སྡིག་སྲིན་གྱི་རྭ་བར་ནས་རྙེད་པའི་རིག་གནས།

  ཙི་ནའི་མི་རིགས་འདི་ལ་ལོ་ངོ་ལྔ་སྟོང་གི་ཤེས་ཡོན་ལོ་རྒྱུས་ཡོད་རབས་བཤད་ཀྱིན་འདུག། གྱོན་ཆས་གསར་བ་ཞིག་དང་བཟའ་བཅའ་གསར་བ་ཞིག   དངོས་རྫས་གསར་བ་ཞིག་བྱུང་བ་དང་མཉམ་དུ་རིག་གནས་རིག་གནས་ཟེར་ནས་འཛམ་གླིང་དུ་སྐད་ཅོར་ཅོར་གྱིས་སྒྲོགས་ཀིན་པའི་མི་རིགས་འདི་ལ།  རིག་གནས་ཞེས་པ་དེ་མིང་ཚིག་གསར་བ་ཞིག་གམ་བྱ་ཚིག་གསར་བ་གང་ཞིག་གི་མཇུག་ཏུ་སྦྱར་ན་ཤེས་ཡོན་ཞེས་པའི་མིང་དོན་གསར་བ་ཞིག་ཏུའང་འགྲུབ་ཀྱིན་ཡོད་དེ།   དཔེར་ན་ཤུལ་དངོས་ཞིབ་འཇུག་ཆེད་མཁས་པར་གདགས་པའི་མི་སུ་ཞིག་གིས་རྒྱལ་མོ་ཨུ་རྫི་ཐན་གྱིས་གནའ་བོའི་ཕོ་བྲང་འདིའི་བསྐོར་ལམ་གང་ཞིག་ནས་གཅིན་པ་ཐེངས་གཅིག་བཏང་མྱོང་བ་ར་སྤྲོད་བྱེད་ནུས་ཚེ།  ཁོས་ངེས་པར་དུ་གནས་དེ་ཀར་དབྱིབས་བཟོ་ལེགས་ཤིང་བརྗིད་ཉམས་ལྡན་པའི་ལྡིང་ཁང་ཞིག་ཆེད་དུ་བཟོས་ཏེ།  ཁ་ཕོ་ཆེན་པོ་དང་གདེང་ཚོད་ཆེན་པོའི་ངང་ནས་གནས་དེ་ནི་རྒྱལ་མོའི་ཆབ་གསང་རིག་གནས་ཀྱི་འབྱུང་ཁུངས་ཡིན་པར་འུད་སྒྲོགས་བྱེད་སྲིད་པ་ལྟ་བུ་རེད།
  དེ་ལྟ་ནའང་རིག་གནས་ཀྱི་མིང་དུ་གདགས་རུང་བ་ཡོད་ཚད་དེ་འདྲ་ཞིག་ཡིན་པའི་ངེས་པ་མེད་མོད།  མང་དག་ཅིག་ལ་དངོས་དོན་གྱི་བདེན་དཔང་དང་ཁུངས་ལུང་འདེད་རྒྱུ་ཡོད།དཔེར་ན་ཙི་ན་བའི་བཟའ་ཆས་རིག་གནས་ལྟ་བུ་སྟེ།   བཟའ་བཏུང་གི་ངོས་ནས་བཤད་ན།   ཙི་ན་བ་ནི་དངོས་གནས་ཤེས་ཡོན་ཟབ་ཅིང་རིག་གནས་ཀྱི་ཁུངས་ལུང་དང་ལོ་རྒྱུས་རྒྱུན་རིང་བོ་ཡོད་པ་ཞིག་རེད།   འདས་ལོ་༢༥༠༠ཡི་ཡར་སྔོན་ཞིག་ལ།འཛམ་གླིང་གི་མི་རིགས་གཞན་དག་གིས་གཡོས་སྦྱོར་གྱི་རྡོར་ཟས་ཅི་ཡང་མེད་པའི་ཤ་ཁྲག་ཙམ་ལ་རོལ་སྐབས།  