སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་།༡

ལམ་ལ་ཆས་པ།

སྟ་གོན་ལྟ་བུའི་སྐྱ་མདའ་དེ་ཞོགས་པའི་ཕྲག་གོང་ནས་བུད་དུས

དབུས་པ་ཚོ་ལམ་ལ་ཆས་བྱུང

ཚེ་སྲོག་ལས་ཀྱང་ཚ་དྲོད་རྒྱས་པའི་ལྷ་བསང་གི་མེ་ལྕེ

ཧ་ཅང་ཐག་རིང་གི   སེམས་པའི་གསེབ་ཀྱི་ཉི་མ་ལྷ་ས

སྐད་ཅིག་ལའང་འབོར་མ་མྱོང་བའི་ཁྱིམ་ཚང་རེ་རེའི་སྒོ་མདུན་ན་འབར

སྐབས་འདིར  སུས་ཀྱང་རང་ཉིད་འཚོལ་བ་ལྟ་བུའི

སྤོབས་པ་རེ་ཕྲག་ལ་ཁུར་གྱིན

མ་ཡུམ་གྱི་བརྩེ་བ་ལྟ་བུའི་སེམས་ཁོང་ལ་ཉི་མ་ལྷ་ས་རེ་བཟུང་ཡོད

ལྷ་སའི་རྨང་གཞི་མཚོ་སྟེང་ནས་བཞེངས་པ་ལས་ཀྱང

དཀའ་ངལ་དང་རྔུལ་ཆུ་གཙང་མ་ཁུར་བའི་དབུས་པ་ཚོ

ཤར་གྱིས་བཞུད་ས་ནི

གནའ་བོའི་ཇག་ལམ་མམ  ཇ་ལམ་གང་རུང་ཞིག་ཡིན་ངེས

ཉི་མ་ནི་མིག་ཆུ་བཞུར་མ་མྱོང་བའི

སྐྱེས་ཆེན་ཞིག་མིག་འབྲས་བཞིན་བར་སྣང་གི་མཐོ་ཚད་ན

ད་ལྟ  སྙིང་ཉེ་བའི་དབུས་པ་ཚོས

རྡོ་བའི་དཀྱིལ་དྲུང་བཤིག་མ་མྱོང་བའི་ཉི་མ་ལྷ་ས

བྲང་ཁ་རུ་མཆོད་མེ་ལྟར་བསྒྲོན་ནས

རིན་པོ་ཆེའི་གཏེར་ཁ་ཞིག་ལས་ཀྱང་རྩ་ཆེན་དུ་བཟུང་ནས

གོམ་པ་གང་རེ་གང་རེས་བསྙེག་གིན་ཡོད

གངས་དང་ཆར་བ་ཕྱོགས་བཞིར་གྱེས་པའི

ལྷ་སྒྲུང་གི་མགོ་ཁུངས་ལྟ་བུའི་གཙང་བོའི་ལྡོག་ཕྱོགས་སུ

གོམ་པ་གང་རེ་གང་རེས་བསྙེག་གིན་ཡོད

སྐབས་འདིར  སུ་ཡི་སེམས་ནའང

ཉི་མ་ལྷ་སའི་བདེན་པ་དང་གསེར་ནག་གི་ས་བོན་སྦས་ཡོད

སྐབས་འདིར   སུ་ལའང་ཐང་ཆད་པའི་ངལ་བ་མེད་པར

རང་ཉིད་ནི་སྔ་མོར་སྒྲོན་པའི་བསང་མེ་ལས་ཀྱང

སྤོབས་པ་དང་ཡིད་ཆེས་དྲག་པོས་འབར་གྱིན་ཡོད

ཕ་ཡུལ་ནི་འཐབ་ར་རྙིང་བ་ལྟར་དོར་ཟིན་པའི

དབུས་པ་ཚོར   བལྟས་ཚོད་ལ་ཅི་ཡང་མེད་མོད

ལོ་ངོ་ཁྲི་སྟོང་གི་ཆར་བས་བཀྲུས་ཟིན་པ་ལྟ་བུའི་སེམས་ཁམས་ནི

ལྷ་ས་གཞོན་དུས་ཀྱི་དམག་དོན་དང་ཆབ་སྲིད་ལས་ཀྱང

ཕྱོགས་ཀྱི་དགྲ་བཞིས་གནོན་དཀའ་བ་ཞིག་ཅི་མ་མིན་ཨང

ཁོ་ཚོར་མཚོན་ན  ལྷ་ས་ཐག་ཉེ་དྲག་ནས

སེམས་པའི་ཚ་དྲོད་ཀྱིས་སྦར་གྱིན་ཡོད་ལ

ཡང   ཁོ་ཚོར་མཚོན་ན

མི་ཚེའི་སྙིང་བོ་དང   མཛེས་སྡུག་གི་མཚོན་བྱེད་ནི

བཙལ་ན་མི་རྙེད་པའི་ཐག་རིང་གི་ཉི་མ་ལྷ་ས་རེད

དུས་ཀྱི་འཇིག་པ་དང

འཆི་བའི་ཤྭ་འོད་ཀྱིས་ཀྱང་བསྣུབ་མི་ཐུབ་པའི

ནམ་མཁའི་མེ་ལྕེ་སྔོན་པོ་ལྟར་འབར་གྱིན་པའི་ཉི་མ་ལྷ་ས་ཡ

སྙིང་ཉེ་བའི་བུ་ཆུང་འཚོལ་བ་ལྟར་གྱི་གོམ་ཁ་ཞིག

ཡིད་དུ་འོངས་པའི་མཛའ་མོར་འཁྱུད་པ་ལྟ་བུའི་སྤྲོ་བ་ཞིག

དབུས་པ་རེ་རེའི་ཕྱི་ནང་ན་མེ་ལྟར་འབར་གྱིན་ཡོད

                                        -སྔོན་འགྲོའི་གཏམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་།༡

2010-03-07 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།