག་དེ་སྲུང་ཕྱིར།ཁོ་ཚོའི་བཙན་འཁྲུལ་དེ་དག་མི་འདོད་བཞིན་དུ་དང་ལེན་བྱེད་དགོས་བྱུང་སོང་།ཡིན་ནའང་ཕྱག་འཚལ་རྒྱུ་དེ་ནི་ཅི་འདྲའི་དཀའང།སྤྱིར་ཕྱག་འཚལ་བ་དེ་ནི་ལུས་ཀྱི་ངལ་རྩོལ་ཙམ་རེད་ལ།ངལ་རྩོལ་དེའང་ངལ་རྩོལ་ཀུན་ལས་སླ་བའི་ངལ་རྩོལ་ཞིག་རེད་འདུག ཡིན་ནའང་དེས་གསེབ་ཏུ་ཡོད་པའི་རྩིས་ཐང་དེ་བློས་གཏོང་བྱེད་རྒྱུ་དེ་ནི་ངལ་རྩོལ་ཀུན་ལས་དཀའ་བའི་ངལ་རྩོལ་ཞིག་རེད་ཨང་།
    ང་རང་གང་ཞིག་བློས་གཏོང་བྱེད་མི་འདོད་པའི་ཕངས་སེམས་དེས་དམ་དུ་འཁྱུད་ཀྱང་།ངའི་ཁོ་ཚོར་ཐེངས་གཉིས་པའི་ཞུ་བ་དེ་བྱེད་མ་འདོད་པར།ངས་རང་གི་འཇིག་རྟེན་དེ་དྲན་གསོ་དང་དེ་ལ་སྐྱབས་བཅོལ་བྱས།ངའི་ཁེར་རྐྱང་གི་འཇིག་རྟེན་དང་ཁེར་རྐྱང་གི་འཚོ་གནས་དག་གསལ་ལྷང་ངེར་དྲན་པའི་སྡེབ་ངོས་སུ་ཝ་ལེར་བྲིས་བ་ན།ད་གཟོད་ངའི་མིག་མདུན་གྱི་དམུ་རྒོད་ཀྱི་མི་ཚོགས་དང་དམུ་རྒོད་ཀྱི་འཇིག་རྟེན་དག་རབ་རུབ་ནས་མག་མོག་ཏུ་འགྱུར་ཞིང་།མཐར་སྐྱ་གདོག་ཅིག་ཏུ་བསྡུས་ནས་རིམ་གྱིས་མུན་པ་ཡི་ཕུང་ཁམས་ཤིག་ཏུ་གྲུབ་སྟེ་མི་སྣང་བར་གྱུར་སོང་།
 
                                                            ༢༠༡༢ལོའི་ཟླ༡༢བའི་ཚེས༡༨ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་གཏུམ་དྲག་གི་འཇིག་རྟེན།

2013-05-06 ཨ་མགོན་པོ་བསྟན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།