སྙན་ངག་རིང་མོ། རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས།

ཐེ་ཚོམ་དང་འཚེར་སྣང་ཡོད་ཚད་བསྔོགས་ནས
རང་ཉིད་བཞེངས་ཟིན
མེ་ལོང་ལྟ་བུའི་དུར་བྱང་གི་ངོས་སུ
ཁྱོད་ཀྱི་ཆེས་སྙན་པའི་གླུ་སྐད་དང་བཞིན་རས་ཕབ་ཡོད་ན
མེ་ལྕེ་ལྟ་བུའི་རྣམ་ཤེས་འདིར་ཤོག་དང
སྔོན་འགྲོའི་རོལ་དབྱངས།
                 
  ལེའུ་དང་པོ།   ཁེར་བཞུད་ཀྱི་རླུང་བུ།
                  ༡
རང་ལུས་ཀྱི་པགས་པའི་ས་གཞི་ཞིག་བསྐྲུན་པ་དེ་བཞིན
ནམ་ཡང་འདོར་དུ་མེད་པའི་ངལ་དུབ་ཀྱི་རླུང་བུ་ཁ་ཤས
འཚོ་ཐབས་མི་དགོས་པའི་ཉི་འོད་ཀྱི་བྲང་གཞུང་ལ་འཐིམ་ཚར་ཞིང
དུར་ཁྲོད་ཅིག་གི་ངོ་མཚར་བའི་ཚེ་སྲོག་གི་གནས་སྟངས་སུ་བཞུགས་པའི
རུས་རྐང་དག་གིས་བསྲུབས་པའི་མཉམ་སྒྲོག་རོལ་དབྱངས་དེས་ཀྱང
འཇིགས་སྣང་གི་རྨི་ལམ་ལས་ཕྱེད་ཀ་ཟོས་ཚར་བའི་མི་ལུས་ཀྱི་ནགས་ཚལ་བསྔོགས

གཞུང་ལུགས་ཀྱི་འདོད་སྲེད་ཀྱིས་བསླུས་བའི་དཔལ་འབར་དང
སྙན་འཇེབས་ཀྱི་མགྲིན་པ་གཟེངས་སུ་བཏེགས་པའི་རྒྱང་བསྐྱོད་ཀྱི་གླུ་གཞས
མནལ་སར་ཡོལ་རས་་འཐེན་ཟིན་པའི་རྨས་ཕོག་པའི་ཁེར་རྐྱང་གི་ཟླ་བའི་སྐྱོ་གདུང་གི་བཞིན་རས
འོད་དཀར་གྱི་ཟེགས་མ་མངལ་དུ་སྦྲུམ་པའི་བསམ་བློ་འཁེན་སའི་ཁང་བཟང་ཞིག་ན
མི་མངོན    མི་གསལ  
མི་མཐོང་བའི་ཞིང་ཁམས་ཤིག

ཁྱོད་ལགས་ཏེ   སྲོད་དུས་སུ་ལྷམ་སྒྲོག་ལེགས་པོར་བསྡོམས་པའི་རྟོགས་སད་པ
ཁྱོད་ལགས་ཏེ   ཤེས་རབ་ཀྱི་ལྷ་ཆབ་བསྔོ་བའི་འཆར་ཡན་གྱི་སྙན་ངག་པ

སྤྲིན་དཀར་གྱི་ཕོན་པོའི་ཚེ་སྲོག་གི་བརླན་གཤེར་མནབས་དུས་སུ
ཤེལ་དམ་དུ་བཞད་པའི་མེ་ཏོག་གི་གསང་བ་དང་མེ་ཏོག་གི་མཆུ་སྒྲོས
འཆི་བདག་གིས་ལོངས་སུ་སྤྱོད་ཀྱིན་པའི་དོན་ལྔ་སྣོད་དྲུག
དུས་རབས་ཀྱི་མེ་ལྕེས་འཛད་དུ་མ་ཟིན་པའི་ཁྱོད་ཀྱི་མཚན་མ
ཁེངས་དྲེགས་ཀྱིས་ལྕེབས་ཐག་ལ་སྙེག་པའི་རྣམ་ཤེས་དག་ནི
སྨྲེང་སྐྱོའི་གཞས་གདངས་སུ་སྤེལ་བའི་གཏམ་རྒྱུད་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ
དེའང་མིན་པར་སྲོག་སྙིང་གི་ས་བོན་འབུས་སའི་ས་གཞི་ཆེན་པོ་ཡིན
              
