ཧེ་ཁྲ་ཚང༌།
ང་ནི་མེས་པོ་ཧེ་ཁྲ་ཚང་གི་ཁྱིམ་རྒྱུད་ཡིན
རྩྭ་ཐང་གི་དབུ་འཕང་འཇིག་རྟེན་གྱི་རྩེ་མོར་བསྟད
གནམ་སའི་ལྡེབས་སུ་རྟོགས་བརྗོད་ཟབ་མོའི་གླུ་སྐད་ཕབ
སྨྲ་ལྕེ་ལས་གློག་ཞགས་འཁྱུགས་པའི་སྒྲ་དབྱངས་བཞག
ཁོང་ཚོ་ནི་ཧེ་ཁྲ་ཚང གནམ་གྱི་མཐོ་ཚད་ཀྱིས་བསྡད་འདུག
རྩྭ་ཐང་གི་ཇག་པའི་དུས་རབས་དེར
སྟོང་སྡེ་ཁྲ་མོ་ཞིག་སྐར་ཚོགས་བཞིན་འཚོས་མྱོང་ལ
བཙས་མ་བཞིན་བརྔས་ཡང་མྱོང
མཁའ་སྤྱོད་པ་ཞིག་གིས ཁོང་ཚོ་རེ་རེ་བཞིན
ཤམ་བྷ་ལའི་དམག་དཔོན་ལ་ལུང་བསྟན་བྱུང
ཤེས་རབ་ཀྱི་མེ་ཆ་ང་ལ་བསྐྱུར་ཏེ་ཕེབས་་སོང
ཁྱིམ་རྒྱུད་ཀྱི་ནོར་བུ་ང་ལ་གཏད་དེ་ཕེབས་སོང
འོན་ཀྱང གནམ་ས་སྤྲིན་དུ་ཁོལ་བའི་རྗེས་ཤུལ་ན
མགོ་བོ་དུད་དེ་ལུས་འདུག་པ ང་དང་སྟོང་དཔོན་དག
སྨྲ་བ་མེད་པའི་ཁྱི་གུ་ཆུང་ཆུང ཆུང་ཆུང་ཞིག
༢༠༠༤.༦.༧
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།