བླ་མ་སུ་བསྟེན་ཞེས་པའི་ལན་དུ་བླངས་པའི་མགུར།

ཞབས་དཀར་ཚོགས་དྲུག་རང་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-22


     དེ་དུས་གཅིག་ཆར་སྒྲུབ་སྡེའི་གྲུབ་ཆེན་འགའ་རེས་ཁྱེད་ཀྱིས་བླ་མ་སུ་བསྟེན།  དམ་ཆོས་གང་ཞུས།  ཉམས་ལེན་གང་ལ་བྱས་ཟེར་བའི་ལན་དྲང་པོར་སྨྲས་ནས་མཇུག་ཏུ་མགུར་དབྱངས་འདི་བླངས་སོ། །
དང་པོ་བླ་མ་བླ་མར་བསྟེན། ། བར་དུ་དཔེ་ཆ་བླ་མར་བསྟེན། ། ཐ་མ་རང་སེམས་བླ་མར་བསྟེན། ། བླ་མ་ཐར་བའི་ལམ་སྟོན་ལ། ། དམ་ཆོས་སོ་སོ་ཐར་བ་ཞུས།  ། ཉམས་ལེན་སྡིག་སྤོང་དགེ་སྒྲུབ་བྱས། །བླ་མ་བྱང་ཆུབ་སེམས་དཔའ་ལ། ། དམ་ཆོས་ཐེག་ཆེན་སེམས་བསྐྱེད་ཞུས། ། ཉམས་ལེན་བདག་པས་གཞན་གཅེས་བྱས། ། བླ་མ་རྡོ་རྗེ་འཛིན་པ་ལ། ། དམ་ཆོས་གསང་སྔགས་དབང་ཁྲིད་ཞུས། ། ཉམས་ལེན་བསྐྱེད་རྫོགས་རྫོགས་ཆེན་བསྒོམས། ། བླ་མ་རྣམ་པ་སྣ་ཚོགས་ལ། ། དམ་ཆོས་འབྲེལ་བ་སྣ་རེ་ཞུ། ། ཉམས་ལེན་དད་གུས་དག་སྣང་སྦྱངས། །   ཞེས་ཀུ་རེ་རྩེ་མཚར་ཚུལ་དུ་སྨྲས་པས་ཁོང་རྣམས་ཀྱང་རབ་ཏུ་དགའ་ཞིང་དད་པར་གྱུར་ཏོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་མ་སུ་བསྟེན་ཞེས་པའི་ལན་དུ་བླངས་པའི་མགུར།

2011-02-22 ཞབས་དཀར་ཚོགས་དྲུག་རང་གྲོལ། ཀློག་གྲངས། མཆན ཡོད།


     དེ་དུས་གཅིག་ཆར་སྒྲུབ་སྡེའི་གྲུབ་ཆེན་འགའ་རེས་ཁྱེད་ཀྱིས་བླ་མ་སུ་བསྟེན།  དམ་ཆོས་གང་ཞུས།  ཉམས་ལེན་གང་ལ་བྱས་ཟེར་བའི་ལན་དྲང་པོར་སྨྲས་ནས་མཇུག་ཏུ་མགུར་དབྱངས་འདི་བླངས་སོ། །
དང་པོ་བླ་མ་བླ་མར་བསྟེན། ། བར་དུ་དཔེ་ཆ་བླ་མར་བསྟེན། ། ཐ་མ་རང་སེམས་བླ་མར་བསྟེན། ། བླ་མ་ཐར་བའི་ལམ་སྟོན་ལ། ། དམ་ཆོས་སོ་སོ་ཐར་བ་ཞུས།  ། ཉམས་ལེན་སྡིག་སྤོང་དགེ་སྒྲུབ་བྱས། །བླ་མ་བྱང་ཆུབ་སེམས་དཔའ་ལ། ། དམ་ཆོས་ཐེག་ཆེན་སེམས་བསྐྱེད་ཞུས། ། ཉམས་ལེན་བདག་པས་གཞན་གཅེས་བྱས། ། བླ་མ་རྡོ་རྗེ་འཛིན་པ་ལ། ། དམ་ཆོས་གསང་སྔགས་དབང་ཁྲིད་ཞུས། ། ཉམས་ལེན་བསྐྱེད་རྫོགས་རྫོགས་ཆེན་བསྒོམས། ། བླ་མ་རྣམ་པ་སྣ་ཚོགས་ལ། ། དམ་ཆོས་འབྲེལ་བ་སྣ་རེ་ཞུ། ། ཉམས་ལེན་དད་གུས་དག་སྣང་སྦྱངས། །   ཞེས་ཀུ་རེ་རྩེ་མཚར་ཚུལ་དུ་སྨྲས་པས་ཁོང་རྣམས་ཀྱང་རབ་ཏུ་དགའ་ཞིང་དད་པར་གྱུར་ཏོ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།