                       ༢
ཉལ་ཐའི་མེ་ཏོག་གི་གསང་བ་གྱོན་པའི་བུད་མེད་ཚོགས
ཁྱོད་ཀྱི་ཡིན་འོས་ལ་གཞན་ཞིག་གི་འང་ཡིན་འོས་པའི་དུས་སུ
དུག་གི་རླངས་པ་ལྟ་བུའི་བུད་མེད་ཀྱི་ཤ་དྲོད་དང
དེ་ཡི་རྒྱུད་དུ་གཏམས་པའི་བརྩེ་དུང་གི་དུག་འབྲས་ནི
འདས་དུས་ཀྱི་གཟུགས་བརྙན་ལས་མཐོང་ཐུབ་པའི་ཤེས་རབ་ཀྱི་འགག་སྒོ་རེད

སྒམ་བརླིང་གི་བརྩེ་དུང་ལ་བླ་སྲོག་མེད་དུ་ཆུགས
ལོ་རྒྱུས་ཀྱི་སྙན་ངག་ལ་མིག་ཆུ་མེད་དུ་ཆུགས

འབྱོར་བ་ཞན་པའི་ཤ་ཁྲག་གི་ཕུང་བོ་འདི་དང
སྨུག་པས་དུབ་པའི་སྒྱིད་ལུག་གི་ངོ་གདོང་འདི་ཉིད
བྱམས་དུང་གིབརྩེ་བ་ངོམ་པའི་མཛའ་བརྩེའི་བཞུར་རྒྱུན་ཙམ་དུ
སྒྱུ་མའི་རྫུ་འཕྲུལ་རེད  
སྒྱུ་མའི་བརྩེ་དུང་རེད
སྒྱུ་མ་རང་ཉིད་རེད

ང   ལྷན་ཅིག་བདག་གེར་རུང་བའི་ང
ཞིང་ཁམས་གཞན་ཞིག་ན་ནར་སོན་དུ་བྲེལ་བའི་ང

བསྒྱུར་དུ་མེད་པ་ནི་ཁང་མིག་གཞན་ཞིག་ནས་གཉིད་དེ
མཇུག་མཐའི་དུར་ས་གནས་སའི་མཆོད་པའི་ལྷ་ཁང་བར་དུ
འབུ་སྦྲང་གི་ཤི་གོད་ལའང་རོལ་དབྱངས་ཀྱི་ཚེ་སྲོག་ཞུགས་ནས
སྐར་མདའི་ཤུལ་རྗེས་ལ་སྣུམ་ཚོན་གྱི་པིར་རིས་བཀོད་ན
སྨག་རུམ་ཡང་དགྲ་འགོག་གི་མཁར་གྱང་ནག་པོ་དེ
ཀློང་དུ་བརྡོལ་བའི་ཤེས་རབ་ཀྱི་སྐར་ཚོམ་གྱི་ཚེག་ལྡེབ་དྲན་སྲིད་དམ
                  
                        ༣
གྲང་རེག་གི་རྣོ་དབལ་ལས་འཚོ་བའི་རྨི་ལམ་གྱི་ཤུགས་བསྟན་རྟོགས་པས
འོད་ཟེར་དམར་པོའི་རྐན་སྒྲ་རྡེབ་པའི་ཟློས་གར་ལ་སྤྲོ་བ་བརྟས་ཤིང
གར་མཁན་མ་གཞན་ཞིག་ཀྱང་སྤྲང་མོའི་ཚུལ་གྱིས་སྦྱིན་པའི་མཐའ་ལ་བསྙེགས

འདས་ཟིན་གྱི་ཉེན་ཁ་ཅི་ཞིག་འབྱུང་བའི་རྟགས་མཚན་དེས
འཆི་བ་ཞེས་པའི་ཐ་སྙད་ནི་རང་ཉིད་ཀྱི་ཆེད་དུ་བཟོས་པའི་གཞུང་ལུགས་ཤིག་དང
གར་འགྲོ་གཏོལ་མེད་ཀྱི་དངོས་ཡོད་ལ་ཐ་དད་པའི་སུན་སྣང་ཞིག་བྱུང་ཡོང