ཙི་ནའི་ཁུང་ཙི་ཡིས་བཟའ་བ་ལ་སྤུས་ལེགས་མི་སུན་པ་དང་མྱོང་བ་ལ་ཞིབ་ཆར་མི་སུན་པ﹡འི་རིམ་པ་ཞིག་ཏུ་སླེབས་ཚུལ་བཤད་ཡོད།   སྐབས་དེ་འདྲ་ཞིག་ནས་ཙི་ན་བའི་སྣོམ་བྱེད་ཀྱི་དབང་བོ་འདི་དཔྱིད་ཀྱི་ཤ་མོ་རྒྱས་པ་བཞིན་སྔར་ལས་དར་ཞིང་འཕེལ་ཏེ།ཕུན་སུམ་ཚོགས་པའི་བཟའ་ཆས་ཀྱི་རིག་གནས་ལོ་རྒྱུས་ཤིག་ཀྱང་འགོག་མེད་ཆུ་རགས་ཤོར་བ་བཞིན་དུ་རྨ་འབྲི་ཆུ་བོའི་སྨད་རྒྱུད་དུ་བྱུང་ཞིང་།   ཁོ་ཚོའི་ཤེས་རིག་དང་སྤྱང་གྲུང་གི་ནུས་སྟོབས་ཡོད་ཚད་ཀྱང་བྲོ་ལྡན་ཟས་རིགས་ཀྱི་གཡོས་སྦྱོར་དང་བཟའ་ཆས་ཁོ་ནའི་སྟེང་ཕངས་མེད་དུ་སྤྱོད་པར་དགའ་བོ་གནང་བཞིན་ཡོད།
  སྨོས་མ་དགོས་པ་ཞིག་ལ།གཡོས་སྦྱོར་གྱི་ལག་རྩལ་དང་ཧ་ལས་དགོས་པའི་བཟའ་ཆས་རིག་གནས་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་ནི་ཙི་ནའི་ཟ་ཁང་ཆེན་མོ་དག་ཏུ་སོང་བས་ཤེས་ཐུབ་སྟེ།  ཁ་དོག་བཀྲ་ཞིང་བཟོ་བཀོད་ལེགས་པའི་མདོག་ལྡན་སྡེར་གཞོང་སོགས་སུ། བྲོ་བ་ཞིམ་ལ་དབྱིབས་གཟུགས་སྣ་ཚོགས་པའི་སྲོག་ཆགས་ཀྱི་ཤ་ཁྲག་དག་ཧྲིལ་བོ་ཧྲིལ་བོར་སྤུངས་བས་ཀྱང་བཟའ་འདོད་ཀྱི་ལྟོ་བར་མུག་ཆུ་རྦ་རླབས་གཡོས་པ་ཇི་བཞིན་འཕྱུར་ངེས་རེད།  དེ་ལྟའི་ཟ་ཁང་དག་ཏུ་བཟའ་བཏུང་ལ་རོལ་བའི་མི་རྣམས་ནི་གདོང་ལ་བདེ་སྐྱིད་དང་རྔམ་སེམས་ཀྱི་འཛུམ་མདངས་རྒྱས་ཤིང་།  དཀར་སིང་སིང་གི་མཆེ་བ་རྣོན་པོའི་བར་བར་དུ་ཁྲག་རློན་མ་བསྐམས་པའི་ཤའི་ཉག་མ་དག་སྙིགས་ནར་ནར་ཕྱིར་དྲུད་འོངས་དུས།དེ་ནི་ཆེས་སྐྱིད་པའི་འཇིག་རྟེན་འདིའི་ལོངས་སྤྱོིད་ཅིག་ཅི་ལ་མིན་ཨང་སྙམ་ངེས།
