རེབ་གོང་གི་དཔྱིད་ཀ

                            ༡

དཔྱིད་ཀ་དལ་གྱིས་སླེབས་ནའང

དཔྱིད་རླུང་འདི་ལྟར་བྲེལ་འཚུབ་ཀྱིས་གཡུགས་ཏེ

རེབ་གོང་གི      སྣོད་བཅུད་ཀྱི་ངོ་གདོང་ཡོད་ཚད་རྡུལ་གྱིས་གཡོགས་སོང

འབྲུག་ཆུང་ཡ

ཁྱོད་ད་དུང་གཏི་མུག་གི་འདམ་དུ་གནས་སམ

སྦྲང་ཆར་ཨང     ཁྱོད་ཀྱང་སུ་ཞིག་གི་སྤར་མཐིལ་ན་ལུས་ཡོད

རེབ་གོང་གི་རི་བོ    རེབ་གོང་གི་ཆུ

རེབ་གོང་གི་ནགས་དང་ས་ཞིང་ཡོད་ཚད་ཀྱང

ཇི་འདྲའི་སྐྱང་ཐང་ཐང་ཞིག་རེད

རླུང      གཡུགས་ཤིག

ཧ་ཅང་གི་དུད་སྤྲིན་ཁུར་བའི་སྟོབས་ཀྱིས་གཡུགས་ཤིག

དགུན་གཞུང་གི་འཁྱག་གྲང་དང

ཟོལ་བཅོས་ཀྱི་སྔོ་ལྗང

སྤྱང་ལྟོགས་ཀྱི་ངར་སྐད་རྣམས་ཀྱང   རྒྱང་རིང

རྒྱང་རིང་རྒྱང་རིང་གི་མཐའ་རུ་ཁུར་ཅིག

                    ༢

འདུ་ཁང་གི་དུང་སྒྲ་འདིས

དྲོད་འཇམ་ལ་ཕྱག་ཟུང་བརྐྱངས་ནས་ཡུན་རིང་འགོར་ནའང

ནེ་ཙོ་དག་གི་སྨྲ་བརྗོད་ཀྱིས་རེ་བཞག་གི་དྭངས་གཙང་བརླག་སོང

རླུང་རྟའི་ཚོགས་ཀྱང     དཀྱེལ་ཆེ་ཀློང་ཡངས་ཀྱི་ནམ་མཁའི་ཁྱོན་ནས

སྦྲང་ཆར་ཡ     ལ་ཐང་མེད་པར་བོབས་ཤིག

ནག་ནོག་གི     ཧྲལ་ཧྲུལ་གྱི

རེབ་གོང་གི་ཕྱི་ནང་གཙང་མར་ཁྲུས་ཤིག

མེ་ཏོག་དང་ཞི་འཇགས

དྭངས་བསིལ་གྱི་ཆབ་དང་ཆུ་བོ་རྒྱས་པར་མཛོད་ཅིག

ས་སྒང་གི་སྤྱི་གཙུག་ནས

གོམ་ཤུགས་ཀྱིས་སོང་སོང་བའི་རེབ་གོང་གི་འགྲོ་བ་དག

འདི་ལྟར    ས་རྡུལ་རིམ་པ་གཅིག་གི་ཀློང་ན

ཁ་རོག་གེར     ཐོ་ཡོར་བཞིན་འགྲེང་ཡོད

ཨ      འཆར་གཞི་དང་རེ་སྟོང་གི་རྡུལ་རིམ་འདིའི་གསེབ་ན

ཆགས་སྲེད་ཀྱིས་གཡོ་བའི་ཤོག་བྱ་དུ་ཙམ་ཡོད་ཨང

                        ༣

ད་ལོའི་དཔྱིད་ཀ་ནི་རླུང་རྐྱང་རྐྱང་གི་དཔྱིད་ཀ་རེད

ད་ལོའི་དཔྱིད་རླུང་ནི་རྡུལ་རྐྱང་རྐྱང་གི་དཔྱིད་རླུང་རེད

ཁྲ་ལམ་ལམ་འཁུར་བའི་ཆུ་ཤོག་གི་ཁྱུ

ས་ཆེན་གྱི་སྟེང་འོག་མྱུལ་བའི་ནད་འབུ་རེད

ཁངས་དང་ཆར་རྒྱུན་གྱི་ཐིགས་པ་དེ་དག་ཀྱང་

སྙིང་རྗེ་མེད་པའི་སྐུ་དྲག་གི་གསེར་དངུལ་འདྲ

རེབ་གོང་གི་རླུང    རེབ་གོང་གི་རྡུལ

གཡུག་གིན་གཡུག་གིན

འཐིབ་ཀྱིན་འཐིབ་ཀྱིན

མིག་གི་མཐོང་ལམ་དུ་འཚུབ་ཅིང

སེམས་པའི་གཏིང་རིམ་དུ་བབས་སོང

                       ༤

དོན་དངོས་སུ   དཔྱིད་ཀ་ནི་མེ་ཏོག་གི་གྲོང་ཚོ་ཡིན་འོས

དོན་དངོས་སུ        དཔྱིད་ཀ་ནི་ཨ་མའི་སྙན་འཇེབས་ཀྱི་གླུ་སྒྲ་ཡིན་འོས

སྦྲང་ཆར་གྱི་ཐིགས་པ་དེ་དག་ཀྱང

སྟོན་པའི་ལྷུང་བཟེད་ནང་གི

རིགས་དྲུག་དབྱེར་མེད་པའི་གསོལ་ཇ་ཡིན་འོས

                      ༥

རེབ་གོང     ཁྱི་ཚོགས་ཀྱི་ཚང་མལ་ཞིག་གམ

རལ་གོག་གི་གནའ་བོའི་སྡོང་རྒན་ཞིག་རེད

དཔྱིད་ཀ      བསླུ་བྲིད་ཀྱི་གཏམ་རྒྱུད་ཅིག་གམ

ས་སྨྱུག་གི་འཇབ་རྒོལ་ཞིག་རེད

ཞོགས་པ་ནས་ཉིན་གུང

ས་སྲོད་ནས་མཚན་གཞུང་གང་དུའང

ས་རྡུལ་ཁོ་ན་འབབ་ཅིང

རྣར་གཟན་པའི་འུར་སྒྲ་ཁོ་ན་ལྷང་ལྷང་གྲགས

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་གི་དཔྱིད་ཀ

2010-06-25 ཁྱུང་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།