མཁའ་ཁྱབ་ཀྱི་རེ་སྨོན་བསུ་བའི་ཐེར་ཟུག་གི་བསམ་བློ་ལས
སྨྱོ་་ངེས་པ་ཁྱོད་ཀྱི་བེམ་རོ་དང
མྱོང་ངེས་པ་ཁྱོད་ཀྱི་རྣམ་ཤེས་ཡིན་ན

ངའི་སེམས་པ་ཆུ་ཕྲན་ལྟར་བཞུར་བའི་ཉིན་ཞིག་ལ
བདེན་ལུགས་སྨྲ་བའི་དཀྲོལ་སྒྲོག་གི་རོལ་དབྱངས་ཐེངས་ཤིག་ལོས་དཀྲོལ
རོལ་དབྱངས་ཀྱི་དྭངས་གཙང་འཚེར་བའི་མེ་ལོང་གི་གཏན་ཚིགས་ཀྱང་ལོས་ཡོད

        ལེའུ་གཉིས་པ།   སྒྱུ་འཕྲུལ་གྱི་ཡུལ་ལྗོངས།

                     ༡
མེ་ལྕེས་མ་ཚིག་པའི་ཤ་གཟུགས་དང་མིག་འབྲས
བདག་མེད་དུ་བཏང་བའི་རྟོགས་པ་ཆེན་པོའི་མཚོན་ཆའི་རྒྱུད་དུ་བཏབ་པའི་སྐྱེ་བ
ཆག་འཇིག་གིས་ཡོངས་སུ་བཏུམ་པའི་ཕོ་བྲང་གི་རྩེ་མོར
གཡོ་སྒྱུ་དང་ཆགས་ཉམས་ཀྱིསབསླུས་པའི་དར་ཆ་སྔོན་པོ་ཞིག་ཡོད

དབུལ་ཕོངས་དང་རྟག་པ་མེད་པའི་སེམས་ཁྲལ་ལོངས་སུ་སྤྱོད་བཞིན
ངུ་བཞིན་མེ་ཏོག་རེ་ལྡོད་པའི་འཆར་གཞི་དེས
མཚན་གྱི་རྣམ་པ་ཧྲིལ་བོ་བཟི་སྟོབས་ཀྱི་དྲི་བསུང་རིགས་ཤིག་ཏུ་འཐུལ་ན
བཙོན་ཁང་ནས་སླར་ཡང་སྙན་ངག་འབྲི་དགོས་པ་རྟོགས་ཡོང
                  
                          ༢
ཁྱོད་ཀྱི་རྒྱབ་ཕྱོགས་ནས་གླུ་སྐད་ཀྱི་རྡོ་རིང་འཇིག་ཅིང
ཁྱོད་ཀྱི་མདུན་ཕྱོགས་ནས་དྲན་གདུང་གི་ཆར་བ་འཕྱོ་དུས་སུ
རླབས་ཀྱི་མིག་འབྲས་བརྟོལ་བའི་བྱིན་རླབས་དེའི་རང་དབང་ལས
ཁ་ཕྱོགས་གང་དུ་བསྙེག་ཀྱང་གྲུ་ཤན་གྱི་རྟ་མགོ་མཐོང་ཡོང

རྨི་ལམ་གྱི་འཆོར་སྒེག་ལས་རླུང་གི་དྲིལ་བུ་དཀྲོལ་ན
ཁང་སྟོང་ནས་ཧོ་རིང་འདེབས་སྲིད་པའི་འབྲོག་མོ་ཞིག་དྲན་ནམ

གཙང་ངོགས་སུ་བསྐྱུར་བའི་རང་གི་གྲིབ་མ་དང་རང་གི་རྐང་རྗེས
རང་གི་སྦྲ་ནག་གི་འཚེར་ཤུལ་གྱི་རྨ་ཁ་ཟབ་མོ་རུ
འཆར་གཞི་གཞན་ཞིག་གི་དོན་དུ་རྒས་པའི་སྒམ་བརླིང་གི་དབུ་སྐྲ་ནག་པོས
ངེས་དོན་གྱི་ཉི་འོད་འཚོ་བའི་གླུ་གཞས་ཐ་ཐོར་རེ་བླངས་ན
འགྲོ་བ་མིའི་ཚེ་སྲོག་ཏུ་འཐིམ་པའི་གླུ་ཚིག་གི་དཀྱིལ་འཁོར་ལ
རླུང་རྟའི་རྦ་རླབས་ཀྱིས་མ་བཏུབ་པའི་མཚོ་མོ་མཛེས་པས་སྐྱོམས་ངེས་ལ
ས་ཆེན་གྱི་ལུས་སྟེང་ན་ཞལ་ཁྲུས་ལ་རོལ་གྱིན་པའིབརྩེ་དུངས་དང
ཚེ་སྲོག་གི་དོན་དུ་འབར་བའི་མཆོད་མེ་དག་འགྱེལ་རྗེས་སུ
ཁྱོད་ཀྱི་མདུན་དུ་ཡང་ཡང་རྒས་སྲིད་པའི་དར་ལྕོག་དག་ཀྱང་འཇིག་འགྲོ

