སྙིགས་མའི་སྐྱེ་བོའི་རྙེད་བཀུར་གྱི་རང་བཞིན་ལ་སྐྱོ་བའི་གཏམ་ཞེས་བྱ་བ།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-24

༅།།  ཞིང་རབ་འབྱམས་རྒྱལ་བའི་ཡེ་ཤེས་ཀྱི་སྣང་བརྙན།། མ་འགྲོ་བའི་སྐྱབས་གཅིག་རྗེ་བཙུན་གྱི་བླ་མ།། ཐུགས་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་འཇུག་པས།།སྤྲང་བདག་གི་བློ་སྣ་ཆོས་ཕྱོགས་ལ་བསྒྱུར་མཛོད།།དུས་བསྐལ་མང་བསགས་པའི་ལེགས་བྱས་ཀྱི་མཐུ་ལས།།ཆོས་བཅུ་གཉིས་ཚང་བའི་མི་ལུས་ཤིག་རྙེད་ཀྱང་།།འདི་རྙེད་པར་དཀའ་བའི་གནས་ཚུལ་ལ་རྨོངས་པའི།།ཁོང་སྟོང་ལོག་མཁན་གྱི་རྣམ་འབྱོར་དེ་ཨེ་གཟིགས།།མི་མཁས་པར་གྲགས་པའི་དཔྱོད་ལྡན་གྱི་སྐྱེ་བོ།།ནོར་ཆོས་བརྒྱད་སྒྲུབ་པའི་བསོག་འཇོགས་ལ་མཁས་ཏེ།།ཕྱི་མར་འགྲོ་དུས་གྲོ་རྒྱགས་ཞིག་མེད་ན།།སྐྱེས་ཆེན་པོ་འདེགས་དུས་ཅི་འདྲ་ཞིག་ཡིན་ཨང་།།ནོར་འབྱོར་བ་རྒྱས་པའི་སྟོན་ཆེན་གྱི་བླ་མ།།ཞལ་ཇ་ཆང་བཏུང་བའི་དགའ་སྟོན་ལ་རོལ་ཞིང་།།ཐུགས་ང་རྒྱལ་ཆེན་པོའི་ཏིང་འཛིན་གྱིས་དགྱེས་པའི།།ཚུལ་འདི་འདྲ་སྙིགས་མའི་ཕོ་ཉ་རུ་འདུག་གོ།།གནས་རྒྱལ་ཁམས་འགྲིམས་པའི་རྟོགས་ལྡན་གྱི་རྣམ་འབྱོར།།སྤྱན་སེ་གེའི་ལྟ་སྟངས་ནམ་མཁའ་ལ་སྒྲིལ་ཞིང་།།གསུང་ཧཱུཾ་སྒྲ་གཅིག་གིས་རྟ་མཛོ་བརྒྱ་ཟླུམ་སྟེ།།རྡོ་གོར་མོ་འཕེན་འདྲའི་མན་ངག་དེ་ཅི་ཞིག།དུས་ལན་གཅིག་བསྒོམས་པའི་ཞི་གནས་ཀྱང་མེད་བཞིན།།གཏམ་ངོན་ཤེས་ཡིན་བརྫུ་ཅལ་ཅོལ་དུ་སྒྲོག་པའི།།མི་དེ་འདྲ་ཟོག་མའི་སྒྲིབ་བྱེད་ལ་མཁས་ཏེ།།དཔེ་ཡག་གའི་རི་དྭགས་མཆོད་གནས་སུ་འོས་སམ།།ལམ་ཐེག་ཆེན་པ་ཞེས་ཞལ་བཞེས་སུ་མཛད་བཞིན།།མ་དྲིན་ཆེན་བསད་པའི་ཤ་ཁྲག་གིས་དགྱེས་ཤིང་།།ཐུགས་སྙིང་རྗེས་གཟིགས་ཡུལ་སྦྱིན་བདག་ཏུ་དགོངས་ནས།།བགེགས་དགྲ་རུ་འཛིན་པའི་སེམས་དཔའ་དེ་ཨ་ཧོ།།རྟགས་ངུར་སྨྲིག་བགོ་བའི་རྒྱལ་མཚན་དང་འགྲོགས་ཀྱང་།།ལས་སྤོང་ཀློག་གཉིས་ལྡན་བྱ་བ་དེ་བོར་ནས།།གཏམ་གླུ་གར་སྒྲུང་རྒྱུད་བཞད་གད་ཀྱི་འཁོར་ལོ།།རྟེན་དལ་འབྱོར་འཇོམས་པའི་མཚོན་ཆ་རུ་ཨེ་གཟིགས།།གོས་རས་དཀར་གྱོན་པ་ཙི་ན་ལ་ཡོད་མོད།།སྐྲ་རལ་བའི་ཐོར་གཙུག་མུ་སྟེགས་ཀྱིས་འཛིན་ཏེ།།རྒྱན་རྐང་ལག་གདུ་བུ་སྐེད་མེད་ཀྱིས་འཆང་ན།།དེ་རྣམ་འབྱོར་དཔ་བོའི་ཁྱད་ཆོས་སུ་རེའམ།།གྲོགས་ཆུང་མ་ལེན་པ་ཚངས་སྤྱོད་ཀྱི་འགལ་ཟླ།།ཆས་ཟླུམ་པོའི་ཌརུ་ངལ་དུབ་ཀྱི་ཁུར་ཆེན།།ཚིག་འུད་གོག་སྐམ་པོ་བསླུ་བྲི་ཀྱི་གཡོ་ཟོལ།།དེ་གསུམ་ལྡན་སྔགས་ཀྱི་བརྟུལ་ཞུགས་སུ་རེའམ།། ཐབས་མྱུར་ལམ་ཟབ་མོ་གསང་སྔགས་ཀྱི་སྒྲུབ་རྫས།།དོན་སྣང་སྟོང་ཟུང་འཇུག་གཉིས་མེད་ཀྱི་ཕྱག་རྒྱ།།རྟགས་རྡོ་རྗེ་དྲིལ་བུའི་དཀྱིལ་འཁོར་ཞིག་མཐོང་ན།།ཡོན་རིན་ཐང་བརྩི་བའི་སྔགས་འཆང་ཚོ་ཨེ་གཟིགས།།ལྷ་དྲང་སྲོང་ཆེན་པོའི་རྗེས་འཇུག་ཏུ་རློམ་བཞིན།།ཚུལ་འཁྱོགས་སྤྱོད་སྣ་དགུའི་ངང་ཚུལ་ལ་གནས་པའི།།དུས་སྙིགས་མའི་རང་གཟུགས་དགེ་སྦྱོང་གི་བཟོ་བཅོས།།དེ་བསྟན་འཛིན་ཡིན་ཟེར་ངོ་མཚར་ཞིག་ཆེའོ།།ཚུལ་འདི་དང་འདི་འདྲའི་ངན་སྤྱོད་ཀྱིས་ཀུན་ཁེབས།།ཁོར་ལྔ་བདོ་སྙིགས་མའི་ཐུན་གསུམ་གྱིས་བསྐུལ་ནས།།ཆོས་ཐར་ལམ་སྣང་བའི་དགྲ་ཟླ་རུ་སླེབས་ཚེ།།མི་འཇིགས་པ་མེད་པས་སྐྱོ་གླུ་རུ་བླངས་སོ།།ཚུལ་དེ་འདྲ་ཤེས་པའི་བློ་གྲོས་ཀྱི་ཁྱེའུ་ཆུང་།།སྒོ་རྣམ་པ་མང་པོའི་སྤྱོད་ངན་གྱིས་དཀྲིགས་པའི།།གྲོགས་བྱིས་པའི་སྐྱེ་བོས་སུན་འབྱིན་ཞིག་བྱས་ཚེ།།ནོར་བཀུར་སྟིའི་ཚོགས་ཀྱང་དེ་ཀ་ལ་ཕྱོགས་འདུག།ཡུན་རིང་པོར་འགྲོགས་པའི་སྲེད་ལེན་གྱི་ཕོ་ཉས།།དུས་རྟག་པར་བསྒྲུབས་པའི་རྙེད་བཀུར་གྱི་ལོངས་སྤྱོད།།ཀླུ་འཇོག་པོ་ལྟ་བུའི་དཔལ་འབྱོར་ལ་སྤྱོད་ཀྱང་།།ལམ་རིང་མོ་འགྲིམས་དུས་ཕན་པ་ཞིག་བདོག་གམ།།དགྲ་འཆི་བདག་གཤིན་རྗེའི་གཡུལ་ངོ་དེར་སླེབ་ཚེ།།ནོར་རིན་ཆེན་ཐང་མ་སྟོང་གསུམ་དུ་བདལ་ཡང་།།དེས་སུག་འབུལ་ལེན་པ་རི་བོང་གི་རྭ་ཅོ།།ཁྱོད་རང་ལ་ཕན་པ་ག་འདྲ་ཞིག་ཡོད་ཨང་།།ཐབས་རྣམ་མང་ངལ་བའི་དཀའ་ཚེགས་ཀྱིས་བསྒྲུབས་པའི།།ནོར་རྙེད་བཀུར་སྙན་གྲགས་ཚངས