གློག་བརྙན་གྱི་འཁྲབ་གཞུང་། སུ་ཞིག་གི་ཆེད་དུ།

དྲོ་ཆེན་པ་རྟ་མགྲིན་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-03-02

                              སྔོན་འགྲོ།

བསོད་ནམས་ལྷ་མོ། མོ། ལོ་ཚོད་བུད་མེད་གཞོན་ནུ་མ་ཞིག བཞིན་རིས་གསལ་ཞིང་དཀར་ལ། སྐྱོ་ཉམས་ཀྱིས་ཕྱུག་པ། སློབ་ཆེན་མཐར་ཕྱིན་ནས་དུས་ཡུན་ཅུང་རིང་པོར་འགོར་བ་དང་། འབྲོག་ལས་ལ་བྱང་ཆ་མེད་ལ་ཕུགས་བསམ་ཡོད་ཀྱང་གོ་སྐབས་དབེན་པའི་བུ་མོ་ཞིག

ཀུན་མཚོ། མོ། ལོ་ཚོད་བུད་མེད་གཞོན་ནུ་མ་ཞིག བསོད་ནམས་ལྷ་མོའི་ཆེས་བཟང་བའི་སློབ་ཆེན་སློབ་གྲོགས། སློབ་གྲོགས་ལ་བརྩེ་བ་ཟབ་ཅིང་སེམས་འཁུར་བྱེད་པའི་བུ་མོ་གཤིས་རྒྱུད་མཁྲེགས་པོ་ཅན་ཞིག

ཨ་མ་སྐྱིད་ལོ། མོ། ལོ་ན་ཅུང་ཟད་རྒས་པའི་རྒན་མོ་ཞིག གདོང་མདོག་སྨུག་ཅིང་ལྭ་བ་ཧྲིལ་བོ་དྲེག་པ་ཅན་ཞིག་གོན་ཡོད། འབྲོག་ལས་ལ་དགེ་བའི་ལས་ལ་འབད་པས་བལྟས་ཚོད་ཀྱིས་རྒན་མོ་བྱམས་སེམས་ཅན་ཞིག་ཡིན་པ་རྟོགས་ཐུབ་པ།

བཀྲ་ཤིས་ཕུན་ཚོགས། ཕོ ལོ་ན་གཞོན་པའི་སྟག་ཤར་ཞིག བསོད་ནསམ་ལྷ་མོའི་སློབ་ཆེན་སྐབས་ཀྱི་མཛའ་གྲོགས། སྔོན་ཆད་ཀྱི་འཚོ་བ་ལ་འགྱོད་སྣང་སྐྱེས་པའི་མི་བུ་ཞིག

ཨ་མ་སྒྲོན་དཀར། མོ། ལོ་ན་རྒས་པའི་རྒན་མོ་ཞིག

ཨ་ཅེ་རིག་མཚོ། མོ། ལོ་ན་སུམ་ཅུར་སོན་པའི་གནའ་མ་ཞིག

དུས་ཚོད། དབྱར་ཁའི་དགོང་དྲོ་ཞིག

ས་གནས།  འབྲོག་ས་ཞིག

གཏམ་རྒྱུད་ཀྱི་རྒྱབ་ལྗོངས། བསོད་ནམས་ལྷ་མོའི་ལག་ཏུ་བྱ་བ་མ་ཡོང་བས་གཉེན་ཉེ་དང་ཕ་མས་ལེ་བདའ། དམའ་འབེབས་བྱས་པར་སྐྲག་ནས་སྔོན་ཆད་སློབ་ཆེན་ཉི་མ་གཏོང་ཐབས་ལ་འགྱོད་བཤགས་བྱེད་ཀྱིན་ཡོད།

