མཆོད་མེའི་པོད་ཁུག་གི་གལ་ཆེའི་གསལ་བརྡ།

༄༅།།བཀའ་དྲིན་རབ་ཏུ་ཆེ་བའི་མཆོད་མེའི་པོད་ཁུག་གི་པོད་ཁུག་པ་དག་ལ།
                       འདས་པའི་ལོ་ངོ་ལྔའི་རིང་ལ། ཁྱེད་ཅག་པོད་ཁུག་པ་དང་ཀློག་པ་པོ་དག་གིས་ངེད་མཆོད་མེ་དྲ་བར་སྙིང་བརྩེ་བས་རྒྱབ་སྐྱོར་མི་དམན་པ་གནང་སྟེ་མཆོད་མེའི་པོད་ཁུག་ཉིད་རང་གི་རིག་པའི་ཁྱིམ་གཞིའི་ལྟ་བུར་བཟུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདིར་ཆེད་དུ་བརྡ་གཏང་རྒྱུ་ནི། དེང་འདིར་རང་རེའི་བོད་ཀྱི་དྲ་བ་མང་པོ་ཆར་རྗེས་ཀྱི་ཤྭ་མོ་བཞིན་བརྡོལ་བ་དང་། རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་ཀི་ཡོད་པའི་ཡིག་གཟུགས་དག་ཀྱང་རབ་དང་རིམ་པར་འབྱུང་བཞིན་པས་ན་དོན་ཡོད་དང་པཎ་གཟུགས་སོགས་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་ཀི་མེད་པའི་ཡིག་གཟུགས་དག་སྔར་བཞིན་དྲ་ངོས་ནས་སྤྱོད་པ་ནི་བརྡ་འཕྲིན་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པ་དང་། བོད་ཡིག་གི་དྲ་ངོས་བརྡ་སྐད་གཅིག་གྱུར་ཡོང་བའི་གེགས་སུའང་སོང་བས་ན་ངེད་མཆོད་མེ་པོད་ཁུག་དེ་སྤྱི་ཟླ༡༡པའི་ཚེས༢༧ནས་བཟུང་གཏན་དུ་སྒོ་རྒྱག་གི་ཡིན་ལ། དེའི་རིང་ཁྱེད་ཅག་པོད་ཁུག་པ་དག་གིས་རང་གིས་རྩོམ་ཡིག་དག་ཉར་ཚགས་བྱ་བ་དང་། རང་ཅག་སྤྱི་བའི་ལས་ཀ་འདིར་རྒྱབ་སྐྱོར་ངེད་ཅག་ལའང་ལེ་བདའ་མི་གཏང་བའི་རེ་བ་སྙིང་ནས་ཞུའོ།།

ཞེས་མཆོད་མེ་བོད་ཀྱི་དྲ་བའི་རྩོམ་སྒྲིག་པ་དང་ལས་ཀ་བ་ཐུན་མོང་གིས།
༢༠༡༠ལོའི་ཟླ༡༠པའི་ཚེས༧ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་མེའི་པོད་ཁུག་གི་གལ་ཆེའི་གསལ་བརྡ།

2010-10-07 ངེད་དྲ་བ། ཀློག་གྲངས། མཆན ཡོད།

༄༅།།བཀའ་དྲིན་རབ་ཏུ་ཆེ་བའི་མཆོད་མེའི་པོད་ཁུག་གི་པོད་ཁུག་པ་དག་ལ།
                       འདས་པའི་ལོ་ངོ་ལྔའི་རིང་ལ། ཁྱེད་ཅག་པོད་ཁུག་པ་དང་ཀློག་པ་པོ་དག་གིས་ངེད་མཆོད་མེ་དྲ་བར་སྙིང་བརྩེ་བས་རྒྱབ་སྐྱོར་མི་དམན་པ་གནང་སྟེ་མཆོད་མེའི་པོད་ཁུག་ཉིད་རང་གི་རིག་པའི་ཁྱིམ་གཞིའི་ལྟ་བུར་བཟུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདིར་ཆེད་དུ་བརྡ་གཏང་རྒྱུ་ནི། དེང་འདིར་རང་རེའི་བོད་ཀྱི་དྲ་བ་མང་པོ་ཆར་རྗེས་ཀྱི་ཤྭ་མོ་བཞིན་བརྡོལ་བ་དང་། རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་ཀི་ཡོད་པའི་ཡིག་གཟུགས་དག་ཀྱང་རབ་དང་རིམ་པར་འབྱུང་བཞིན་པས་ན་དོན་ཡོད་དང་པཎ་གཟུགས་སོགས་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་ཀི་མེད་པའི་ཡིག་གཟུགས་དག་སྔར་བཞིན་དྲ་ངོས་ནས་སྤྱོད་པ་ནི་བརྡ་འཕྲིན་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པ་དང་། བོད་ཡིག་གི་དྲ་ངོས་བརྡ་སྐད་གཅིག་གྱུར་ཡོང་བའི་གེགས་སུའང་སོང་བས་ན་ངེད་མཆོད་མེ་པོད་ཁུག་དེ་སྤྱི་ཟླ༡༡པའི་ཚེས༢༧ནས་བཟུང་གཏན་དུ་སྒོ་རྒྱག་གི་ཡིན་ལ། དེའི་རིང་ཁྱེད་ཅག་པོད་ཁུག་པ་དག་གིས་རང་གིས་རྩོམ་ཡིག་དག་ཉར་ཚགས་བྱ་བ་དང་། རང་ཅག་སྤྱི་བའི་ལས་ཀ་འདིར་རྒྱབ་སྐྱོར་ངེད་ཅག་ལའང་ལེ་བདའ་མི་གཏང་བའི་རེ་བ་སྙིང་ནས་ཞུའོ།།

ཞེས་མཆོད་མེ་བོད་ཀྱི་དྲ་བའི་རྩོམ་སྒྲིག་པ་དང་ལས་ཀ་བ་ཐུན་མོང་གིས།
༢༠༡༠ལོའི་ཟླ༡༠པའི་ཚེས༧ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།