འདོད་སྲེད་ཀྱི་མེ་ལོང་གིས་ཁྱོད་ལ་དགའ་བ་གཞན་ཞིག་སྟེར་མི་སྲིད་ནའང
ཁྱོད་དང་མཇལ་བའི་དུས་ནས་སུ་ཞིག་གི་བློ་ཁ་བདེ་མྱོང་ངམ

འོད་ཀྱི་ལན་བུས་བར་སྐོར་གྱི་གཅོང་རོང་ལ་མནར་གཅོད་ཐེངས་ཤིག་བཏང་བས
ཚེ་སྲོག་གི་འཇིགས་སྐྲག་ནི་ལོ་རྒྱུས་ཀྱི་མིག་ཆུ་ཡིན

                   ༣
ཟླ་བའི་འོད་ཀྱིས་ཉི་མ་དམར་བོ་བཟོ་སྲིད་པའི་དུས་སུ
མཚམས་སྤྲིན་གྱིས་བཀལ་བའི་ཁྲག་དམར་གྱི་ས་བོན་ནི
ཆེས་རྒྱ་ཆེ་ཞིང་ཆེས་ཁོད་ཡངས་པའིལོ་རྒྱུས་ཀྱི་ཆུ་ཀློང་ཆེན་པོ་ཡིན
སྣ་ཚོགས་ཏེ་བར་མེད་དུ་འཁོར་བའི་རྡོ་ཡི་རང་འཐག་དང
ཆུ་ཡི་འཁོར་ལོ   མེ་ཡི་སྒྲོན་མེ་དག་ནི
རང་བྱུང་གི་རྔོག་མའི་རྩེ་ན་འཁྱོལ་བའི་ལྐོག་གྱུར་གྱི་ལྷ་སྒྲུང་རེད

དགུ་ཚིགས་ཀྱི་གཙང་བོ་རྒྱ་མཚོ་རུ་བཞུར་བས
རླུང་གིས་བཅད་པའི་ཤོག་བྱ་དེས་ཀྱང་སྡོང་མགོར་བྱ་ཚང་བཟོས་ཤིང
མིག་ཟུང་ལྟ་བུའི་སྒེའུ་ཁུང་རེ་ནས་ཀྱང
ལྷའི་ཕོ་ཉར་གྲགས་ས་པའི་སྙན་ངག་པ་མང་པོ་ཞིག
གཤོག་པ་ལྡེབ་ཀྱིན་མཁའ་དབྱིངས་སུ་འཕུར་སོང
གཤོག་འགྱུར་གྱི་གར་སྟབས་རེ་རེས
སྡུག་བསྔལ་ལ་ཚོས་གཞི་ཕབ་པའི་དམ་བཅའ་བོར་བས 
འཇིག་རྟེན་འདིའི་མཐའ་རུ་སུམ་པའི་ཁྱིམ་རྒྱུད་ཀྱི་ནོར་བུ་དེ་སུས་སྲུང 

མཐོ་རིས་སུ་རླུང་བུ་དང་ལྷན་དུ་འཕུར་གྱིན་པའི་བདག་གི་རྒྱལ་སྲས་ལགས
ཁྱོད་ཀྱི་གནས་མལ་དེ་འཚང་རྒྱ་བའི་ཡེ་ཤེས་ཀྱི་སྤྱོད་ལམ་མམ
ཡང་ན་སྙན་ངག་གི་ཐིགས་པ་འཛར་སའི་རོལ་དབྱངས་ཀྱི་ནམ་མཁའ་ཡིན