                                                འཁྲབ་གཞུང་དངོས།

འབྲུག་སྒྲ་དང་བསྡོངས་པའི་དྲག་ཆར་རྩུབ་པོ་ཞིག་དགོང་དྲོའི་ཉི་ཟེར་ལ་ར་མདའ་འོངས་པས་ཡིན་ནམ། སློབ་མཐར་ཕྱིན་མ་ཐག་པའི་བསོད་ནམས་ལྷ་མོ་དང་འདྲ་བའི་མི་བུ་ཚོར་སྡུག་བསྔལ་རེ་ཟུང་གིས་མནར་གཅོད་མྱོང་དུ་འཇུག་གིན་པ་གང་ཡིན་མི་ཤེས་ཀྱང་། བསོད་ནམས་ལྷ་མོ་ད་དུང་བོར་སོང་བའི་ཡ་རུ་འཛི་བོ་དེའི་སླད་དུ་ས་རུབ་པ་ལ་མ་བལྟས་པར་བཙལ་དུ་འགྲོ་བཞིན་གདའ། སྐྱ་བྷའི་ལུས་ཡོངས་ཆར་ཆུས་བརླན་ཞིང་ད་སོ་མ་བཀྲུས་ཚར་བའི་ལྭ་བ་དང་འདྲ་བར་ཁོའི་ལྭ་བ་དེ་དག་གི་སྣེ་ནས་ཆུ་ཐིགས་འཛག་བཞིན་ཡོད་ལ། ལྷས་མཐའ་རེ་རེར་ཐོན་ཙ་ན། སྒོ་ཁྱི་རེ་རེ་ཡི་ཟུག་སྒྲ་དེ་དག་ཁོའི་ཁོག་པའི་སྙིང་གི་འཕར་ལྡིང་དེའི་འགྲོས་དང་བསྟུན་སོང་།

                                                 འཁྲབ་ཚན་དང་པོ།

ས་གནས།  བྲག་རླུང་ཐང་། ༼ཕྱིའི་བརྙན།༽

དུས་ཚོད།  དབྱར་ཟླ་དྲུག་པའི་དགོང་དྲོ།

བསོད་ནམས་ལྷ་མོ། ༼སྒོ་ཁྱིའི་ཟུག་སྒྲའི་ཁྲོད།༽ ཨོ་ཧོ་ཨ་མ་སྒྲོལ་དཀར། ཨོ་ཧོ་ཨ་མ་སྒྲོལ་དཀར། ༼སྐད་མཐོན་པོས།༽

ཕ་རོལ་བ། ཨོ།

བསོད་ནམས་ལྷ་མོ། ༼ངག་འདར་གྱིན།༽ ཨོ་རོ་ལྷས་མཐའ་ན་ངེད་ཚང་གི་ཡར་ལྡོམ་འཛི་ལོ་ཨེ་ཡོད་ཀི

ཕ་རོལ་བ། ཨོ་རོ། མེད་ཀི་ཡ།

བསོད་ནམས་ལྷ་མོ།  ཨོ་ཡ།

༼མུན་ཅུང་ཟད་ནག་ལ་ཆར་བའི་ཤག་སྒྲ་དང་བསྡོངས་ནས་སྒོ་ཁྱི་ཟུག་སའི་ཕྱོགས་སུ་ཉེ་བར་བཅར་རྗེས།༽

བསོད་ནམས་ལྷ་མོ། ཨོ་ཧོ། ཨ་ཆེ། རིག་མཚོ།

ཕ་རོལ་བ། ཨོ། ཨ་རོ་བསོད་ནམས་ལྷ་མོ་ཡིན་ནམ།

བསོད་ནམས་ལྷ་མོ། ཡིན་ཡ། ཨོ་རོ་ལྷས་མཐའ་ན་ངེད་ཚང་གི་ཡར་ལྡོམ་འཛི་ལོ་ཨེ་ཡོད་ཀི

ཕ་རོལ་བ། ཨོ་རོ། མེད་ཀི་ཡ།

བསོད་ནམས་ལྷ་མོ།  ཨོ་ཡ།

                                འཁྲབ་ཚན་གཉིས་པ།

ས་གནས།  སྦྲ་གུར་ནང་། ༼ནང་གི་བརྙན།༽

དུས་ཚོད། དགོང་མོ།

༼ཨ་མ་སྐྱིད་ལོས་སྦྲ་གུར་གྱི་གཡོན་ཕྱོགས་སུ་བརྒྱ་ཕྱག་འཚལ་གྱིན་པའི་སྐབས་དེར། སྐྱ་བྷ་འདམ་ནས་ལངས་པའི་ལུག་རོ་བཞིན་ནང་ལ་ཐོན་བྱུང་།༽

