༄༅།། ཡུམ་ཆེན་མོའི་བསྟོད་པ་བྱ་དཀའ་བའི་མཛེས་རྒྱན་ཞེས་བྱ་་བ་བཞུགས་སོ།།

རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། 琼迈文学网 2024-10-02

ཨོཾ་སྭ་སྟི། རབ་མང་འདབ་མ་རབ་རྒྱས་པད་དཀར་དང་།། རབ་དཀར་ཟླ་བ་གསལ་བ་ལ་གནས་པ།།མཐའ་ཡས་རྒྱལ་བ་མཐའ་དག་དགའ་མཛད་མས།། མཐའ་བྲལ་ལྟ་བ་བདག་ལ་གནང་བར་འཚལ།། བདག་ཅག་ལྟ་ངན་གཡང་ས་ལས་བསྒྲལ་ནས།། རྣམ་དག་སངས་རྒྱས་ས་ལ་རབ་བཞག་པར།། རྒྱལ་བ་སྲས་བཅས་ཉན་རང་འཕགས་པ་རྣམས།། ཡང་ཡང་བསྔགས་པ་དྲན་པས་བདག་ཕྱག་འཚལ།། རབ་ཡངས་པདྨ་རབ་གསལ་ཟླ་གདན་ལ།། ལྟ་བས་དགའ་རྒྱས་མཚན་བྱད་བཀྲ་བ་དང་།། ཕྱག་ཞབས་སྙན་ལ་རྒྱན་མང་རབ་འཕྱང་བ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། མཉམ་བཞག་ཕྱག་རྒྱས་ཡང་དག་བསམ་གཏན་དང་།། རྒྱལ་རྣམས་མཛད་བཟང་ཡང་དག་ལྟ་བ་དྲན།། ར་བརྒྱད་བཛྲ་ལྟ་ངན་རྣམས་བསྐྲད་པ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། སྲབ་འཇམ་ལྗགས་དམར་གར་སྟབས་མཛད་པ་ལས།། མཐའ་དག་བཀའ་རྣམས་གཞན་ལ་རབ་བསྟན་ནས།། ཡང་དག་ལྟ་བ་གསལ་བར་འཆར་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།།རྣམ་དག་མཁའ་ལ་འཇའ་རྣམས་འཆར་བ་ལྟར།། སྐལ་ལྡན་རྣམས་ལ་ཐར་ལམ་གསལ་མཛད་སླད།། རང་འདྲ་བརྒྱ་ཕྲག་བསྐལ་བར་སྣང་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། དཀར་ནག་ཆ་རྣམ་རབ་གསལ་སྤྱན་བགྲད་པས།། རབ་འབྱམས་རྒྱལ་བར་དགའ་བ་རྒྱས་མཛད་ནས།། མ་རྣམས་བྱམས་པས་སྤྱན་རས་རྟག་བཙའ་བ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། རྒྱན་མང་དྲ་བས་བསྡམས་པ་སྐྲ་དག་ལས།། ལྷག་མ་ས་ལ་བབ་པས་བར་སྣང་ཁྱབ།། ནམ་མཁའ་རབ་འབྱམས་སྣང་བས་ཁྱབ་པར་མཛད།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། ཉམས་ལྡན་ཆ་ཤས་ཚངས་པའི་དབྱངས་སྙན་མས།། ཡང་དག་ལམ་བཟང་མཐའ་དག་སྐལ་ལྡན་ལ།། འདས་དང་ད་ལྟར་མ་སྦས་གསལ་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།།འདི་བཞིན་གཉིས་འཛིན་ཡིད་ཀྱིས་འཛིན་པའི་མི།། དུག་གསུམ་དྲུང་ཕྱུང་ཐུབ་ཀུན་བཞུགས་མདུན་དུ།། དགེ་ལེགས་སྟེར་བྱེད་དགེ་སེམས་ཆེར་བསྐྱེད་དེ།། ཉོན་མོངས་ཡོངས་སྤོང་མགོན་པོ་ཁྱོད་བསྟོད་དོ།། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ། ཡུམ་དོན་ཇི་བཞིན་བསྟོད་པའི་དགེ་བ་འདིས།། ཡུམ་གྱི་དངོས་བསྟན་སྦས་དོན་ཀུན་རྟོགས་ནས།། ཡུམ་ཆེན་གོ་འཕང་མྱུར་དུ་འཐོབ་པར་ཤོག། འདི་ནི་འདི་ལྟའི་ཚིག་ལ་རབ་དགའ་བ།། འདི་དང་ཕྱི་མ་དོན་མེད་གྱུར་པ་ཞིག། འདི་འདྲ་ཁ་ནས་གང་ཐོན་སྨྲ་བ་བོ།། འདི་མིང་མཁན་པོ་གྲགས་རྒྱན་ཞེས་སུ་གྲགས།།
  ཞེས་པ་འདི་ཡང་བློ་གསལ་རིགས་པ་སྨྲ་བའི་དོན་གཉེར་ཅན་དཀོན་མཆོག་སྐལ་ལྡན་སོགས་ཀྱིས་ཡུམ་ཆེན་མོའི་བསྟོད་པ་གུ་གི་ཞབས་ཀྱུ་སོགས་མེད་པའི་བྱ་དཀའི་མཛེས་རྒྱན་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༄༅།། ཡུམ་ཆེན་མོའི་བསྟོད་པ་བྱ་དཀའ་བའི་མཛེས་རྒྱན་ཞེས་བྱ་་བ་བཞུགས་སོ།།

