ཁྱད་ཆོས་དྲུག་ལྡན།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-29

༅༅།།བསྙན་བརྒྱུད་རྡོ་རྗེའི་ལམ་སྟོན་མཆོག།མཁྱེན་བརྩེའི་ཟློས་གར་དེ་ཡང་ཡང་དྲན།།གཤིས་རྫོགས་པ་ཆེན་པོ་ཡེ་གྲོལ་ལ།།གནད་གཏད་མེད་ལྟ་བའི་གཟེར་ཀ་ཞིག།མལ་ཡི་གེ་མེད་པ་ཆོས་མཛོད།།ཕ་བླ་མའི་དྲིན་གྱི་དེ་རིང་མཐོང་།།དབྱིངས་མཐའ་བརྒྱད་སྤྲོས་བྲལ་སྒོམ་བློ་འདི།།ཐམ་ཐེག་རྩེའི་དགོངས་དོན་མི་བྱེད་པས།།ད་འོད་གསལ་མ་བཅོས་ཅོག་བཞག་གིས།།གཞི་རང་བཞིན་རྣམ་དག་བརྡར་ཤ་ཆོད།།སེམས་རྟོག་པའི་འགྱུ་དྲན་དེངས་པ་ཙམ།།དོན་གཉུག་མའི་ཆོས་སྐུ་མ་ལགས་པས།།ད་གཞི་གྲོལ་ཀ་དག་ཟབ་མོའི་དབྱིངས།།སེམས་རིག་པའི་ལ་ཤན་དབྱེ་སྟེ་ལྟོས།། སྒོམ་རོ་གཅིག་སྣང་སེམས་འདྲེས་བློ་ཙམ།།ཟུང་འཇུག་གི་འོད་གསལ་མ་ལགས་པས།།ད་གཟུང་འཛིན་གཏད་མེད་ཡོངས་གྲོལ་ངང་།།ཀུན་རྟོག་གི་སྤྲོས་པ་ཤིག་ལ་ཞོལ།ལར་སྣང་བ་ཡུམ་གྱི་རྫུན་རིས་ལ།།ཤེས་བྱ་སུམ་སྒྲིལ་གྱི་མན་ངག་ཡོད།།ནང་འཛིན་པ་སེམས་ཀྱི་བྱུང་ཚོར་ན།།སྒྱུ་མ་ངོ་སྤྲོད་ཀྱི་གདམ་ངག་ཡོད།།ལམ་འོད་གསལ་རྩལ་སྦྱོང་མི་ཤེས་ན།།ཁྱབ་བདལ་གྱི་ཆོས་སྐད་ལད་མོ་ཡིན།།བར་ལས་རླུང་ཉི་ཁྲི་ཡལ་བ་ན།།གཤིས་གཞོན་ནུ་བུམ་པའི་ཆོས་སྐུ་ཡོད།།ཡེ་གྲོལ་གྱི་ལམ་གནས་མ་འཆུག་ན།།སྟོང་གསལ་གྱི་དྲན་རིག་གཟུགས་བརྙན་ཙམ།།ལམ་རྫོགས་ཆེན་སྒོམ་པའི་རྣམ་འབྱོར་པ།།གཉིད་ཤེས་བྱ་བུམ་འཇུག་གནད་དུ་ཆེ།།སྨན་གཞོན་ནུའི་རེག་བྱ་གང་དགར་ཐོངས།།དོན་ཡེ་ཤེས་ཀྱི་ཕྱག་རྒྱར་རྩེད་མོ་མཛོད།།སྲོད་ཐོ་རངས་གཉིས་ཀྱི་སྟོན་གྲལ་ན།།གཉིད་རྨི་ལམ་གཉིས་ཀྱི་མཚམས་ཤིག་ན།།ཡིད་ཆོས་སྐུར་གྲོལ་བའི་ཉམས་མྱོང་ཡོད།།ལྭ་བའི་གོས་ཅན་ལྟར་ཅིས་མི་མཛད།།ལམ་ལྟར་སྣང་ཙམ་གྱིས་མི་ངོམས་པའི།།བུ་ལས་འཕྲོ་ལས་ཀྱི་སྐལ་བཟང་དག།ཕ་སྔོན་བྱོན་གོང་མའི་རྣམ་ཐར་གཟིགས།།ཁྱད་ཆོས་དྲུག་ལྡན་དུ་མཆོང་ལ་ཤོག།། ཅེས་པའང་གཞོན་ནུ་འཇིགས་མེད་པས་སོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱད་ཆོས་དྲུག་ལྡན།

2009-10-29 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅༅།།བསྙན་བརྒྱུད་རྡོ་རྗེའི་ལམ་སྟོན་མཆོག།མཁྱེན་བརྩེའི་ཟློས་གར་དེ་ཡང་ཡང་དྲན།།གཤིས་རྫོགས་པ་ཆེན་པོ་ཡེ་གྲོལ་ལ།།གནད་གཏད་མེད་ལྟ་བའི་གཟེར་ཀ་ཞིག།མལ་ཡི་གེ་མེད་པ་ཆོས་མཛོད།།ཕ་བླ་མའི་དྲིན་གྱི་དེ་རིང་མཐོང་།།དབྱིངས་མཐའ་བརྒྱད་སྤྲོས་བྲལ་སྒོམ་བློ་འདི།།ཐམ་ཐེག་རྩེའི་དགོངས་དོན་མི་བྱེད་པས།།ད་འོད་གསལ་མ་བཅོས་ཅོག་བཞག་གིས།།གཞི་རང་བཞིན་རྣམ་དག་བརྡར་ཤ་ཆོད།།སེམས་རྟོག་པའི་འགྱུ་དྲན་དེངས་པ་ཙམ།།དོན་གཉུག་མའི་ཆོས་སྐུ་མ་ལགས་པས།།ད་གཞི་གྲོལ་ཀ་དག་ཟབ་མོའི་དབྱིངས།།སེམས་རིག་པའི་ལ་ཤན་དབྱེ་སྟེ་ལྟོས།། སྒོམ་རོ་གཅིག་སྣང་སེམས་འདྲེས་བློ་ཙམ།།ཟུང་འཇུག་གི་འོད་གསལ་མ་ལགས་པས།།ད་གཟུང་འཛིན་གཏད་མེད་ཡོངས་གྲོལ་ངང་།།ཀུན་རྟོག་གི་སྤྲོས་པ་ཤིག་ལ་ཞོལ།ལར་སྣང་བ་ཡུམ་གྱི་རྫུན་རིས་ལ།།ཤེས་བྱ་སུམ་སྒྲིལ་གྱི་མན་ངག་ཡོད།།ནང་འཛིན་པ་སེམས་ཀྱི་བྱུང་ཚོར་ན།།སྒྱུ་མ་ངོ་སྤྲོད་ཀྱི་གདམ་ངག་ཡོད།།ལམ་འོད་གསལ་རྩལ་སྦྱོང་མི་ཤེས་ན།།ཁྱབ་བདལ་གྱི་ཆོས་སྐད་ལད་མོ་ཡིན།།བར་ལས་རླུང་ཉི་ཁྲི་ཡལ་བ་ན།།གཤིས་གཞོན་ནུ་བུམ་པའི་ཆོས་སྐུ་ཡོད།།ཡེ་གྲོལ་གྱི་ལམ་གནས་མ་འཆུག་ན།།སྟོང་གསལ་གྱི་དྲན་རིག་གཟུགས་བརྙན་ཙམ།།ལམ་རྫོགས་ཆེན་སྒོམ་པའི་རྣམ་འབྱོར་པ།།གཉིད་ཤེས་བྱ་བུམ་འཇུག་གནད་དུ་ཆེ།།སྨན་གཞོན་ནུའི་རེག་བྱ་གང་དགར་ཐོངས།།དོན་ཡེ་ཤེས་ཀྱི་ཕྱག་རྒྱར་རྩེད་མོ་མཛོད།།སྲོད་ཐོ་རངས་གཉིས་ཀྱི་སྟོན་གྲལ་ན།།གཉིད་རྨི་ལམ་གཉིས་ཀྱི་མཚམས་ཤིག་ན།།ཡིད་ཆོས་སྐུར་གྲོལ་བའི་ཉམས་མྱོང་ཡོད།།ལྭ་བའི་གོས་ཅན་ལྟར་ཅིས་མི་མཛད།།ལམ་ལྟར་སྣང་ཙམ་གྱིས་མི་ངོམས་པའི།།བུ་ལས་འཕྲོ་ལས་ཀྱི་སྐལ་བཟང་དག།ཕ་སྔོན་བྱོན་གོང་མའི་རྣམ་ཐར་གཟིགས།།ཁྱད་ཆོས་དྲུག་ལྡན་དུ་མཆོང་ལ་ཤོག།། ཅེས་པའང་གཞོན་ནུ་འཇིགས་མེད་པས་སོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།