ཨ་མ་སྐྱིད་ལོ། ཨོ། ཐོན་བྱུང་ངམ།  ཡ་ད་ཟ་མ་ཞིག་ཟོ་དང་། ཡ་རུ་ཨེ་ཡོད་ཀི།

ཨོ་རོ་ལྷས་མཐའ་ན་ངེད་ཚང་གི་ཡར་ལྡོམ་འཛི་ལོ་ཨེ་ཡོད་ཀི

ཕ་རོལ་བ། ཨོ་ ཨོ་རོ་ལྷས་མཐའ་ན་ངེད་ཚང་གི་ཡར་ལྡོམ་འཛི་ལོ་ཨེ་ཡོད་ཀི

བསོད་ནམས་ལྷ་མོ། ཨིན། ཡ། ཡ་རུ་མེད་ཀི། ༼མ་རེངས་པའི་ཉམས་ཀྱིས༽

ཨ་མ་སྐྱིད་ལོ། ཨོ། ༼ཡ་མཚར་ཉམས་དང་བཅས།༽ འདྲེ་ཡར་དེ་གང་ཞིག་ཏུ་བྲོས་སོང་བ་ཡིན་ནམ། འཇིགས་བྱེད། ཨོ་རེད་ཡ། བསོད་ནམས་ལྷ་མོ། དེ་རིང་ཁྱོད་ཡུལན་མེད་པས། འུ་ཚང་ལ་ཡོང་ནས་དངོས་པོ་གན༼མཛུབ་མོས་བསྟན།༽ཁྱོད་ལ་བྱིན་ཟེར་བྱུང་། དེ་མ་ཟད་ད་རུང་སང་ཉིན་ཟོག་གུང་ཡག་ཆུ་ཁར་ཇི་ལྟར་འདེད་དམ།

བསོད་ནམས་ལྷ་མོ། ཁ་ནས་ལན་ཅི་ཡང་མ་བསློགས་པར་ལྭ་བ་ཕུད་ནས་ཉལ་གྲབས་བྱེད་སྐབས། ཨ་མ་སྐྱིད་ལོས་མོའི་ཐོག་ལ་བལྟས་རྗེས།༽

ཨ་མ་སྐྱིད་ལོ། བསོད་ནམས་ལྷ་མོ། ཟ་མ་མི་དགོས་སམ།

༼ཨ་མ་སྐྱིད་ལོས་རང་གི་བུ་མོར་ཆ་རྒྱུས་ཡོད་པ་ཇི་བཞིན་སྐད་ཆ་དེ་བཤད་རྗེས། མོས་ལན་གཅིག་ཀྱང་མ་བཏབ་པ་ཚོར་ཏེ་སླར་ཡང་བརྒྱ་ཕྱག་འཚལ་འགོ་བརྩམས་བྱུང་། དེ་ནས་བསོད་ནམས་ལྷ་མོས་སེམས་ཅི་ཞིག་དྲན་པ་ལྟར་ཟ་མ་ཡང་མ་ཟོས་པར་མལ་ས་ནས་སློག་པའི་གོང་ཁ་གོང་དུ་འཐེན་རྗེས་མིག་ཆེར་བགྲད་ནས་བསམ་གཞིག་ཅིག་གི་ཀློང་མལ་ལ་འཐིམས་སོང་། བསམ་གཞིག་གི་གྲིབ་བསིལ་དེ་སློབ་ཆེན་པའི་འཚོ་བའི་ཁུད་དུ་སོམ་སོང་།༽