  ཙི་ནའི་དཔྱད་བརྗོད་པ་བང་པིན་པིན་ཟེར་བ་ཞིག་གིས་བྲིས་པའི་འབོལ་རྩོམ་<<སྡིག་སྲིན་ཞིག་ལ་དགའ་འབོད་བྱས་པ>>ཞེས་པའི་ནང་དུ།   ས་ཁུལ་ག་གེ་མོའི་སྐྱེས་པ་ཞིག་གྲོགས་པོས་གདན་ཞུ་བྱས་པ་ལྟར་ཆང་ཁང་ཞིག་ཏུ་སོང་ནས་བཟའ་བཏུང་ལ་རོལ་སྐབས།གྲོགས་པོས་ཆེད་དུ་གདམས་པའི་སྦྲིད་ཟས་སྡིག་སྲིན་ཞིག་ཐུར་མགོར་བླངས་ནས་ཁ་རུ་འཇུག་སྐབས།   ཆང་གིས་ར་བད་མེད་པའི་སྡིག་སྲིན་དེས་སྟེང་འོག་མཆེ་བ་གཉིས་ཤུགས་ཀྱིས་བརྡབས་ནས་ཁོ་རང་བཟའ་ཀྱིན་པའི་སྐྱེས་པ་དེའི་མཆུ་སྒྲོས་སྟེང་ཡོ་བ་མེད་པར་ཕྱིར་རྨུགས་པ་རེད།   ཆང་གིས་སྦྲིད་པར་བྱས་པའི་སྡིག་སྲིན་དེའི་དུག་ཤེད་གཞན་ལས་ཆེ་བའམ་ཅི་སྟེ།   རྨུགས་ཐེངས་གཅིག་གིས་སྐྱེས་པ་དེ་ཉིད་ལུས་ཕྱེད་ཀྱི་ཟུངས་ཡོངས་སུ་ཟད་པར་བྱས་ཏེ།མི་ཚེ་གང་བོར་ཡར་འགྲེང་བའི་ནུས་པ་ཙམ་ཡང་མེད་པར་བྱས་པ་རེད།ཅེས་བྲིས་འདུག
  བཟའ་ཆས་ལ་མར་ཆུར་རྩམ་གསུམ་དང་ཆེས་སྡིག་ནའང་ཟོག་ལུག་གི་ཤ་ཁྲག་ཁོ་ནར་རོལ་གྱིན་པའི་ཁོ་བོར་མཚོན་ན་འཇིག་རྟེན་དུ་ད་དུང་ར་བཟི་བའི་སྡིག་སྲིན་ཟེར་བའི་བཟའ་ཆས་ཤིག་ཡོད་པ་མི་ཤེས་མོད།  སྡིག་སྲིན་ནི་ཐོས་མྱོང་སྟེ།   དེ་ནི་དུག་ལྡན་སྲོག་ཆགས་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ལ།  རྒྱུན་དུ་བལྟ་ཙམ་ཡང་མི་ནུས་པའི་སྡིག་སྲིན་ཞིག་ཟ་རྒྱུ་ཕར་ཞོག   ཐ་ན་དེའི་ཉེ་གམ་དུ་བཏུད་ཀྱང་མི་ནུས་པའི་ཚད་དུ་བཞག་ཡོད།  ཡིན་ནའང་འདི་ནི་ཁོ་ཚོའི་རོ་བཅུད་རེད།  རིན་གོང་མཐོ་ཞིང་ནང་བཅུད་ལེགས་པའི་རོ་ལྡན་གྱི་བཟའ་ཆས་རིགས་ཤིག་རེད།   བཟའ་ཆས་དེ་གསོན་གསོན་དུ་བཟའ་ཕོད་པའི་རིག་གནས་ཀྱི་ཡུལ་གྲུ་འདིར།   གཡོས་སྦྱོར་གྱི་ལག་རྩལ་ལམ་བཟའ་ཤེས་བཏུང་ཤེས་ཀྱི་ཐབས་རྩལ་དེ་ཀོ་ནི་དངོས་གནས་འཛམ་གླིང་སྟེང་གི་ཡང་རྩེ་དང་འཇིག་རྟེན་ཁྲོད་ཀྱི་ངོ་མཚར་གཅིག་པུ་ཅི་ལ་མིན།
