གློག་བརྙན་འཁྲབ་གཞུང་༼རྣམ་ཤེས༽ཀྱི་གསལ་བརྡ།

བླ་ནག་པ་སྐལ་ལྡན་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-26

          ནང་དོན་མདོར་བསྡུས་ངོ་སྤྲོད་།
 

  གློག་བརྙན་འདིའི་ནང་དུ་བོད་མིའི་བསམ་བློའི་ཤེས་རིག་གི་གཏིང་རིམ་ན་གནས་པའི་ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་དེ་ཉིད་བརྗོད་སྙིང་དུ་བཟུང་སྟེ།  མངོན་སུམ་དང་ལྐོག་གྱུར་ཟུང་འབྲེལ་གྱི་འཁོར་བའི་ཀློང་དུ། གདོད་མ་ནས་འགལ་འདུ་རུ་གནས་པའི་རྣམ་ཤེས་ཀྱི་གསང་བ་སྣ་ཚོགས་ཤིག་མིའི་རིགས་ཀྱི་འཇིག་རྟེན་འདི་དང་རྟེན་འབྱུང་གིས་འབྲེལ་བའི་གནས་ལུགས་གང་ཞིག    སྟོང་བཙན་དང་བདེ་སྐྱིད་བཟང་མོ་གཉིས་ཀྱི་བརྩེ་དུང་གི་སྐྱོ་གར་དང་སྦྲེལ་ཏེ་གཏམ་རྒྱུད་ཀྱི་ཚུལ་དུ་བརྗོད་ཡོད།   
  དེ་བཞིན་རྣམ་ཤེས་ཀྱི་སྐྱོ་གར་རིང་མོ་འདིས།  ང་ཚོར་ད་དུང་ཚེ་སྲོག་དང་ལས་དབང་།    སྐྱིད་སྡུག་དང་འདུ་འབྲལ།   དུས་ཚོད་དང་འཚོལ་སྙེག   ཁེར་རྐྱང་དང་དྲན་གདུང་།   གཞན་དབང་དང་མནར་གཅོད།  ཤི་གསོན་དང་ཐོབ་ཤོར་སོགས་མིའི་རིགས་ཀྱི་འཚོ་བའི་རང་གཤིས་སུ་གྲུབ་པའི་མངོན་སུམ་དང་ལྐོག་གྱུར་གྱི་བདེན་དོན་ཁག་ཅིག་ལ་ངེས་ཤེས་གཏིང་ཟབ་རྙེད་དུ་འཇུག་གོ།
  གསལ་བཤད།  ད་ལོ་གློག་བརྙན་འཁྲབ་གཞུང་༼རྣམ་ཤེས་༽ཞེས་པ་འདི་བྲིས་ཚར་ནས་ཕྱི་རྒྱལ་དུ་ཡོད་པའི་འཁྲབ་ཁྲིད་པ་ཞིག་གི་རེ་བ་བཞིན་ཡིག་རིགས་གཞན་དུའང་བསྒྱུར་ཏེ་ཁོར་བསྐུར་ཅིང་།  འཁྲབ་ཁྲིད་པ་དེའི་བློར་བབ་ནས་གཟེངས་སྟོད་དཔེ་མེད་བྱས་སོང་།  ཡིན་ནའང་གནས་སྐབས་ཆ་སྐྱེན་གང་རུང་གི་དབང་གིས་གློག་བརྙན་དུ་ཕབ་མ་ཐུབ་པར་ལུས་ཡོད།  སང་ལོ་དབྱར་ཁར་སྒེར་ངོས་ནས་ཆ་རྐྱེན་འཛོམ་ན་དངོས་སུ་གློག་བརྙན་དུ་ཕབ་རྒྱུའི་འཆར་གཞི་ཡོད་པས་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ཡོད་ཚེ་དེ་ལུགས་ཀྱི་འགྲོ་སྲོལ་ལྟར་གྲོས་བསྡུར་བྱ་ཆོག་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་འཁྲབ་གཞུང་༼རྣམ་ཤེས༽ཀྱི་གསལ་བརྡ།