རྨི་ལམ་ལས་སད་སྲིད་པར་བསླུ་བྲིད་ཀྱི་མནར་གཅོད་རེ་ཡོད་ཅིང
གཉིད་མེད་པའི་སེམས་ཅན་ལ་རྨི་ལམ་གྱི་རྒྱུ་ནོར་རེ་ཡོད་འདུག
བདག་གི་ནམ་མཁའ  རོལ་དབྱངས་ཀྱི་ནམ་མཁའ  རྨི་ལམ་གྱི་ནམ་མཁའ
ནམ་མཁས་མ་ཤོང་བའི་ནམ་མཁའ
གཞར་ཡང་སད་སྲིད་པའི་ཡུལ་ལྗོངས་ཀྱི་ངོ་བོ་ཐམས་ཅད 
རྨི་ལམ་དེའི་གཟི་མདངས་དང་རྨི་ལམ་དེའི་ཤུགས་བསྟན་གྱི་དོན་དུ 
སོ་སོ་རང་མཐོང་དབྱིངས་སུ་བཏབ་པའི་འཇའ་ཚོན་ཇི་བཞིན
མུན་ནག་གི་ལས་སྐལ་བསྐྱར་དུ་མྱོང་འདོད་ཀྱི་ཡིད་སེམས་སྨྲེང་བས་ཁེངས
སྨྲེང་བ་ཁོ་ནས   ང་ལ་འབྲོག་ལྗོངས་ཀྱི་བྲོ་བ་ཐེངས་ཤིག་སྟེར་ངེས

          ལེའུ་གསུམ་པ། ཆག་འཇིག་གི་འཐབ་ར།

                     ༡
ཞི་འཇམ་གྱི་མེ་ཏོག་བཞད་པའི་ལོ་ཟླ་དུ་མ་ཞིག་ལ
རླུང་དང་འབྲེལ་བ་མེད་པའི་ནང་སེམས་ཀྱི་སྐར་ཁུང་དེར
བརྩེ་སེམས་ཀྱི་སྣང་བར་བརྡོལ་བའི་སྐར་ཚོགས་ལྷམ་མེར་བཀྲ་ཞིང
མཚམས་སྤྲིན་གྱི་རྟོག་ལྗོངས་ལ་བསྔས་པའི་ཉི་ཟེར་དང་སྤྲིན་པ
ཆེས་རྒྱང་ཐག་རིང་བའི་ཕུགས་བསམ་གྱི་མཚོ་མོར་སྐྱོམས

གནའ་བོའི་གྱང་ཆག་གི་རྒྱུ་མཚན་ལས་དྲི་བ་མཆེད་ཅིང
འཇག་རྩའི་ཁ་དོག་ལས་དྲག་དུ་འབར་བའི་མེ་དཔུང་གི་མཚན་སྙན་གླེང
ཁྱོད་གཞན་ཞིག་སྟེ་འདབ་མ་གྲོལ་བའི་སྙན་ངག་གི་གྲིབ་བསིལ་འོག
ཚེ་སྲོག་གི་ཤ་རུས་བསྐྱེད་པའི་རྣལ་འབྱོར་བ་ཁྱོད
མཁའ་སྤྱོད་ཀྱི་ལམ་ཡིག་ཐོགས་པའི་ལུང་བསྟན་དེའི་ཕྱིར་དུ
ངོས་ཡངས་པའི་སྤང་ཁུག་དང་རྒྱང་རིང་གི་འབྲོག་སྡེར་བལྟ་བཞིན
ཁྲུང་ཁྲུང་དཀར་པོའི་འཕུར་སྟབས་ཀྱི་སྤོབས་པའི་གཤོག་རྡེབ་མངོན་བཞིན
ནམ་མཁའི་ཕྱི་རོལ་གྱི་ནམ་མཁའ་དེའི་དོན་དུ་གཤེགས་སོང
 
                  ༢ 
ཨོ  ལགས་སོ་ལགས་སོ   བདག་གི་ཕ་ཡུལ
དགོད་སྒྲ་དང་མིག་ཆུའི་ཀློང་ན་ཚར་བའི་གདོད་མའི་ཕོ་བྲང
ཚེ་སྲོག་གི་མཆོད་མེ་ཡོད་ཚད་རེ་ཞིག་བཀུམས་དུས
བྱིས་པ་འགའ་ཤེས་རབ་ཡིན་ཁུལ་གྱིས་རྔུལ་ཆུའི་ཁྲོད་དུ་ཟད