                               འཁྲབ་ཚན་གསུམ་པ། (འཆར་ཡན)

ས་གནས།  སློབ་གྲྭའི་ར་བ། ༼ཕྱིའི་བརྙན།༽

དུས་ཚོད། དགུན་ཁའི་ཉིན་གུང་།

༼གྲང་ཤུར་ཤུར་གྱི་ཙག་རླུང་ཁྲོད་དུ་བསོད་ནམས་ལྷ་མོས་གཏན་སྡོད་བྱ་སའི་གནས་དེ་ན་ཀུན་འཚོ་ལ་སྒུག་ནས་བསྡད་འདུག ལག་ཏུ་ཀོ་ཁུག་དྲུད་ཡོད་པའི་ཀུན་འཚོ་ཐོན་མ་ཐག་སྐྱོ་ཉམས་ཀྱིས་བཟུང་བའི་མོ་གཉིས་སློབ་གྲྭའི་ཇ་ཁང་གི་ཕྱོགས་སུ་བཞུད་སོང་།༽

                                འཁྲབ་ཚན་བཞི་པ།(འཆར་ཡན)

ས་གནས།  སློབ་གྲྭའི་ཇ་ཁང་། ༼ནང་གི་བརྙན།༽

དུས་ཚོད། ཉིན་གུང་ཡོལ་རྗེས།

ཀུན་འཚོ། ༼ཁྲོ་བའི་ཉམས།༽ ཆེས་ཆོག འདི་ཚོད་ལྟ་མ་རེད། རབ་ཡིན་ན་ཁྱོས་ཞིབ་འདང་གསལ་བོ་ཞིག་རྒྱབ་ན་རེད།

བསོད་ནམས་ལྷ་མོ། མི་དགོས། ང་ལ་འདང་རྒྱག་རྒྱུ་ཅི་ཡང་མེད།

ལོ་འདི་དག་ལ་དྲིན་ཆེན་ཕ་མ་གཉིས་ཀས་ང་ལ་བཏང་བ་མང་མེད་ན་ཉུང་མེད། དེའི་སྟབས་ཀྱིས་ང་འདི་ལྟར་བྱ་བའང་མེད་པར་ད་རུང་ཕ་མའི་ངོར་བལྟས་ནས་འདུག་ག་ལ་བཟོད། ༼སྐྱོ་ཉམས།༽

ཀུན་འཚོ། མི་ཆོག ཁྱོད་རང་ཇོ་མོ་བྱེད་མིན་ནི་རང་དབང་རེད། ཡིན་ནའང་། ང་ཚོ་ད་རུང་ལང་ཚོ་དར་ལ་བབས་པའི་གཞོན་ནུ་རེད། ང་ཚོ་ནི་རྒྱབ་ཁབ་དང་མི་རིགས། ཕ་མ་བཅས་ཀྱི་རེ་བ་བྱེད་ས་ཡིན། ང་ཚོས་ངེས་པར་དུ་ཁོ་ཚོའི་རེ་བ་ལ་ཡིད་ཆེས་བྱས་ཏེ་ཕུགས་བསམ་གྱི་ཆེད་དུ་མདུན་སྐྱོད་བྱེད་དགོས།

  ཏང་དང་རྒྱབ་ཁབ་ཀྱི་སྲིད་ཇུས་བཟང་བོའི་དབུ་ཁྲིད་འོག་དང་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་འདི་འདྲའི་ཁྲོད་དུ་དེ་འདྲའི་ཐབས་ཆག་གི་བྱ་བ་ཞིག་གཏན་ནས་བསྒྲུབ་དགོས་དོན་མེད། གྲོགས་མོ་ལགས། ངའི་རེ་བ་ཡིན་ན་ཁྱོས་ད་དུང་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལ་འབད་ནས་མཚར་སྡུག་འོད་སྟོང་འབར་བའི་ཕུགས་བསམ་ཞིག་ལ་རེ་སྙེགས་བྱས་ན་འགྲིག ༼སྐྱོ་ཤས་རང་བཞིན་གྱི་རོལ་དབྱངས་འཇེབས་པོ་ཞིག་གིས་མུར་སྦྲེལ་བ།༽