  བཟའ་བཏུང་རིག་གནས་ཞེས་པ་འདིར་ཁོ་བོས་གདོད་ནས་ཞིབ་འཇུག་བྱས་མ་མྱོང་ཁར་རྣམ་གྲངས་འབོར་ཆེ་ལ་གདུག་རྩུབ་མིག་གིས་མཐོང་ཐུབ་པའི་བཟའ་བཏུང་དེ་འདྲ་ནི་བོད་རིགས་ཕར་ཟད།   འཛམ་གླིང་གི་མི་རིགས་གང་ཡིན་ཡང་ཕལ་ཆེར་ཡོད་མི་སྲིད་པར་ཁ་ཚོན་བཅད་ཆོག་སྟེ།  སྡིག་སྲིན་དེ་ཉིད་ཀྱི་གཡོས་སྦྱོར་ཁོ་ནའི་སྟེང་ནས་བལྟས་ནའང་ཡ་མི་མཚན་པ་ཅི་ལ་མེད།   དཔེར་ན་སྡིག་སྲིན་དེ་ཆང་གིས་ར་རོ་བར་བཟོས་རྗེས་བྲོ་ལྡན་གྱི་ཚྭ་དང་རྡོར་ཟས་རིགས་སྣ་ཚོགས་པ་དང་ལྷན་དུ་གསོན་པོར་བཟའ་རུང་བའི་ཟས་རིགས་ཤིག་ཏུ་བསྒྱུར་བར་སོམས་དང་།   གཡོས་སྦྱོར་གྱི་ཐབས་རྩལ་དེ་འདྲ་མེད་ན་ང་ཚོས་ཤ་རློན་པ་དང་ཁྲག་དྲོན་མོ་བཏུང་བར་ཞེ་ནས་སྐྲག་ཅིང་དེ་འདྲའི་རིགས་ལ་ཆེད་དུ་བཏགས་པའི་བདུད་སྲིན་ཞེས་པའི་མིང་དེའང་ཡ་མཚན་དུ་ཅི་ལ་འདོད་དེ།   དེ་ནི་བདུད་སྲིན་གྱི་རིགས་དག་ལའང་ཡོད་མི་སྲིད་པའི་སྒྱུ་རྩལ་མཚར་སྡུག་གི་གདུག་རྩུབ་ཅིག་མ་ཡིན་ནམ།
  གོ་ཐོས་སུ།  ཙི་ནའི་རིགས་ལ་ད་དུང་སྤྲེའུ་ཀླད་བྱ་བའི་ཟས་མཆོག་ཏུ་གྱུར་བ་ཞིག་ཡོད་ཁར།  སྤྲེའུ་ཀླད་བཟའ་བའི་ཐབས་ལམ་ལེགས་ཤོས་ནི་སྤྲེའུ་ཞིག་ལྕགས་དྲའི་གཟེབ་དམ་པོ་ཞིག་ཏུ་འགུལ་མི་ནུས་བར་བཟོས་ཤིང་།   དེའི་མགོ་བོ་ལྕགས་དྲའི་ཕྱིར་ཐོན་པར་བྱས་ལ་དེར་ཐོ་བ་བསྣུན་བཞིན་ཀླད་པ་ཕྱིར་བུད་པ་དག་བཟའ་བར་བཤད་ཅེས་དང་། དཔེ་ཆ་རེ་གཉིས་སུ་ད་དུང་སྲོག་ཆགས་ཀྱི་གསོན་ཤ་བཟའ་བ་སྟེ།  བ་གླང་ངམ་བོང་བུ་དག་སྡོང་ཤིང་ཆེན་པོ་ཞིག་ལ་བཀྱིགས་ཏེ།  དེའི་ལུས་སྟེང་ནས་གསོན་ཤ་གཞོག་ཅིང་བཟའ་བ་དག་ཀྱང་ཡོད་པར་བཤད་ཡོད།