ཟང་ཟིང་དང་འདུ་འཛིས་བཟི་བའི་སྐྱེ་བ་རེ་དང་བུད་མེད་རེ
དཔྱངས་ཟམ་གྱི་ཕྱོགས་གཉིས་སུ་རོལ་དབྱངས་ཀྱི་གོམ་སྟབས་འཚོལ་དུས
ཁེར་རྐྱང་གི་སྣང་བ་ཡོད་ཚད་སླར་ཡང་དུས་ཚོད་ཀྱི་ནད་ཁྲིར་ཞུགས་ཡོང
དཔྱངས་ཟམ་འཇིག་སོང  གཙང་བོ་འཇིག་སོང
རྨི་ལམ་གྱི་ཤེས་རྒྱུན་བརྟོལ་བའི་གླུ་སྐད་ཡོད་ཚད་དག་སོང
ཡེ་ནས་འཇིགས་པ་མེད་པའི་སྤྱང་མོ་འགའ
མཚན་རླུང་གི་གཞས་སྤྲོས་འོག་ངུ་ངག་འབྱིན་བཞིན་དགོད་ཁ་འཆོར་ཡོང

གྲོགས་པོ་ལགས  ཁྱོད་རང་སྐྲག་དགོས་པའི་རྒྱུ་མཚན་ཅི་ལ་ཡོད
རང་བྱུང་ཁམས་ཆེན་པོའི་རི་ཆུ་ལ་བྱམས་དང་སྙིང་བརྗེ་ཆེ་ན
འཕུར་འདོད་པའི་བར་སྣང་དེ་ཇི་འདྲའི་རྒྱ་ཆེ་ཞིང་ཁོད་ཡངས་པ་ལ་ཨང

དུར་ཁུང་ལྟ་བུའི་གནས་གཞི་ཁྱད་པར་བ་དེའི་དོན་དུ
ཁྱོད་ཀྱི་སྨོན་ཚིག་འཕྱོ་བའི་ཡིད་སྨོན་གྱི་བྲང་ཁོག་ཆེ་རུ་བསྐྱེད་ལ
སྙིང་ཉེ་བའི་གོམ་སྒྲ་ཞིག་གིས་ཁྱུར་མིད་བཏང་དུས
ཀུན་སྤྱོད་དང་མི་གཤིས་ཀྱིས་གྲུབ་པའི་མཚོ་མོ་གཉིས
སྔོ་ལྟེམས་ལྟེམས་ཏུ ཚེ་སྲོག་གི་རྒྱུད་སྐུད་གཅོད་པའི་དག་གཙང་གི་རྣམ་ཤེས་གཉིས
ཤི་ཚར་ན་ཡང་ལས་སྐལ་གྱི་རེ་བའི་དོན་དུ་འདས་ལོག་བྱུང་དགོས་འདུག་པས
སྐར་མདའ་དང་ལྷན་དུལྟུང་བའི་རིགས་རྒྱུད་ཀྱི་ལྷ་མོ་དེ་ཡང
ཤོག་དངུལ་གྱི་འདམ་རྫབ་དུ་འཕག་ཚག་གི་ང་རོ་འདོན་པའི་གཞང་འཚོང་མ
དྲི་བ་འདིའི
ཁྱོད་ལ་དཀོན་མཆོག་གི་གནས་མལ་བརྙེགས་པའི་ས་ལམ་མེད་པར་གྱུར་སོང
རང་གིས་གཞན་ལ་སྦྱིན་ངེས་པའི་ཐེག་པ་ཆེན་པོའི་སྒོ་ཆེན་བརྒྱངས་སོང
   
                        ༣
ཕུགས་བསམ་གྱི་སྣང་བརྙན་སྨིག་རྒྱུའི་གཟུགས་སུ་འཛུམ་དུས
ཚེགས་མེད་དུ་བླུགས་པའི་བུད་མེད་ཀྱི་ངོ་གདོང་ཁོ་ན་བ་ཇི་སྙེད་ཅིག
ཁྱོད་ཀྱི་མིག་གི་རྒྱལ་མོའི་རྣོ་དབལ་ལས་འཕྲོས་ཤིང
དུས་མཚུངས་སུ་རྫི་མའི་ཁྲོད་ཀྱི་སྐར་མ་ཆགས་པས་འདར་བར་བྱེད 
གྲང་སྣང་དེས་དགུན་ལྗོངས་ཧྲིལ་བོ་ཞིག་འཁྱག་པས་བསྡམས་ཤིང
བྱེའུ་ཆུང་གྲངས་མེད་ཅིག་གི་གཤོག་རྩ་ཁྲག་གིས་འབྱར་སོང