2024-10-02 རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

ཨོཾ་སྭ་སྟི། རབ་མང་འདབ་མ་རབ་རྒྱས་པད་དཀར་དང་།། རབ་དཀར་ཟླ་བ་གསལ་བ་ལ་གནས་པ།།མཐའ་ཡས་རྒྱལ་བ་མཐའ་དག་དགའ་མཛད་མས།། མཐའ་བྲལ་ལྟ་བ་བདག་ལ་གནང་བར་འཚལ།། བདག་ཅག་ལྟ་ངན་གཡང་ས་ལས་བསྒྲལ་ནས།། རྣམ་དག་སངས་རྒྱས་ས་ལ་རབ་བཞག་པར།། རྒྱལ་བ་སྲས་བཅས་ཉན་རང་འཕགས་པ་རྣམས།། ཡང་ཡང་བསྔགས་པ་དྲན་པས་བདག་ཕྱག་འཚལ།། རབ་ཡངས་པདྨ་རབ་གསལ་ཟླ་གདན་ལ།། ལྟ་བས་དགའ་རྒྱས་མཚན་བྱད་བཀྲ་བ་དང་།། ཕྱག་ཞབས་སྙན་ལ་རྒྱན་མང་རབ་འཕྱང་བ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། མཉམ་བཞག་ཕྱག་རྒྱས་ཡང་དག་བསམ་གཏན་དང་།། རྒྱལ་རྣམས་མཛད་བཟང་ཡང་དག་ལྟ་བ་དྲན།། ར་བརྒྱད་བཛྲ་ལྟ་ངན་རྣམས་བསྐྲད་པ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། སྲབ་འཇམ་ལྗགས་དམར་གར་སྟབས་མཛད་པ་ལས།། མཐའ་དག་བཀའ་རྣམས་གཞན་ལ་རབ་བསྟན་ནས།། ཡང་དག་ལྟ་བ་གསལ་བར་འཆར་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།།རྣམ་དག་མཁའ་ལ་འཇའ་རྣམས་འཆར་བ་ལྟར།། སྐལ་ལྡན་རྣམས་ལ་ཐར་ལམ་གསལ་མཛད་སླད།། རང་འདྲ་བརྒྱ་ཕྲག་བསྐལ་བར་སྣང་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། དཀར་ནག་ཆ་རྣམ་རབ་གསལ་སྤྱན་བགྲད་པས།། རབ་འབྱམས་རྒྱལ་བར་དགའ་བ་རྒྱས་མཛད་ནས།། མ་རྣམས་བྱམས་པས་སྤྱན་རས་རྟག་བཙའ་བ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། རྒྱན་མང་དྲ་བས་བསྡམས་པ་སྐྲ་དག་ལས།། ལྷག་མ་ས་ལ་བབ་པས་བར་སྣང་ཁྱབ།། ནམ་མཁའ་རབ་འབྱམས་སྣང་བས་ཁྱབ་པར་མཛད།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།། ཉམས་ལྡན་ཆ་ཤས་ཚངས་པའི་དབྱངས་སྙན་མས།། ཡང་དག་ལམ་བཟང་མཐའ་དག་སྐལ་ལྡན་ལ།། འདས་དང་ད་ལྟར་མ་སྦས་གསལ་མཛད་མ།། ཡང་ཡང་དྲན་པས་རྟག་པར་ཕྱག་ཀྱང་འཚལ།།འདི་བཞིན་གཉིས་འཛིན་ཡིད་ཀྱིས་འཛིན་པའི་མི།། དུག་གསུམ་དྲུང་ཕྱུང་ཐུབ་ཀུན་བཞུགས་མདུན་དུ།། དགེ་ལེགས་སྟེར་བྱེད་དགེ་སེམས་ཆེར་བསྐྱེད་དེ།། ཉོན་མོངས་ཡོངས་སྤོང་མགོན་པོ་ཁྱོད་བསྟོད་དོ།། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ། ཡུམ་དོན་ཇི་བཞིན་བསྟོད་པའི་དགེ་བ་འདིས།། ཡུམ་གྱི་དངོས་བསྟན་སྦས་དོན་ཀུན་རྟོགས་ནས།། ཡུམ་ཆེན་གོ་འཕང་མྱུར་དུ་འཐོབ་པར་ཤོག། འདི་ནི་འདི་ལྟའི་ཚིག་ལ་རབ་དགའ་བ།། འདི་དང་ཕྱི་མ་དོན་མེད་གྱུར་པ་ཞིག། འདི་འདྲ་ཁ་ནས་གང་ཐོན་སྨྲ་བ་བོ།། འདི་མིང་མཁན་པོ་གྲགས་རྒྱན་ཞེས་སུ་གྲགས།།
  ཞེས་པ་འདི་ཡང་བློ་གསལ་རིགས་པ་སྨྲ་བའི་དོན་གཉེར་ཅན་དཀོན་མཆོག་སྐལ་ལྡན་སོགས་ཀྱིས་ཡུམ་ཆེན་མོའི་བསྟོད་པ་གུ་གི་ཞབས་ཀྱུ་སོགས་མེད་པའི་བྱ་དཀའི་མཛེས་རྒྱན་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།