  སྲོག་ཆགས་ཀྱི་གསོན་ཤ་བཟའ་ཕོད་པའི་གདུག་རྩུབ་ཀྱི་མི་རིགས་ཤིག་ལ་མཚོན་ན།  མི་ཤ་གསོན་ཟ་བྱེད་པའི་རིག་གནས་ཀྱི་ཤེས་ཡོན་ཅི་ལ་མེད་དེ།   ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཁྲོད་ནས་མི་ཤའི་བྲོ་མྱོང་ལ་དཔྱད་ཞིབ་དང་གདེང་འཇོག་བྱས་པའི་ཡིག་གཞུང་ཀྱང་མང་དུ་མཐོང་རྒྱུ་ཡོད་འདུག   དཔེར་ན་ཆིན་རྒྱལ་རབས་ཀྱི་ཇི་ཡོན་ཟེར་བས་བརྩམས་པའི<<རྩྭ་སྤྱིལ་ཆུང་བ་བཀླགས་པའི་ཟིན་ཐོ>>﹡བྱ་བ་དེར་མི་ཚོད་(菜人)ཀྱི་གཏམ་རྒྱུད་ཅིག་བྲིས་ཡོད་སྟེ།   མིང་རྒྱལ་རབས་ཀྱི་ཁྲོང་ཀྲིན་དུས་མཇུག་སྐབས།  ཧོ་ནན་དང་ཧྲན་ཏུང་བརྒྱུད་དུ་ཐན་སྐྱོན་ཆེན་པོ་བྱུང་ཞིང་།   མི་རྣམས་ཀྱིས་རྩྭ་ལྡུམ་དང་སྡོང་ཤིང་གི་ཤུན་པ་རྣམས་བཟའ་བ་མ་ཟད།    བུད་མེད་དང་བྱིས་པ་དག་འཁྲིད་ནས་ཚོང་རར་བཤམས་ཏེ་ཤ་ཚོད་དུ་འཚོང་ཞེས་འཁོད་འདུག   དེར་མ་ཟད་བྱིས་པའི་ཤ་ནི་རློན་ཞིང་སྙི་ལ།  བཙོས་རྗེས་རུས་པ་དང་ཆབས་ཅིག་བཟའ་ཆོག་པས་ཟས་མཆོག་གྱུར་ཏུ་བརྩི་ཞིང་།  བུད་མེད་ཀྱི་ཤ་ནི་ལུག་ཤ་ཚོན་པོ་བཞིན་བྲོ་བ་ཞིམ་ལ་ནེམ་ཚུལ་གྱི་གདེང་འཇོག་ཀྱང་བྱས་འདུག
  དེ་ལས་གཞན་ཁྲུན་ཆིའུ་དུས་སྐབས་ཀྱི་ཆི་ཧོང་ཀོང་བྱ་བའི་བཙན་བདག་དེས་ཉིན་ཞིག་ལ།   ཁོ་བོས་འཇིག་རྟེན་འདིེར་བཟའ་ཆས་རིགས་མ་ཟོས་པ་མེད་ནའང་མི་ཤའི་བྲོ་བ་མྱངས་མ་མྱོང་ཞེས་བཤད་པར་ནང་བློན་དབྱི་ཡ་ཟེར་བ་དེས་བདག་པོ་མགུ་ཆེད་རང་གི་ལོ་གསུམ་ཙམ་སོན་པའི་ཕྲུ་གུ་བསད་ནས་ཤ་ཁུ་བཟོས་རྗེས་ཆི་ཧོང་ཀོང་ལ་བསྐྱལ་བར་བྲོ་བ་ལེགས་ཚུལ་གྱི་གདེང་འཇོག་བྱས་པ་ལྟ་བུ་རེད།ད་དུང་ཙི་ན་བའི་ལོ་རྒྱུས་དེབ་ཐེར་དང་གསང་བའི་ལོ་རྒྱུས།རྩོམ་རིག་བརྩམས་ཆོས་སྣ་ཚོགས་ཁྲོད་མིས་མི་ཤ་ཟ་བའི་གནས་ཚུལ་ནི་ཁོ་ཚོའི་རྒྱལ་རབས་ལོ་རྒྱུས་བཞིན་གསལ་ཞིང་གསོན་ཉམས་ལྡན་པར་བྲིས་ཡོད་པར་བལྟས་ཚེ།རིག་གནས་ཞེས་པའི་སྣང་ཚུལ་ཀྱང་འདི་འདྲ་ཞིག་ཏུ་སོང་རྒྱབ་ཤེས་ཡོན་ལོ་རྒྱུས་ཞེས་པ་ནི་སྐྱུགས་བྲོ་ལ་གདུག་རྩུབ་ཀྱིས་ཟིན་པའི་ནག་ཉེས་ཀྱི་ལོ་རྒྱུས་ཤིག་ལས་མ་འདས་སོ་སྙམ།
