གང་དྲན་གླུ་རུ་བླངས་པ།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-26

༅༅།།འཕགས་མཆོག་འཇམ་པའི་དབྱངས་སྤྱན་འདྲེན་པའི་གླུ་དད་པའི་མྱུ་གུ་ཞེས་བྱ་བ།།ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཀ་དག་གི་ཀློང་ན།།ལྷུན་གྲུབ་ངེས་པ་ལྔ་ལྡན་རིགས་ཀུན་གྱི་ཁྱབ་བདག།གདོད་མའི་སངས་རྒྱས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཅན།།ཀུན་ཁྱབ་ཆོས་སྐུའི་ཀློང་ནས་སྤྲུལ་སྐུ་རུ་བཞེངས་ཤོག།སྲིད་ཞི་མཉམ་པར་བདལ་པའི་ཆོས་ཉིད་ཀྱི་ཀློང་ན།།གཉིས་སྣང་མཚན་མ་ཉེར་ཞི་རང་བྱུང་གི་ཡེ་ཤེས།།འཕོ་མེད་སེམས་ཀྱི་རྡོ་རྗེ་འཇམ་དཔལ་གྱི་དཔའ་བོས།།སྣ་ཚོགས་གཟིགས་སྐུའི་རོལ་གར་འགགས་མེད་དུ་བཞེངས་ཤོག།མི་ཤིགས་སེམས་ཀྱི་ཆོས་ཉིད་བརྗོད་བྲལ་གྱི་ཀློང་ན།། ཁ་སྦྱོར་ཡེ་ཤེས་རྡོ་རྗེ་བདེ་ཆེན་གྱི་ལང་ཚོ།། རྟག་ཆེན་གཉུག་མའི་སྐུ་ཅན་འཇམ་དཔལ་གྱི་རྡོ་རྗེ།། རིག་གདངས་སྒྲོན་མ་རྣམ་བཞིའི་འཇའ་སྐུ་རུ་སྟོན་ཤོག།སྣང་མེད་སྣང་བའི་གར་རོལ་སྒྱུ་འཕྲུལ་གྱི་ཡེ་ཤེས།།གཟུགས་མེད་གཟུགས་སུ་བརྫུ་བའི་ལྷུན་གྲུབ་ཀྱི་འོད་གདངས།།ཐོགས་མེད་ཅིར་ཡང་འཕྲུལ་བའི་འཇམ་དཔལ་གྱི་ཡེ་ཤེས།།ཁྱེའུ་ཆུང་རྒྱང་ཞགས་སྒྲོན་མའི་ལྟད་མོ་རུ་ངོམས་ཤིག། བྲི་དང་གང་བ་གཉིས་མེད་མཐའ་བྲལ་གྱི་དབྱིངས་སུ།། ལས་རླུང་ཟས་སུ་ཟ་བའི་ཁྲག་འཐུང་གི་སྤྱི་རྗེ།འཁོར་འདས་ཀུན་གྱི་སྤྱི་དཔལ་གཤིན་རྗེ་ཡི་གཤེད་པོག།།ཡེ་ཤེས་སྒྱུ་མའི་བཀོད་པའི་རྣམ་རོལ་གྱི་བཞེངས་ཤོག།ཁམས་གསུམ་ཡིད་ཀྱི་རྒྱུ་བ་གཞི་མེད་དུ་སངས་པའི།།ནང་གསལ་གཞོན་ནུ་བུམ་སྐུ་འཇམ་དཔལ་གྱི་ཡེ་ཤེས།།གཏུམ་ཆེད་ཞེ་སྡང་རྡོ་རྗེའི་རོལ་མོ་རུ་བཞེངས་ནས།།ཟག་བཅས་སེམས་ཀྱི་མཚན་མ་ཡོངས་གྲོལ་ཏུ་ཤིག་ཅིག།འཁྲུལ་རྟོག་རྡུལ་ཁམས་དྭངས་པའི་གཞི་དབྱིངས་ཀྱི་ཀློང་ནས།།བརྗོད་མེད་གྲགས་སྟོང་རྡོ་རྗེའི་རྒྱང་གླུ་འདི་བླངས་པས།།འཇམ་པའི་རྡོ་རྗེ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ནས།།བྱིན་རླངས་མཆོག་གི་ཆར་ཆེན་འཛད་མེད་དུ་སྙིལ་ཤོག།ཅེས་པའང་སྤྲང་རྒན་འཇིགས་མེད་པས་གང་དྲན་གླུར་བླངས་པ་དགེ་བར་གྱུར་ཅིག།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་དྲན་གླུ་རུ་བླངས་པ།

2009-10-26 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།