ལྷ་ས ལྷ་ས ལྷ་ས།

ཉི་འོད་ཀྱི་ལྷ་ས       རྡོ་ཡི་ལྷ་ས
ལྷ་ཡི་ལྷ་ས         ཁྱི་ཡི་ལྷ་ས
མིའི་རིགས་ཀྱི་ལྷ་ས    ངའི་ལྷ་ས
                     ———ཉིན་ཐོ་ལས་བཤུས།
སེམས་མཇལ།
མཚན་མོ་འདིར     ངའི་མཁའ་དབྱིངས་སུ་ཟླ་བ་མེད་ལ་སྐར་མ་ཡང་མེད
རླུང་ཁོ་ན་དལ་བུར་ལྡང་འོང་སྟེ་ངའི་ལྗོན་པ་རེ་པེ་ཤིགཤིག་བསྒུལ་ཞིང
བྱེའུ་ཆུང་དེ་ངའི་སྙིང་གི་འཕར་ལྡིང་ཇི་བཞིན་མཁའ་དབྱིངས་སུ་སྤུར་དུས
ཉི་འོད་ཁྲོད་ཞི་འཇམ་གྱིས་འཁྱིལ་བའི་ལྷ་སའི་ཡུལ་ལྗོངས་ཧྲིལ་བོ
ངའི་མལ་ཁྲིའི་མདུན་གྱི་རྩིག་ངོས་སུ་ཚོན་མདོག་གིས་ག་ལེར་ཤར་བྱུང

ཐོག་མར་པོ་ཏཱ་ལ་བརྗིད་ཉམས་ཀྱིས་མངོན་ཡོང་སྟེ་སྒོ་ཆེན་རེ་རེ་ཕྱེ་ཞིང
བཙན་པོ་ཚོས་བཙུན་མོ་ཚོ་ཁྲིད་ཅིང་གདུགས་དང་རྒྱལ་མཚན་ཐོགས་ཏེ
ཧ་ཅང་སྒམ་པོའི་ངང་གྲྭ་བཙུན་རྣམས་ལ་ཁ་བཏགས་འབུལ་བཞིན
གླིང་གའི་ཕྱོགས་སུ་གོམ་ཁ་བསྒྱུར     ལམ་བར་དུ་ཉི་འོད་ཧ་ཅང་དྲོ་བས
རྡོ་བ་དག་ལས་གསེར་གྱི་ཁུ་བ་འཛགས་ཤིང    མར་ཁུ་ལྟར་འཁྱིལ་ནས
སྐུ་འཁོར་རེ་རེའི་ལྷམ་མཐིལ་ལ་འགོས་པ་བསོད་ནམས་སུ་རློམ་ཆོག

བར་སྐོར་དུ     འབྲི་མར་དང་སྣམ་བུ་བཙོང་མཁན་ཚོའི་འུར་ཟིང་ཁྲོད་ན
ཨ་མ་བགྲེས་མོ་དེས་མ་ཎི་སྐོར་བཞིན་བྲེལ་སྟབས་ཀྱིས་བགྲོད་ལ
སྐྲ་དཀར་གྱི་ཉག་མ་རེ་རེ་དང་ངོ་གདོང་གི་གཉེར་རིས་རེ་རེའི་ཁྲོད
ཤི་གསོན་ཡོད་ཚད་ཀྱི་དགའ་སྐྱོ་ཆགས་སྡང་གི་ལསདབང་འཁོད་འདུག
སྤྲང་བོ་རྣམས    ཕྱོགས་བཞི་ནས་སོས་དལ་བག་ཕེབས་ངང་འདུས་ཏེ
ལོ་ལེགས་ཀྱི་ཚལ་ཏུ་ཉལ་བའི་ཕག་པ་ཚོའི་ཤ་ཚིལ་ལ་དངན་པ་རེ་འཐེན་ནས
གནས་མལ་གྱི་སྐོར་ལ་བསམ་བློ་མི་གཏོང་བར     ཧ་ཅང་བྱང་ཆ་ཡོད་པོའི་ངང
ཇོ་ཁང་གི་མདུན་དུ་གུས་ཕྱག་རེ་འཚལ་རྗེས     འབྲི་མར་རྡོག་པོ་རེ་བླངས་ནས
མཆོད་ཀོང་རེ་རེར་འཕངས་ཤིང   སེམས་ཅན་གྱི་དོན་དུ་གསོལ་བ་དྲག་ཏུ་འདེབས

