ཀྲུང་དབྱང་མི་རིགས་སློབ་ཆེན་ལ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཕྱོགས་ནས་དགའ་འོས་པའི་འབྲས་བུ་སྨིན་པ།

གསར་འགོད་པ་བཙུན་པོ་དོན་གྲུབ་དང མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-22

 གསར་དུ་བཀྲམ་པའི་ཞིབ་འཇུག་གི་དེབ་གསུམ།
   ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་“985ཡི་ལས་གཞི”ཡི་རྩོམ་རིག་ལྟེ་བ་ནས་བསྒྲགས་པའི་འཕྲིན་བཟང་ལྟར་ན༢༠༡༣ལོའི་ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཕྲེང་གི་དེབ་སྐོར་དང་པོ་ཡི་བརྩམས་ཆོས་འགྲེམ་སྤེལ་ཚོགས་འདུ་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་ཡོད་ལ། ལས་གཞིའི་ཚན་ཁག་གི་མི་སྣ་དང་མི་རིགས་སློབ་ཆེན་གྱི་དགེ་སློབ་དུ་མ་འགྲེམ་སྤེལ་ཚོགས་འདུར་ཞུགས་ཡོད།
 
 ལྡོང་བུ་དང་། བཀྲ་བྷ། བན་དེ་མཁར།
  བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་དེབ་ཕྲེང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་“985ཡི་ལས་གཞི”ཡི་རྩོམ་རིག་ལྟེ་བའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་ནས<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>རྩོམ་སྒྲིག་གྲུབ་པའི་རྗེས་སུ་བྱུང་བའི་བོད་ཀྱི་རྩོམ་རིག་ཕྱོགས་སུ་ཆེད་དམིགས་ལས་གཞི་བཙུགས་ཤིང་ཕྱོགས་ཡོངས་ནས་ཞིབ་འཇུག་བྱ་བའི་རིག་གཞུང་གནད་འགྲོལ་གྱི་བྱེད་སྒོ་ཐོག་མར་གྱུར་ཡོད། ལས་གཞི་འདི་རུ་གཙོ་བོ་བོད་ཀྱི་རྩོམ་པ་པོར་ཞིབ་འཇུག་དང་། བོད་ཀྱི་རྩོིམ་རིག་བརྩམས་ཆོས་ལ་ཞིབ་འཇུག བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཞིབ་འཇུག བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་ཞིབ་འཇུག བོད་ཀྱི་རྩོམ་པ་པོའི་ཡིག་ཚགས་བཅས་སྣ་ཁ་དྲུག་ལ་སྦྲེལ་ཡོད་ལ། བོད་ཀྱི་བརྩམས་སྒྲུང་དང་། སྙན་ངག ལྷུག་རྩོམ། ཟློས་གར་ལ་སོགས་པའི་འཕེལ་རྒྱུས་ཀྱི་གྲུབ་འབྲས་གཞི་བཅོལ་ནས། ཕུལ་ཏུ་བྱུང་བའི་བརྩམས་ཆོས་དག་རྒྱུ་ཆ་རུ་སྤྱོད་པ་དང་། གསར་ཤོས་ཆེ་བའི་རིག་གཞུང་གི་ལྟ་བས་སྣེ་ཁྲིད་ནས། ཕྱོགས་སུ་མ་ལྷུང་བའི་སྒོ་ནས། རིམ་པ་དང་ཟུར་སྣེ་མང་པོ་ནས་འཇུག་པའི་རིག་གཞུང་གི་རིག་ལམ་སྤྱད་དེ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་གླེང་ཞིང་། བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་མཛད་འཕྲིན་མཐོ་ཚད་གསར་བ་ཞིག་ཏུ་སྐྱེལ་བའི་དགོས་པ་འགྲུབ་ཕྱིར་སྤེལ་བ་ཞིག་རེད།
 
