གསེར་འོད་ཚ་ཚ་འཕྲོ་བའི་དྲ་བ།

___ བོད་སྐད་ཡིག་ཟིན་བྲིས་དང་མཆོད་མེའི་པོད་ཁུག་རྣམ་གཉིས་ལ།ལར་དྲ་བ་ཞེས་པའི་གོ་དོན་དང་དེའི་སྒྲ་བཤད། དེ་ཉིད་འཇིག་རྟེན་དུ་དར་བའི་འཕེལ་རིམ་དང་དེའི་ཁྱད་ཆོས་སོགས་ནི་ཅི་བས་ཀྱང་ཁོད་ཆེ་ཞིང་སྐད་ཆ་རེ་གཉིས་ཀྱིས་བརྗོད་ཚར་བ་ཞིག་ནི་རེད་མི་འདུག ། ད་དུང་རྩིས་འཁོར་མ་ལག་སོགས་ཀྱི་མྱུར་ཚད་དང་དེའི་ཟབ་ཚད། དེ་ཡི་ཤོང་ཚད་དང་ཕྲ་ཚད་ལ་སོགས་ནི་ཆེད་ལས་ཀྱི་ཤེས་བྱ་ཕ་མཐའ་བྲལ་བ་ཞིག་ཡིན་པར་འདུག ། དེ་ལ་འཕྲེད་ཐུར་གང་ནས་གཞལ་ཀྱང་བློས་མི་དཔོག་པའི་ཞིབ་ཆ་ཧ་ལས་པ་ཞིག་ཀྱང་ཡོད་ཚོད་རེད། བོད་ལ་མཚོན་ན་གང་དེའི་བརྡ་ཆད་གཅིག་པུའི་ཐད་ནས་ཀྱང་གཅིག་གྱུར་མེད་པའི་གསོབ་གསོབ་ཅིག་དང་། གོ་དོན་ཉོག་པའི་མག་མོག་ཅིག ། མཐུན་སྦྱོར་དཀའ་བའི་རབ་རིབ་ཅིག་སོགས་ཡིན་པ་ནི་བོད་ཁམས་སྤྱིའི་གནས་ཚུལ་རེད་འདུག ། དེ་སོགས་ནི་བརྗོད་གཞི་རི་བོ་ལྟ་བུ་ཞིག་ཡིན་པས་གནས་སྐབས་སུ་བསྐྱུར་བཞག ། གང་ལས་ཀྱང་གླེང་རི་བ་ཞིག་ནི་བོད་སྐད་ཡིག་ཟིན་བྲིས་དང་མཆོད་མེའི་པོད་ཁུག་རྣམ་གཉིས་ཀྱིས་འཆི་ལ་རེམ་པའི་སྐད་ཡིག་ཅིག་གི་ཚེ་སྲོག་དུས་ཐོག་ཏུ་བསྐྱབས་ཅིང་། གཏལ་ལ་ཉེ་བའི་རིགས་རྒྱུད་ཅིག་གི་མེ་ཁ་རྨང་རྐང་ནས་གསོས་བྱུང་བ་འདི་འབའ་ཞིག་ཅི་ལ་མིན། ཡི་གར་འོང་ལ་སྙིང་དུ་སྡུག་བའི་དྲ་བ་འདི་གཉིས་ཀ་མེད་པ་ཡིན་ན། བོད་མི་ཁྲི་ཕྲག་མང་བོའི་བསྲན་དུ་དཀའ་བའི་མིག་ཆུ་ཚ་བོ་དེ་གང་དུ་འཕོ་ཨང་། གཞོན་དར་བརྒྱ་ཚོ་དུ་མའི་སེམས་ཀྱི་སྣག་རིས་གཤར་མ་དེ་གང་དུ་འབྲི་ཨང་། ལྗང་བུ་དང་འབར་རྡེའུ་སོགས་ཀྱི་ཞལ་གདོང་གོར་མོ་དེ་སུ་ལ་འཁོར་རམ། མདའ་སྨྱུག་དང་སེང་རྡོར་སོགས་ཀྱི་ལོག་སྐད་འཐུར་ཡན་མ་དེ་ཇི་ལྟར་བརྒྱག་གམ། འཇམ་དབྱངས་སྐྱིད་དང་ཧོར་མོ་སོགས་ཀྱི་རྒྱབ་གཟུགས་ལྕང་ལོ་མ་དེ་སུ་ཡིས་རིག་གམ། གཞན་ཡང་གསེར་བྲག་གི་བྲིས་འཁྱུག ། ལྷམ་གོག་གི་ཆོས་མགུར ། མི་རྒོད་ཀྱི་སྤར་རྡོ། སྐྱབས་ཆེན་གྱི་ཡིད་བརྙན་ལ་སོགས་མི་ཡུལ་ཁམས་ལ་ཇི་ལྟར་སྟོབ། སྲིད་པའི་ཞིང་ནས་གང་གིས་རིག ། སྦྲང་ཆར་སོགས་ཀྱིས་མི་ལོ་ཉི་ཤུ་རྩ་གྲངས་ལ་ཟུར་དུ་དོར་ཞིང་ལོགས་སུ་ཕུད་པའི་རིག་པའི་ནག་མོ་ཁོལ་དེ་ཚོས་ད་ནི་བོད་སྐད་ཡིག་ཟིན་བྲིས་དང་མཆོད་མེའི་པོད་ཁུག་རྣམ(འདིར་པོད་ཁུག་ཟེར་དོན་བརྗོད་བདེ་ཕྱིར་ཡིན)གཉིས་ན་སྙན་ངག་དབྱར་ཆུ་ལྟ་བུ་བསྐྱིལ་བཞིན་ཡོད། འབོལ་རྩོམ་ལྕགས་མཁར་འདྲ་བ་ཕུབ་བཞིན་ཡོད། སྒྲུང་གཏམ་མར་དཀར་ལྟ་བུ་ལེན་གྱིན་ཡོད་དོ། ། གལ་ཏེ་དོན་གྱིས་ཁྱོག་པའི་དྲ་བ་ཁྱེད་གཉིས་ཀ་མེད་སོང་བ་ཡིན་ན་ནི། ཐེའུ་རེང་དང་ཞོགས་ལྗང་། སྒྲེན་པོ་དང་གདོན་སོགས་ཀྱི་མཆུ་ལྕེ་རྒོད་པོ་དེ་རིགས་ང་ཚོ་དང་བར་ཐག་ཇི་འདྲ་རིང་ཨང་། སྦྲང་ཆར་སོགས་ཀྱིས་གནས་ཚང་མི་གཏོང་བའི་འཁྱམ་ལྡོམ་ང་ཚོ་གང་ཞིག་ན་བསྒོངས་ནས་ཡོད་ཨང་། དེའི་རྐྱེན་གྱིས་ཁོ་བོ་དང་ཁོ་བོ་ལྟ་བུ་ན་གཞོན་བརྒྱ་ཕྲག་དུ་མས་མགྲིན་གཅིག་དབྱངས་གཅིག་གིས་དྲ་བ་ཁྱེད་གཉིས་ལ་སྦྲང་ཆར་སོགས་ལས་ལྷག་པའི་ཡིད་ཆེས་ཀྱི་གོ་ས་སྤྲད་པ་ཡིན། གདེང་འཇོག་གི་ལག་པ་བཀྱགས་པ་ཡིན། ཀི་བསྭོ་སྒྲོག ། ལྷ་རྒྱལ་འཐེན། ཡིན་ནའང་། མི་རིགས་གཞན་དང་གཞན་གྱི་དྲ་བའི་རིག་གནས་དང་བསྡུར་ཏེ་དཔྱད་ན་ང་ཚོ་ནི་ད་སོ་མ་འཇིག་རྟེན་ལ་ཐོན་པའི་བྱིས་པ་དམར་འབྱར་མ་ཞིག་དང་འདྲ་བར། ཇི་འདྲའི་རང་ཚུགས་མི་ཐུབ་པ་ཞིག་དང་རང་མགོ་མི་ཐོན་པ་ཞིག་ཡིན་པ་ནི་ཁྱེད་དྲ་བ་རྣམ་གཉིས་ཀྱིས་ཅིས་ཀྱང་ཤེས་དགོས་འདུག་ལ། དེ་ལས་ཀྱང་ཁ་ཚ་དགོས་གཏུགས་སུ་གླེང་དགོས་པ་ཞིག་ནི། གོང་ནས་མཚན་མིང་ཅི་ཐོན་ཙམ་ཞིག་བརྩིས་པ་དེ་ཚོ་ལའང་རེ་རེའི་བཞིན་མངོན་སུམ་མཐོང་དུ་ཡོད་པའི་ཞན་སྐྱོན་བདོག་པའང་ཤོད་མ་དགོས་མོད། ཡིན་ནའང་། ཁོ་ཚོས་འབྱུང་འགྱུར་གྱི་ལམ་དུ་རང་ཉིད་ལ་གློད་དུ་མེད་པའི་རང་གཅུན་དང་ཞིག་ལྷོད་དུ་མི་འགྲོ་བའི་རེ་བ་བཏོན་ཏེ། ད་མུས་བཞིན་འདྲ་མཉམ་དང་དཀྱེལ་ཡངས་ཀྱིས་མདུན་དུ་བསྐྱོད་རྒྱུ་བྱུང་ན། བོད་སྐད་ཡིག་ཟིན་བྲིས་དང་མཆོད་མེའི་དྲ་བ་རྣམ་གཉིས་ཀྱིས་བསྐྱངས་ཤིང་བསྐྱང་བའི་དགའ་ཚལ་མཁོ་སོད་པ་ཞིག་གནས་འདི་ནས་ཁྲ་ལམ་མེ་ཐོན་འགྲོ་བར་ང་ལ་ཡིད་ཆེས་ཚད་མེད་ཅིག་ཡོད་དོ། ། ༢༠༠༨ ༡༢ ༢༤ ལ་ཐོལ་གྱིས་སྦྱར་རོ། །

རྩོམ་ཁུངས། སེང་རྡོར་གྱི་ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་འོད་ཚ་ཚ་འཕྲོ་བའི་དྲ་བ།

2009-04-19 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།