                              འཁྲབ་ཚན་ལྔ་པ། (འཆར་ཡན)

ས་གནས།  སློབ་གྲྭའི་ར་བའི་ལྡིང་ཁང་། ༼ཕྱིའི་བརྙན།༽

དུས་ཚོད། ཕྱི་དྲོ།

བཀྲ་ཤིས་ཕུན་ཚོགས། ངོ་མ་ཕྱིར་བཟློག་དཀའ་བའི་སློབ་ཆེན་གྱི་འཚོ་བ་དེ་འདི་ལྟར་བཞུད་ཚར་ནའང་། ངེད་ཅག་གི་བློ་ན་ཅི་ཡང་མེད། དེའི་རྒྱུ་མཚན། ང་རང་ཚོ་སློབ་ཆེན་ནས་དགོད་རྒྱུ་དང་སྐྱིད་རྒྱུ་མང་དྲགས་པས་རེད། ཁ་སང་དེ་རིང་ཕྱིར་འདང་རེ་རྒྱབ་ན་ངོ་མ་ཡིད་སྐྱོ་བ་དང་འགྱོད་པས་ཁེངས་འོང་བ་ཞིག་རེད།

བསོད་ནམས་ལྷ་མོ། གལ་ཏེ་ང་རང་སློབ་གྲྭ་ཆེན་མོའི་སྒོ་ཁར་ཐོག་མར་འགྲིམ་བཞིན་ཡོད་རྒྱུ་ན། ངས་རང་གི་ཕུགས་བསམ་གྱི་ཆེད་དུ་འབད་པ་བྱ་ངེས།

གལ་ཏེ་ང་ལ་སློབ་ཆེན་འགྲིམས་སའི་སློབ་གྲྭ་ཞིག་ཡོད་རྒྱུ་ན་ངས་ཕུགས་བསམ་གསར་བ་ཞིག་ཡང་བསྐྱར་བལྟམས་སྲིད། ༼འགྱོད་པའི་ཉམས།༽

བཀྲ་ཤིས་ཕུན་ཚོགས།  ༼འགྱོད་པའི་ཉམས།༽ གལ་ཏེ་ང་ལ་ཡང་བསྐྱར་སློབ་ཆེན་འགྲིམ་པའི་གོ་སྐབས་ཐེངས་ཤིག་ཡོད་ན་ཅི་མ་རུང་།

                                                འཁྲབ་ཚན་དྲུག་པ།

ས་གནས།  སྦྲ་ནག་ནང་། ༼ནང་གི་བརྙན།༽

དུས་ཚོད།  དགོང་མོར།

༼དགོང་མོར་བསོད་ནམས་ལྷ་མོས་མལ་སའི་ནང་ནས་མིག་ཆུ་འདོན་བཞིན་ཁར་མ་ཐོན་པའི་སེམས་ཀྱི་སྐད་ཆ་འདི་རང་དབང་མེད་པར་ཤོར་བ་དང་བསྟུན་ནས་མཇུག་རྫོགས་སོ།།༽

བསོད་ནམས་ལྷ་མོ། གལ་ཏེ་ང་ལ་ཡང་བསྐྱར་སློབ་ཆེན་འགྲིམ་པའི་གོ་སྐབས་ཐེངས་ཤིག་ཡོད་ན་ཅི་མ་རུང་།

                                                    ——— ༢༠༡༤ལོའི་ཟླ༠༧པའི་ཚེས༡༠ཉིན།

                                                                               རྩོམ་སྒྲིག་པ། དབང་མོ།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་གྱི་འཁྲབ་གཞུང་། སུ་ཞིག་གི་ཆེད་དུ།

2016-03-02 དྲོ་ཆེན་པ་རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།