 ཚོགས་ར།
  བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་དེབ་ཕྲེང་ལས་དེབ་སྐོར་དང་པོ་ནི<<བོན་གྱི་ལྷ་རབས་ལ་དཔྱད་པ>>དང<<བོད་ཀྱི་དེང་རབས་སྙན་ངག་རིག་པ>> <<རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་གླེང་བ>> <<ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག>> <<སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ>> <<ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ>> <<སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག>>བཅས་གསར་དུ་བརྩམས་པ་དང་བསྒྲིགས་པའི་དེབ་བདུན་གྱིས་གྲུབ་ཡོད་ལ། དེ་ཁྲོད་ཀྱི་བཀྲ་བྷ་ཡིས་བརྩམས་པའི<<བོན་གྱི་ལྷ་རབས་ལ་དཔྱད་པ>> དང་ལྕགས་རྡོར་རྒྱལ་ལམ་ལྡོང་བུས་བརྩམས་པའི<<བོད་ཀྱི་དེང་རབས་སྙན་ངག་རིག་པ>> བན་དེ་མཁར་རམ་བྱམས་ཕྲུག་གིས་བརྩམས་པའི<<སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག>>བཅས་ཆེད་རྩོམ་དེབ་གསུམ་མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་གིས་དཔར་སྐྲུན་དང་འགྲེམ་སྤེལ་གྲུབ་ཟིན་ཡོད་ཅིང་། ལྷག་མ་དེབ་འགའང་རིམ་པ་བཞིན་ཀློག་པ་པོ་དག་གི་སྤྱན་ལམ་ལ་བསྟར་འཆར་རེད།
  བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་དེབ་ཕྲེང་གི་ལས་གཞི་ཚོགས་པས་བོད་ཀྱི་རྩོམ་རིག་ཕྱོགས་ལ་ཞིབ་འཇུག་བྱ་བའི་རིག་གཞུང་གི་འགན་འཁུར་བ་ལས་གཞན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དཔེ་ཚོགས་ཀྱི་འཛུགས་སྐྲུན་དང་། རྩོམ་པ་པོ་འོས་སྦྱོར་ཕྱོགས་ཀྱི་འགན་ཡང་ཁུར་ཡོད། ད་བར་དུ་སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས<<ཁ་བ་མེད་པའི་དགུན་ཁ>>དང་བཀྲ་བྷ་ཡི་སྒྲུང་རིང<<སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས>>  ལྷ་བྱམས་རྒྱལ་གྱི་སྒྲུང་རིང<<བོད་ཀྱི་གཅེས་ཕྲུག>> སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་རྒྱ་འགྱུར་མ<<མི་ཚེའི་གླུ་དབྱངས>>  བཀྲ་བྷ་ཡི་བརྩམས་སྒྲུང་རྒྱ་འགྱུར་མ<<ནས>>བཅས་རྩོམ་རིག་བརྩམས་ཆོས་ཀྱི་དེབ་ལྔ་དཔར་སྐྲུན་འབྲེལ་ལམ་བསྐྲུན་ནས་བཀྲམས་ཐུབ་ཡོད་ལ། ༢༠༡༢ལོའི་ཟླ་བཅུ་བ་རུ་སྟག་འབུམ་རྒྱལ་གྱི་བརྩམ་སྒྲུང་དཔྱད་གླེང་ཚོགས་འདུའང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་ཡོད། འདི་ནི་བོད་ཀྱི་ཕ་སྐད་རྩོམ་པ་པོ་ཞིག་ལ་ཆེད་དུ་བསྡུས་པའི་མི་སྒེར་གྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་ཐེངས་དང་པོ་རུ་གྱུར་ཡོད་པས། སྤྱི་ཚོགས་སྤྱི་དང་རྩོམ་རིག་གི་སྡེ་རུ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་ལ། བསྟོད་པའི་དཔའ་དར་འབུལ་མཁན་ཡང་མང་པོ་བྱུང་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་དབྱང་མི་རིགས་སློབ་ཆེན་ལ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཕྱོགས་ནས་དགའ་འོས་པའི་འབྲས་བུ་སྨིན་པ།

2013-04-22 གསར་འགོད་པ་བཙུན་པོ་དོན་གྲུབ་དང ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།