  གནའ་ཤུལ་རིག་གནས་དང་གནའ་རབས་ཁྱད་མཚར་གྱི་ཤུལ་རྫས་སུ་བསྙད་པའི་དོན་དངོས་འདི་དག་ལ་གཡོལ་ནས་དེང་སྐབས་སྐད་གཟེངས་གཟེངས་ངང་མི་རིགས་གཞན་ཞིག་གི་ཤེས་ཡོན་གྱི་ཟབ་ཚད་དང་ལེགས་ཉེས་གླེང་བའི་ཁ་ཕོ་དེ་ནི་གང་ལྟར་ཀྱང་བདེན་རྫུན་གྱི་གསལ་ཁ་མི་འབྱེད་པའི་འཆལ་གཏམ་ཞིག་དང་རང་ངོ་རང་རྫོབ་ཀྱི་གླེན་རྟགས་ཁྱད་མཚར་བོ་ཞིག་མ་རེད་དམ།
  སྐད་ཆ་དེ་དག་ལས་ཅུང་ཞིག་འཕྲོས་ན།ཞིང་བྲན་དང་གླེན་རྨོངས་སུ་འབོད་པའི་བོད་པའི་སྤྱི་ཚོགས་རྙིང་བའི་རིང་ལ་བྱུང་བའི་རྐང་གླིང་(ཆོས་ལུགས་པའི་ཆོས་ལུགས་ཀྱི་ཡོ་བྱད་ཅིག་སྟེ།བེམ་པོ་བྱ་ལ་གཡེང་སྐབས་སུ་བླངས་པའི་མིའི་རྐང་རུས་ལས་བཟོས་པ)ཞིག་བརྗོད་བྱར་བྱས་ཏེ་གདུག་རྩུབ་དང་གླེན་རྨོངས་སོགས་སུ་ཆེ་སྤྲོས་དང་དྲིལ་སྒྲོགས་བྱེད་ཀྱིན་པའི་མི་རིགས་དེ་ནི་རྐང་གླིང་དེ་ཉིད་ཟས་སུ་ཟ་བའི་མི་རིགས་ཤིག་ཡིན་པ་ཤེས་ཚེ་འཛམ་གླིང་གི་མི་རྣམས་ཀྱིས་ཅི་ཟེར་རམ།ཞི་བདེ་བྱ་བའི་ངོ་བོ་དང་ཤེས་ཡོན་བྱ་བ་དེའི་རྒྱབ་ལྗོངས་ལ་ཅི་ལྟར་བལྟའམ།བཟའ་ཆས་ཁོ་ནས་འཚོ་བའི་མི་རིགས་ཤིག་ལ་ཤེས་ཡོན་བྱ་བའི་ཁོག་རྒྱ་དང་བརྩེ་སེམས་ཡོད་དམ།དཀྱེལ་ཡངས་དང་བཟོད་བསྲན་གྱི་རིག་གནས་ཡོད་དམ་ཞེས་ཀྱང་འདྲིའོ།།

རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡིག་སྲིན་གྱི་རྭ་བར་ནས་རྙེད་པའི་རིག་གནས།

2009-05-06 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།