འདི་དག་ཡོད་ཚད    ཐོག་མ་ནས་ལྷུན་གྱིས་གྲུབ་པའི་འདི་དག་ཡོད་ཚད
ལྷ་དང་ལྷ་མོའི་ཚོགས་ཀྱི་འོད་ཁྱིམ་དབུས་ན    ཀུ་ཅོ་དང་འཁང་ར་མེད་པར
འཛད་མི་སྲིད་པའི་ཉི་འོད་ཀྱི་ཞི་བདེ་ལ་རོལ་འདུག       ང་ཐོན་པའི་བར་དུ

དབུས་ལམ་རིང་མོ།
ལམ་ལ་ཆས་དུས     ངས་རང་ཁྱིམ་དུ་ལོག་འདྲའི་གད་སྤྲོ་ཁྱེར་ཡོད

ལྷ་སའི་བར་དུ  ང་སེམས་ཀྱིས     ག་ལེར་སེང་བས
ངས་ཡུན་རིང་མ་རྟོགས་པའི་ན་ཟུག་ཡོད་ཚད
དུས་གཅིག་ལ     ལྷོག་ལྷོག་ཏུ      རྨང་ནས་མྱང་དགོས་བྱུང
ཡིན་ན་ཡང     ངས་མ་ཡུན་གྱི་སྐྱབས་བཅོལ་ཁྱེར་ཡོད་པས
ལམ་བར་གྱི་ཆག་འཇིགས་དང་ཉེན་ཁར་སྐྲག་དགོས་མེད

ལམ    ལྷ་སའི་བར་དུ་དཀའ་ཚེགས་ཀྱིས་བསྲིངས་ཡོད
རི་ཀླུང་རེ་རེ་དང་ཐང་ཆེན་རེ་རེའི་ཉམས་དམས་ཁྲོད་ན
རི་དྭགས་དངངས་ཤས་འབྲོ་བའི་ཕྱི་མིག་རྣོན་པོས
ང་ལ་ལག་དམར་ཁྲི་སྟོང་གི་ཤ་འཁོན་འཁེལ་དུས
ངས་རང་ཉིད་ཀྱི་གློ་སྙིང་མཆིན་གསུམ་གཅལ་དུ་བཀྲམས་ནས
ཉེ་མེད་གནོད་བྲལ་གྱི་བདེན་དཔང་ཅི་དགར་བཏོན་ཡང
ཡིན་རྟོན་དང་གུ་ཡངས་མེད་པའི་སྣ་སྦྲིད་རེ་རེས
ང        མིའི་རིགས་ཀྱིས་ཡུན་རིང་ལ་བསགས་པའི
སྡིག་ཉེས་ཁྲི་སྟོང་གི་གསོད་རར་ཤུགས་ཀྱིས་ཁྲིད་སོང
དབྱར་ཟླ་དྲུག་པ    རྩྭ་ལྗང་དང་ནས་ཞིང་གི་དུས་ཚིགས་བཟང་པོ
ཡིན་ན་ཡང     ཁ་བ་རྦད་ཀྱིས་འབབ་པའི་འབྲོག་ཐང་གི་གྲུ་ཟུར་རེ་ན
ཨམ་གཙིགས་ཀྱིས་སྡོད་པའི་སྦྲ་ནག་དག་གི་དུད་ཞགས་གཉོམ་པོ
སྤྱང་མོའི་ཟུག་སྐད་བཞིན་གངས་སྨུ་ཁྲོད་ཐིམ་འདུག་ལ
གསེར་རྐོ་བ་ཚོས་འཇོར་དང་རྔམ་པ་ཤུགས་ཀྱིས་འཕྱར་གྱིན
སྤང་ལྗོངས་ཀྱི་ལྟོ་བ་ལྷག་མེད་དུ     ཡེ་ནས་བརྟོལ་གྱིན་འདུག