བཟོད་དཀའ་བའི་མནར་གཅོད་དང
བཟོད་དཀའ་བའི་སྡུག་བསྔལ
བཟོད་དཀའ་བའི་ཕམ་ཉེས་མཐའ་དག་ནི་ཞི་འཇམ་གྱི་གཡང་གཟར་རིགས་ཤིག

ལས་ཀ་གཞན་གང་ཡང་མེད་པར་མི་ཞིག་ཁྲུས་ལ་རོལ་ན 
རང་ཉིད་ཀྱང་གད་སྙིགས་སུ་ཚར་བའི་རྣམ་རྟོག་དེ 
ཁྱོད་ལ་ཅི་ལ་མི་སྐྱེ

སྙིང་ཉེ་བའི་བུ་མོ་ཁྱོད
ཁྱོད་ཁོ་ནའི་ད་དུང་ཡང་ཆང་རག་གི་ཕན་འབྲས་མ་ཤེས་སམ 
བྱུང་འདས་ཀྱི་སྐྱོ་གདུང་དང་དབུལ་ཕོངས་ཀྱི་སེར་སྣ་ཅི་ཡང་མེད་པར་ 
ཚོད་དཔག་ལས་འདས་པའི་ལྐོག་གྱུར་གྱི་སྨུག་པའི་རྒྱལ་སྲིད་བསྐྱངས་ན 
འཇིག་རྟེན་འདིའི་ཡོད་ཚད་ཅིག་ལྡོག་ཕྱོགས་སུ་ཆས་འགྲོ་ཞིང
ཁྱོད་ཀྱང་འདབ་མ་ལྷུང་ལ་བྲེལ་བའི་མེ་ཏོག་ཅིག་གི་རང་སྣང་ལས
དབྱར་གསུམ་གྱི་ཚ་གདུང་དང་དགུན་གསུམ་གྱི་གྲང་ངར་ཁོ་ནས 
འཆི་བའི་ཉེ་ས་ནས་འགྲོ་ངེས    འཆི་བའི་ཉེ་ས་ནས་འགྲོ་ངེས 

              ལེའུ་བཞི་བ།  འདོད་སྲེད་ཀྱི་ལང་ཚོ། 

གཙང་ཁ་ནས་བོར་བའི་ཁ་དན་དང་ལ་རྒྱ་ཇི་བཞིན 
གསེང་མཐོར་གྱེར་བའི་བརྩེ་དུང་གི་སྙན་ངག་རྦབ་ཆུ་བཞིན་འབབ 
གྲེ་བ་གཟེངས་སུ་བཏོད་དེ་གླེགས་བམ་གྱི་འདམ་རྫོབ་བརྒལ་བས
ཆུང་གྲོགས་ཤིག་གི་ནེམ་ཞིང་འབོལ་བའི་མྱོས་བུམ་གྱི་ཞིང་ས་ལ 
བརྩེ་དུང་གི་ལག་པ་འཇམ་པོས་ལང་ཚོའི་ས་བོན་བཏབ་མྱོང་བའི
རྒྱལ་བ་ཚངས་དབྱངས་རྒྱ་མཚོ 

ལྷ་ཚོགས་ཀྱིས་བདས་ཤིང་འདྲེ་ཚོགས་ཀྱིས་བསླུས་པའི་རྫས་སྔགས་མཁན 
འདོད་སྲེད་ཤེ་སྦྱོར་གྱི་ལྷ་མོའི་ཚོགས་མི་ཡུལ་ལ་གདན་དྲངས་ནས 
ལྷའི་ཆགས་སྲེད་ངོམ་པའི་མཛའ་གཞས་སྙན་ཚིག་གི་རྐང་མར་སིམ་དུས 
མཚོན་དོན་གྱི་རི་བོ་དང་ནགས་ཚལ་ལ་ཚོས་ཁ་ཕབ་ཅིང
ཇག་པའི་རྒྱལ་རྒྱུད་ལ་སྤྲང་པོའི་ཆོས་ཚུགས་ངོམ་མྱོང་མཁན 
མདོ་སྨད་པ་དགེ་འདུན་ཆོས་འཕེལ 