་ཆེན་ལས་ལྷག་ཀྱང་།།དེ་གར་སོང་ཆ་མེད་བར་སྣང་གི་བྱ་རྗེས།།རང་གཅིག་པུར་འགྲོ་དུས་ཅི་ཚུགས་ཞིག་བྱ་སྙམ།།ནོར་དང་པོ་བསྒྲུབ་དུས་གཡོ་སྒྱུ་ཡི་བྱ་བ།།ཕྱི་ལུས་ངག་འཁྱུག་འཁྱུག་མགོ་སྐོར་གྱི་རྫུན་མ།།ནང་རང་སེམས་འཁྱུག་འཁྱུག་བསམ་གཞིག་གི་འཁོར་ལོ།།དེའི་བྱ་སྤྱོད་མཐའ་དག་བྲེལ་དོ་ཡི་ཕུང་བོ།།ནོར་བར་དུ་བསྲུང་དུས་ངལ་དུབ་ཀྱི་ཡོ་ལང་།།ཉིན་གང་པོར་འབད་པའི་དཀའ་ཐུབ་ཀྱིས་སྨད་པས།།ལུས་ཤིན་ཏུ་ཉམ་ཐག་འགལ་དུམ་བཞིན་ཉལ་ཡང་།།ལས་བསོད་ནམས་མ་བསགས་འབད་རྩོལ་གྱིས་ཕན་ནམ།།ནོར་ཐ་མ་སྤེལ་དུས་འདུ་འཛི་ཡི་འཁོར་ལོ།།ཐབས་སྣ་ཚོགས་ཚུལ་གྱི་དཔལ་འབྱོར་རང་སྤེལ་ཀྱང་།།སྔོན་སྦྱིན་པ་བྱས་པའི་བསགས་རྒྱབ་ཞིག་མེད་ན།།བསོག་ཇི་ལྟར་མཁས་ཀྱང་འཕེལ་རྒྱུ་ཞིག་ཨེ་གདའ།།ཁབ་སྐུད་པ་བསོགས་པའི་ཁྱིམ་བདག་དང་ཡོན་གནས།།དུས་ཉིན་གཅིག་འདས་པའི་སོས་དལ་ཀྱང་མེད་པར།།ནོར་ལོངས་སྤྱོད་བསྒྲུབས་པ་གར་སོང་ཡང་མེད་ན།།དེ་ཁྱབ་འཇུག་ཆེན་པོའི་ལྟོ་ཞལ་དུ་ཕུལ་ལམ།།གྲོ་སྲན་མ་ཙམ་གྱི་ལོངས་སྤྱོད་ཅིག་ཡོད་ཀྱང་།།ཡིད་ཟུག་ངུའི་ཚོར་བ་དེ་ཙམ་ཞིག་མཆིས་ན།།མནོག་ཤིན་ཏུ་ཆུང་བའི་དབང་ཐང་གིས་ཅི་བྱ།།རྒོད་རྙི་ལས་ཐར་བབའི་གདམས་ངག་དེ་ཨེ་དྲན།།དགྲ་རྣམ་གཡེང་འཕེལ་བའི་རྙེད་བཀུར་དང་སྙན་གྲགས།།དོན་སྙིང་པོ་མེད་པའི་ངང་ཚུལ་འདི་ཤེས་ནས།།སེམས་ཐར་བ་འདོད་པའི་བསྐལ་བཟང་གི་གཞོན་ནུ།།གནས་དབེན་པ་དྲན་ནས་ཚུག་ཐབས་རང་མི་གདའ།།མགོན་སྲས་བཅས་རྒྱལ་བས་ལན་བརྒྱ་རུ་བསྔགས་ཤིང་།།ལྷ་ཐུབ་པ་ཆེན་པོའི་བྱིན་རླབས་ཀྱིས་བསྲུང་བའི།།གནས་ངོ་མཚར་སྨན་ལྗོངས་དབེན་རི་ཡི་རྒྱལ་ཁབ།།ཕ་ཀུན་མཁྱེན་བརྒྱུད་པའི་གདན་ས་རུ་དགོངས་སམ།།ནགས་ལྗོན་ཤིང་ཕྲེང་བས་མཛེས་རྒྱན་དུ་གནས་ཤིང་།།གཙུག་རི་བོང་འཛིན་པ་ལ་ཐོད་དུ་བཅིངས་པའི།།གྲོགས་ཉིན་མོངས་མེད་པའི་མཛེས་སྡུག་གི་ལྷུན་པོ།།ལུས་མི་གཙང་གཟེ་རིའི་སྡིག་གྲོགས་དང་འདྲའམ།།གཡུའི་མཛེས་པ་འགོག་པའི་ལྗང་གསལ་གྱི་འཁྲི་ཤིང་།།རླུང་ཤིན་ཏུ་འཇམ་པའི་བསིལ་ཆབ་ཀྱིས་བསྐུལ་ཚེ།།ལུས་བསིལ་བའི་རེག་བྱས་ལན་བརྒྱ་རུ་སིམ་བྱེད།།ཁྱེད་མི་ཆེན་དགྱེས་པའི་རྔ་ཡབ་ཀྱིས་ཨེ་འགྲན།།གནས་མ་བཅོས་ལྷུན་གྲུབ་རྡོ་ལེབ་ཀྱི་ཁང་བཟང་།།ཆོད་ཕག་ཕུག་དུ་མའི་མཛོད་ཁང་ཡང་མེད་དེ།།ནོར་ཆོག་ཤེས་བསོགས་པའི་འཛད་མེད་ཀྱི་གཏེར་ཆེན།།འདི་ཀུན་མཁྱེན་བརྒྱུད་པའི་བསོགས་རྫས་ཀྱི་ཕ་ཁང་།།མདངས་ཤིན་ཏུ་གསལ་བའི་ན་ཆུང་གི་གྲོགས་མོས།།ལྷ་མིག་སྟོང་དབང་བོའི་རྒྱུད་མང་ལ་འགྲན་པའི།།སྐད་ཡན་ལག་བརྒྱ་བའི་འཇོ་སྒེག་དང་འགྲོགས་ནས།།ཡིད་ཐར་བར་བསྐུལ་བའི་ཕོ་ཉ་དེ་དྲན་བྱུང་།།མདོག་བྱེེ་ཌཱུར་གཞོན་ནུའི་གཟི་མདངས་ལ་འགྲན་ཅིང་།།མིག་ཉི་མའི་ལུས་ཀྱི་མཚུངས་ཟླ་རུ་འོས་པའི།།གཉེན་ལྷོ་མོན་དགའ་མའི་མགྲིན་གླུ་ཞིག་བླངས་ཚེ།།ཆོས་འདུས་བྱས་འཇིག་པའི་ངང་ཚུལ་དེ་དྲན་བྱུང་།།རེག་འཇམ་ཞིང་སྡུག་པའི་འདབ་བརྒྱ་ཡི་ཟེའུ་འབྲུ།།གནས་ངེས་མེད་འགྲིམ་པའི་རྐང་དྲུག་གི་གཞོན་ཆུང་།།གླུ་སྙན་ལ་འཇེབས་པའི་མགྲིན་རྔ་དང་ལྷན་ཅིག།བཅུད་སྦྲང་རྩིའི་སྙིང་བོ་ཅི་དགའ་རུ་བླངས་སོང་།།སྒྲ་ལྷུང་ལྷུང་འབབ་པའི་ཕུ་ཆུ་ཡི་བཤེས་གཉེན།།དུས་རིངས་པར་རིངས་པར་མི་རྟག་གི་ཕོ་ཉ།།ཚུལ་ང་ཅག་འདྲ་ཞེས་གདམས་ངག་ཏུ་འདོམས་པའི།།དོན་འདི་འདྲ་སྟོན་པ་དབེན་རི་ཡི་ཁྱད་ཆོས།།དུས་ཆར་ལྡན་རྒྱལ་མོའི་གསོགས་བྲུན་གྱི་མེ་ཏོག།ཁོང་མི་སྡུག་སྲིན་མོའི་གཞན་དབང་དུ་གྱུར་བའི།།ཚུལ་དེ་མཐོང་བསགས་པ་འཛད་མཐར་རུ་ཤེས་པའི།། ཚུལ་འདི་འདྲ་སྟོན་པའི་བླ་མ་རུ་གཟིགས་སམ།། སྙིགས་མའི་སྐྱེ་བོའི་རྙེད་བཀུར་གྱི་ལོངས་སྤྱོད་ལ་སྐྱོ་བའི་གཏམ་སྐལ་བཟང་རྣ་རྒྱན་ཞེས་བྱ་བ་ཏིང་ངེ་འཛིན་གྱི་དགའ་བ་ལ་མངོན་པར་སྤྲོ་བའི་བྱིས་པ་འཇིགས་མེད་པས་སོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིགས་མའི་སྐྱེ་བོའི་རྙེད་བཀུར་གྱི་རང་བཞིན་ལ་སྐྱོ་བའི་གཏམ་ཞེས་བྱ་བ།

2009-01-24 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།