བཅིངས་འགྲོལ་དམག་དང་མཇལ་བ་ཤར་ཤར་དུ་བགྲོད་པའི
ཡུན་རིང་གི་དབུས་ལམ་རིང་མོ་ཡ     ད་ལྟ    ངས་ཁྱོད་ཀྱི
དུས་གསུམ་གྱི་ཆགས་སྡང་ཁྲོད་ནས་ངལ་གསོ་ཕྲན་ཙམ་བྱེད་དགོས
                           དངོས་མཇལ།
རྒྱང་རིང་ནས   ཐོག་མར་མཐོང་བ་ནི་པོ་ཏཱ་ལ་རེད
ཉི་ཟེར་གྱིས་བསྐྱེད་པའི་རྒྱ་ཕིབས་དང་གསེར་ཏོག་གི་འོད་སྣང་རྣོན་པོས
ངའི་མིག་དབང་རྦད་དེ་ཉམས་པར་བྱས་སོང    དུས་འདིར
གྲོང་ཁྱེར་འདིའི་དབེན་འཇགས་དཀྲུགས་པའི་རླངས་འཁོར་གྱི་དུང་སྒྲས
ང་ལ་དམིགས་པ་མེད་པར་ཉེན་བརྡ་གཏོང་གིན་འདུག་ལ
རྣོ་ལྕགས་དང་ཨར་འདམ་ལས་གྲུབ་པའི་རྩིག་ངོས་དེ་ཚོས
ངའི་རྣ་བ་ལའང་ཚོར་སྣང་བྲལ་བར་བྱེད    ཡིན་ན་ཡང
ང་ལ་ད་དུང་སེམས་པ་ལྷག་ཡོད་པས      མཇལ་སྐོར་དུ་ཅི་དགར་ཕྱིན་ཆོག

བར་སྐོར་གྱི་ལམ་དུ   གནས་མཇལ་བ་ཚོས་བྱིནརླབས་སློང་ཞིང
སྤྲང་པོའི་ཚོགས་ཀྱིས་དངུལ་ཞོ་དང་ཁ་ཟས་སློང་བཞིན
འཚང་ཁ་ཤིག་ཤིག་གིས   ཉི་འོད་ཀྱི་ཚ་དྲོད་འོག
གཙུག་ལག་ཁང་གི་དུང་སྐད་ལ་རྣ་བ་ཁོ་ན་བླག་འདུག་ལ
ཇོ་ཤཱཀྱ་རྣམ་གཉིས   དད་འདུན་ཁྲི་སྟོང་གི་མཆོད་སྤྲིན་ཁྲོད
ཞི་དུལ་བག་ཡངས་ཀྱིས་བསྡད་དེ   མར་མེ་གྲངས་མེད་ཀྱི
འོད་ཟེར་འཐུང་བཞིན   གཟི་བརྗིད་དང་ང་རྒྱལ་ལྷང་ངེར
རང་སོ་སོའི་ཕ་ཡུལ་གྱི་དར་རྒྱས་གླེང་བཞིན་པ་ཐོས

ཆང་ཁང་དང་ཇ་ཁང་རེ་རེའི་སྒེའུ་ཁུང་དག་ལས
གླུ་གཞས་སྣ་ཚོགས་ཐོལ་གྱིས་འཕུར་ཏེ    ཧ་ཅང་བག་ལྷོད་ངང
ལྷ་སའི་མཁའ་དབྱིངས་ཧྲིལ་བོར་ལྡིང་སྐོར་རེ་བརྒྱབ་རྗེས
ཕྱིར་རང་གནས་སུ་འཛུལ་ཏེ     གུས་ཉམས་ཆེན་པོས
མགྲོན་པོ་རེའི་ལོག་ཕེབས་ལ་ཧར་གྱིས་སྒུག་འདུག