འཚུབ་མའི་འགྲོ་གྲོན་ཞིག་གི་མིག་ཆུ་ལས
ཆར་བ་མྱོང་འདོད་ཀྱི་ཡིད་སེམས་སྡུག་གིས་བཟུང་ཞིང
འགྱེལ་བཞིན་དར་ཆ་རེ་བསླངས་པའི་དཔའ་རྒོད་ཁྱོད 
གཤོག་པ་ཐོགས་པའི་རླུང་བུ་ཞིག་གི་སྒལ་གཞུང་ནས
ས་གཙང་ས་ཞིག་དང་ཆུ་མོད་ས་ཞིག་གི་བར་གླགས་བརྒལ་གྱིན 
བྱེ་ཐང་གི་བདེ་སྐྱིད་གླེང་བཞིན་རྐང་རྗེས་ཁོ་ནའི་ལམ་བུ་བཞུས་མྱོང་མཁན
དོས་པ་དོན་གྲུབ་རྒྱལ

བསླུ་དེའི་དབང་གིས་མྱ་ངན་ཞིག་མཆེད་ཡོང་ལ 
སེམས་ཁྲལ་གྱིས་རང་ཉིད་འཕྲིན་ཡིག་ཏུ་བྲིས་ཚར་སོང 
ལུང་བསྟན་གྱི་འདབ་གཤོག་འཁུར་བའི་བྱ་གླག་ཁྱོད 
གསེར་སེར་སྙན་ངག་གི་སྙེ་མའི་རླབས་མཁའ་ན་འཚོ་ཞིང
མནོ་བསམ་དེ་མྱ་ངམ་གྱི་མིག་ལ་འཁྱིལ་མྱོང་བཞིན 
ཨེ་ཤ་ཡའི་སྤྱི་གཙིག་གི་འོད་ཟེར་མཐོང་མྱོང་མཁན
མགར་བ་ལྗང་བུ 

གསེར་དངུལ་གྱི་ཆུ་བོས་བརླག་པའི་ངོ་གདོང་ལ་རོལ་དབྱངས་ཞུགས
ཤ་གཟུགས་ཀྱི་ནང་ངོས་སུ་མེ་རིའི་ཆགས་སྡང་བསྐུངས 
ནོར་བུ་མི་འཕྲོག་པའི་ཇག་པ་དེའི་རྨི་ལམ་གྱི་ནམ་མཁའ
རོ་སྒམ་དང་དེའི་ནང་གི་ཆང་ཞེས་པའི་རྒྱལ་ས་ཡིན
མེ་ལོང་ལས་གཏམ་གླེང་གི་མགོ་བཙུགས་ཏེ
རྨི་ལམ་ལས་ཟློས་གར་གྱི་འཁྲབ་ཡོལ་ཕྱེ་བའི་ཉེས་ཅན
རང་དབང་གི་བདག་པོ་སྐྱབས་ཆེན་བདེ་གྲོལ  

འདི་ལྟར  གློ་བུར་གློ་བུར་བའི་འཇིག་རྟེན་གྱི་རོལ་དབྱངས
ཕྱོགས་སོ་སོའི་ཉི་འོད་བཞིན 
འོད་ཟེར་གྱི་བ་སྤུ་ཐོགས་བཞིན་དུག་གིས་སྦགས་པའི་བདག་ལུས་ལ་འབྱར་བས
ལྕེབས་ན་ཤི་བར་འགྱུར་སྲིད་པའི་ཆུ་བོ་དང
འཐུང་ན་རྨོངས་པར་འཐོམ་སྲིད་པའི་བརྗེད་སྨན་དག་ནི 
སྲོག་གི་ཕུང་བོའི་གུར་ཁང་ན་གསལ་བའི་འོད་ཟེར་ཙམ་ལས
རང་སྲོག་གི་རྣམ་ཤེས་གཅོད་པར་འགྱུར་བའི་ལག་ཆ་ཞིག་ག་ལ་ཡིན 
                                     ༢༠༠༡ལོའི་སྟོན་ཀར་རྐ་ཆུང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས།

2008-12-22 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།