༢༠༡༤ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལགས་ལ་ཐོབ་པ།

གསར་འགོད་པ་བུམ་པ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-10-10
 

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཟླ༡༠བའི་ཚེས༩ཉིན་ནོ་པེལ་རྩོམ་རིག་དཔྱད་འདེམས་ཚོགས་པས་༢༠༡༤ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ(Patrick Modiano)ལགས་ལ་གནང་འདུག
 
  ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལགས་ནི༡༩༤༥ལོའི་ཟླ༧ཚེས༣༠ཉིན་ཕ་རི་སའི་ཉེ་འདབས་ཀྱི་གྲོང་ཁྱེར་ཞིག་ཏུ་སྐྱེས་ཤིང་། རྒྱལ་ཁོངས་ཧྥ་རན་སི་ཡིན་ལ། ཁོང་ནི་མིང་དུ་གྲགས་པའི་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་མཁན་ཞིག་ཡིན་ཏེ། ཁོང་གིས་ཧྥ་རན་སིའི་སྐད་ཀྱིས་བརྩམས་པའི་བརྩམས་ཆོས་དག་ལ་ཧྥ་རན་སིའི་རྩོམ་རིག་དཔྱད་བརྗོད་པའི་སྡེ་ན་གདེང་འཇོག་ཚད་མེད་གནང་བཞིན་ཡོད་པ་དང་། བརྩམས་ཆོས་གཙོ་བོ་ལ་ནི<<སྐར་དབྱིབས་ཐང་ཆེན>>དང<<གྲོང་ཁྱེར་སྐོར་ལམ>>   <<མག་མོག་གི་ཚོང་རྡལ་སྲང་ལམ>>སོགས་མང་དུ་མཆིས། དེ་དག་ལ་བྱ་དགའ་ཡང་རབ་དང་རིམ་པ་ཞིག་ཐོབ་ཡོད་འདུག ཁོང་གི་བརྩམས་ཆོས་མང་ཤོས་ཤིག་ཏུ་ནང་སེམས་ཀྱི་ཅི་ཞིག་བོར་སོང་བ་དག་སླར་ཡང་འཚོལ་བཞིན་པ་དེ་བྲིས་ཡོད་ལ། དྲན་པ་དང་གདུང་བ་སོགས་ནི་ཁོང་གི་བརྩམས་ཆོས་དག་གི་བརྗོད་བྱ་རེད།
 
   ༢༠༡༤ལོའི་ནོ་པེལ་རྩོམ་རིག་དཔྱད་འདེམས་ཚོགས་པས་ཁོང་གི་བརྩམས་ཆོས་ལ་འདི་ལྟར་གདེང་འཇོག་བྱས་ཡོད་དེ། ཁོང་གི་བརྩམས་ཆོས་ཀྱིས་འཛིན་ཐབས་བྲལ་བའི་མི་ཡི་ལས་དབང་འབྲི་བ་དང་། གཡུལ་འཁྲུག་སྐབས་ཀྱི་ཧྥ་རན་སིའི་མི་རྣམས་ཀྱི་མི་ཚེ་ལ་འབོད་པ་བཏང་འདུག

གཞན་དུ་ཀློག་པ།
༢༠༡༣ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༡ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༠ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༠༩ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༠༨ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༤ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལགས་ལ་ཐོབ་པ།

2014-10-10 གསར་འགོད་པ་བུམ་པ་རྒྱལ། ཀློག་གྲངས། མཆན ཡོད།
 

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཟླ༡༠བའི་ཚེས༩ཉིན་ནོ་པེལ་རྩོམ་རིག་དཔྱད་འདེམས་ཚོགས་པས་༢༠༡༤ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ(Patrick Modiano)ལགས་ལ་གནང་འདུག
 
  ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལགས་ནི༡༩༤༥ལོའི་ཟླ༧ཚེས༣༠ཉིན་ཕ་རི་སའི་ཉེ་འདབས་ཀྱི་གྲོང་ཁྱེར་ཞིག་ཏུ་སྐྱེས་ཤིང་། རྒྱལ་ཁོངས་ཧྥ་རན་སི་ཡིན་ལ། ཁོང་ནི་མིང་དུ་གྲགས་པའི་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་མཁན་ཞིག་ཡིན་ཏེ། ཁོང་གིས་ཧྥ་རན་སིའི་སྐད་ཀྱིས་བརྩམས་པའི་བརྩམས་ཆོས་དག་ལ་ཧྥ་རན་སིའི་རྩོམ་རིག་དཔྱད་བརྗོད་པའི་སྡེ་ན་གདེང་འཇོག་ཚད་མེད་གནང་བཞིན་ཡོད་པ་དང་། བརྩམས་ཆོས་གཙོ་བོ་ལ་ནི<<སྐར་དབྱིབས་ཐང་ཆེན>>དང<<གྲོང་ཁྱེར་སྐོར་ལམ>>   <<མག་མོག་གི་ཚོང་རྡལ་སྲང་ལམ>>སོགས་མང་དུ་མཆིས། དེ་དག་ལ་བྱ་དགའ་ཡང་རབ་དང་རིམ་པ་ཞིག་ཐོབ་ཡོད་འདུག ཁོང་གི་བརྩམས་ཆོས་མང་ཤོས་ཤིག་ཏུ་ནང་སེམས་ཀྱི་ཅི་ཞིག་བོར་སོང་བ་དག་སླར་ཡང་འཚོལ་བཞིན་པ་དེ་བྲིས་ཡོད་ལ། དྲན་པ་དང་གདུང་བ་སོགས་ནི་ཁོང་གི་བརྩམས་ཆོས་དག་གི་བརྗོད་བྱ་རེད།
 
   ༢༠༡༤ལོའི་ནོ་པེལ་རྩོམ་རིག་དཔྱད་འདེམས་ཚོགས་པས་ཁོང་གི་བརྩམས་ཆོས་ལ་འདི་ལྟར་གདེང་འཇོག་བྱས་ཡོད་དེ། ཁོང་གི་བརྩམས་ཆོས་ཀྱིས་འཛིན་ཐབས་བྲལ་བའི་མི་ཡི་ལས་དབང་འབྲི་བ་དང་། གཡུལ་འཁྲུག་སྐབས་ཀྱི་ཧྥ་རན་སིའི་མི་རྣམས་ཀྱི་མི་ཚེ་ལ་འབོད་པ་བཏང་འདུག

གཞན་དུ་ཀློག་པ།
༢༠༡༣ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༡ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༡༠ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༠༩ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
༢༠༠༨ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།