ང་དང་ཁ་གཏད་དུ་ཁོ་ཧྥེ་འཐུང་བཞིན་པའི་གཞོན་ནུ་མ་དེས
པེ་ཅེན་དུ་སྡོད་པའི་མཛའ་བོར་ཁ་པར་གཏོང་གིན་འདུག་ལ
ཁོ་མོ་ནི     དུས་གང་རུང་ཞིག་ན     གནས་གང་རུང་ཞིག་ཏུ
ཕ་སྐད་ཀྱི་གསང་རྒྱ་འབོར་མཁན་དེ་མིན་པའི་ངེས་པ་མེད་ལ་འདྲ
པོ་ཏཱ་ལ།
མལ་སྟན་འདི་སུ་ཞིག་གིས་ང་ལ་བཟོས་པའི་ཚེར་མའི་ནགས་ཚལ་ཡིན
ཡལ་ག་དག་ལས    མདོག་ལེགས་པའི     དྲི་བསུང་གིས་བྲན་པའི
མེ་ཏོག་གི་གཡེམ་འཛུམ་ཅི་དགར་གྲོལ་ན་ཡང
ངའི་གཉིད་ཀྱི་བུང་བ་དེ་ཡེ་ནས་འགུག་མ་ཐུབ

དུས་འདིར     ང་ཁེར་རྐྱང་ཡིན་ལ་པོ་ཏཱ་ལ་ཡང་ཁེར་རྐྱང་ཡིན

གློག་འོད་དང་སྒྲོན་འོད་མེད་པའི་པོ་ཏཱ་ལའི་མདུན་ཐང་དུ
ང་དཀྱིལ་ཀྲུང་དུ་བསྡད་ནས་ཐ་མག་རྐང་གཅིག་ལ་མེ་སྒྲོན་དུས
གནའ་བོའི་མཚར་སྡུག་གི་འོད་གསལ་ཡོད་ཚད    གསལ་ལྷང་ལྷང་དུ
ངའི་སྙིང་ཁོང་དང་སྤྱི་གཙུག་ཏུ་འུར་འུར་འབར་གྱིན་འདུག   

ཁ་སང     ང་ཉི་འོད་དང་ལྷན་དུ་པོ་ཏཱ་ལའི་དབུ་རྩེར་འགྲེང་ནས
ཞོལ་བཙོན་ཁང་གི་ཤུལ་དུ་ལུས་པའི་ཐང་ཆེན་དེར་ཡུན་རིང་ཅེར་ཞིང
རྡོ་སྐས་རེ་རེའི་གསེབ་ཏུ་སིམ་པའི་རྒྱལ་ཁ་དང་ཕམ་ཁ་ངང་གིས་མྱང
འདི་དག་ཡོད་ཚད་བྲན་གཡོག་ཁྲི་སྟོང་གི་ཤ་དང་རུས་པ་ལས་གྲུབ་ཅིང
དེའི་སྟེང་དུ་བགྲོད་མཁན་ནི་ང་དང་ངའི་འགྲམ་གྱི་ལྗོངས་རྒྱུ་བ་དེ་ཚོ་རེད།

མཚན་སྨག་གི་ཀློང་དུ       སྐྱོ་ལྷང་ལྷང་གི་པོ་ཏཱ་ལར་གཡོ་འགུལ་མེད་པར
རྒྱང་རིང་གི་རྨ་ཁ་རེ་རེའི་ན་ཟུག་ལས་བརྡོལ་བའི་ཁྲག་དྲི་བསྲན་ནས
བདག་པོ་ཡོད་ཚད་ཀྱི་མཚན་བྱང་ཡང་ཡང་ཀློག་བཞིན
ལྷོ་རུ་ག་ལེར་བཞུད་པའི     ཡུན་རིང་གི་སྐྱིད་ཆུ་ཕྲ་མོའི
ལྷུང་ལྷུང་གི་བཞུར་སྒྲ་གཅིག་པུའི་རེ་བཅོལ་ངོགས་ན
རྗེ་འབངས་ཁྲི་སྟོང་གི      ཚ་ལམ་ལམ་གྱི་མིག་ཆུར་བྱིང་འདུག

ད་ནི་མཚན་གུང་གི་ཆུ་ཚོད་གསུམ་པ་རེད   རྨི་ལམ་གྱི་དུས་ཚིགས་རེད
ཡིན་ན་ཡང    དུས་འདི་དང་སྐབས་འདི་ནི    མཚན་གྱི་སྨག་རུམ་ཁྲོད
ངས་རང་ཉིད་ལ་ཤུགས་ཀྱིས་བཏབས་པའི་ལྕགས་ཀྱི་ཕུར་བུ་ཁོ་ན་རེད
གྱེས་ཕྱག
ང་ཐོན་པ་ནས་ད་ལྟའི་བར    ངས་ཁྱོད་ལ་གུས་ཕྱག་ཅིག་ཀྱང་འཚལ་མ་མྱོང
རྒྱུ་མཚན་ནི      ངའི་དབུགས་ཀྱི་རྒྱུ་བའི་ཁྲོད་ན་ཟུག་ལུད་པའི་རྐྱེན་རེད

ད་ལྟ་ང་གཞི་ནས་འགྲོ་དགོས་པས    གྱེས་ཕྱག་འདི་འདི་ལྟར་འབུལ་དགོས་སོང
ངས་ཁྱོད་རང་མཐོང་སའི་རི་སྒང་དེ་ནས     སེམས་དང་དྲན་པའི་སྟེང་དུ
རང་ཉིད་གཅེར་རྗེན་དུ་ཕུད་ནས་མེ་རུ་སྒྲོན་ཏེ་བསང་དུ་བཏངས་པ
ཁྱོད་ཀྱི་ཟུངས་ཁྲག་གི་མཚོ་མོ་དེ་ལྷོག་ལྷོག་ཏུ  རྨང་ནས་གདུ་བའི་ཆེད་ཡིན

ངའི་རྣམ་ཤེས་ཀྱི་དུད་སྤྲིན་འདི་ཁྱོད་ཀྱི་མཁའ་དབྱིངས་སུ་ཁྱབ་དུས
ང     ཐལ་བར་གྱུར་ནས་སྔར་གྱི་འོང་ལམ་དུ་ཕྱིར་འགྲོ་བཞིན་ཡོད་ལ
མ་མདོར་སྡོད་པའི་ཨ་མ་དང་མཛའ་མོས     དུས་ཚོད་དང་སྐར་ཆ་བརྩི་བཞིན
སེམས་པ་འོ་ཞོ་རུ་བསྙལ་ནས་ངའི་ལོག་ཕེབས་ལ་བརྩེ་གདུང་གིས་སྒུག་ཡོད
ཡིན་ན་ཡང    ངས་ཁོ་མོ་ཚོའི་སྙན་ལམ་དུ་ཅི་ཞིག་གིས་ལེགས་སྐྱེས་འབུལ
ཐ་ན་ཐ་སྙད་ཚིག་གཅིག་དང་མིག་ཆུ་རྡོག་གཅིག་ཀྱང་འཁྱེར་མ་ཐུབ

ཨ་ཨ    ལྷ་ས   ལྷ་ས    ལྷ་ས………
དྲན་མི་བཟོད་པའི    བརྗོད་མི་བཏུབ་པའི་གནའ་དེང་གི་གྲོང་ཁྱེར་ཆེན་མོ
ཁྱོད་ནི    གདོད་མ་ནས་ང་ལ་ཆེད་དུ་བསྐོས་ཤིང་ད་ལྟའི་བར་བསྒུགས་པའི
མངོན་སུམ་གྱི་གཤེད་མ་དེ་མ་རེད་ཅེས་སུ་ཞིག་གིས་བརྗོད་ནུས་ཨང
༡༩༩༨。 ༧ 。༡༧ཉིན་ལྷ་སར་སེམས་སུ་སྦྲུམ་ཞིང༌།
༢༠༠༥ 。༤ 。 ༡༣ཉིན་ཟི་ལིང་ནས་ཡི་གེར་བཀོད་པའོ།
 
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས ལྷ་ས ལྷ་ས།

2010-05-26 འབྲོང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།