2012-11-26 བླ་ནག་པ་སྐལ་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

          ནང་དོན་མདོར་བསྡུས་ངོ་སྤྲོད་།
 

  གློག་བརྙན་འདིའི་ནང་དུ་བོད་མིའི་བསམ་བློའི་ཤེས་རིག་གི་གཏིང་རིམ་ན་གནས་པའི་ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་དེ་ཉིད་བརྗོད་སྙིང་དུ་བཟུང་སྟེ།  མངོན་སུམ་དང་ལྐོག་གྱུར་ཟུང་འབྲེལ་གྱི་འཁོར་བའི་ཀློང་དུ། གདོད་མ་ནས་འགལ་འདུ་རུ་གནས་པའི་རྣམ་ཤེས་ཀྱི་གསང་བ་སྣ་ཚོགས་ཤིག་མིའི་རིགས་ཀྱི་འཇིག་རྟེན་འདི་དང་རྟེན་འབྱུང་གིས་འབྲེལ་བའི་གནས་ལུགས་གང་ཞིག    སྟོང་བཙན་དང་བདེ་སྐྱིད་བཟང་མོ་གཉིས་ཀྱི་བརྩེ་དུང་གི་སྐྱོ་གར་དང་སྦྲེལ་ཏེ་གཏམ་རྒྱུད་ཀྱི་ཚུལ་དུ་བརྗོད་ཡོད།   
  དེ་བཞིན་རྣམ་ཤེས་ཀྱི་སྐྱོ་གར་རིང་མོ་འདིས།  ང་ཚོར་ད་དུང་ཚེ་སྲོག་དང་ལས་དབང་།    སྐྱིད་སྡུག་དང་འདུ་འབྲལ།   དུས་ཚོད་དང་འཚོལ་སྙེག   ཁེར་རྐྱང་དང་དྲན་གདུང་།   གཞན་དབང་དང་མནར་གཅོད།  ཤི་གསོན་དང་ཐོབ་ཤོར་སོགས་མིའི་རིགས་ཀྱི་འཚོ་བའི་རང་གཤིས་སུ་གྲུབ་པའི་མངོན་སུམ་དང་ལྐོག་གྱུར་གྱི་བདེན་དོན་ཁག་ཅིག་ལ་ངེས་ཤེས་གཏིང་ཟབ་རྙེད་དུ་འཇུག་གོ།
  གསལ་བཤད།  ད་ལོ་གློག་བརྙན་འཁྲབ་གཞུང་༼རྣམ་ཤེས་༽ཞེས་པ་འདི་བྲིས་ཚར་ནས་ཕྱི་རྒྱལ་དུ་ཡོད་པའི་འཁྲབ་ཁྲིད་པ་ཞིག་གི་རེ་བ་བཞིན་ཡིག་རིགས་གཞན་དུའང་བསྒྱུར་ཏེ་ཁོར་བསྐུར་ཅིང་།  འཁྲབ་ཁྲིད་པ་དེའི་བློར་བབ་ནས་གཟེངས་སྟོད་དཔེ་མེད་བྱས་སོང་།  ཡིན་ནའང་གནས་སྐབས་ཆ་སྐྱེན་གང་རུང་གི་དབང་གིས་གློག་བརྙན་དུ་ཕབ་མ་ཐུབ་པར་ལུས་ཡོད།  སང་ལོ་དབྱར་ཁར་སྒེར་ངོས་ནས་ཆ་རྐྱེན་འཛོམ་ན་དངོས་སུ་གློག་བརྙན་དུ་ཕབ་རྒྱུའི་འཆར་གཞི་ཡོད་པས་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ཡོད་ཚེ་དེ་ལུགས་ཀྱི་འགྲོ་སྲོལ་ལྟར་གྲོས་བསྡུར་བྱ་ཆོག་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།