དགའ་ལྡན་པ་ཞིག་གིས་མཛད་པའི་ཀ་རྩོམ་ཚན་པ་གཉིས་བཞུགས་སོ།།

དགའ་ལྡན་པ་བློ་བཟང་དོན་ཡོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-03-04
ཀོ་བ་པགས་པ་གྱོན་པའི་འབྲོག་སྡེ་ཡི་ཁྲོད་ནས །།
ཁོ་བོ་སྔོན་བསགས་དབང་གིས་བླ་མ་ལ་བསྐོས་སོང་།།
གོ་འདོན་སློབ་གཉེར་མེད་པའི་བན་རྒན་ངའི་རྣམ་ཐར །།
ངོ་ཚ་ཅིའང་མེད་པར་ཟུར་ཙམ་ཞིག་བྲིས་ན །།
ཅོ་ནེ་ཚ་ཁོ་ལྟ་བུའི་རོང་ས་ནི་མིན་པའི །།
ཆོ་རིགས་གླེན་པ་རྣམས་ཀྱི་ཁྱིམ་མཚེས་ཀྱི་ཚུལ་དུ །།
ཇོ་ཐོ་བྲེགས་དང་མ་བྲེགས་ཁྱིམ་པ་ཡིས་བསྐོར་ནས །།
ཉོ་ཚོང་སྡུག་ལས་བྱེད་པའི་ངང་ཚུལ་འདི་སྐྱོ་བ །།
ཏོ་ར་ན་དང་ལྡན་པའི་འདུ་ཁང་དེ་བསྐྱུར་ནས །།
ཐོ་ཡོར་སློང་བྱེད་རེ་ནག་གུར་ཆེན་རེ་ཕུབ་སྟེ།།
དོ་ནུབ་གུར་ཆུང་ནང་དུ་སྐྱིད་ཉལ་རེ་བྱེད་པའི །།
ནོམ་པ་གང་བཟང་གོ་ལག་གྱོན་པ་འདི་མཚར་ཆེ །།
པོ་ཏི་ལྔ་ཡི་གཞུང་ལ་སྦྱངས་ཁུལ་ཙམ་བྱས་ཀྱང་།།
ཕོ་རོག་བཞིན་དུ་གོར་ནག་ཁ་ཟས་ལ་རྔམ་པའི །།
བོངྷི་ཙ་ཡི་ཕྲེང་བས་བཀའ་བསྒོ་རེ་བྱས་ཏེ །།
མོ་དང་རྫུན་གྱིས་མི་སེམས་བསྒྱུར་བ་འདི་ཨ་ཙ །།
ཙོ་ར་བཞིན་དུ་བག་མེད་རྣམ་གཡེང་གི་ངང་དུ །།
ཚོ་ཚོའི་ཤ་ཟ་ཇ་རྒོད་ཚོད་མེད་དུ་འཐུང་བཞིན །།
ཛོ་ཛོ་བྱས་ནས་རྟ་ཕོ་གང་བཟང་གི་གོང་ནས །།
ཝོ་ལེ་ཝོ་ལེ་བཀོལ་སྤྱོད་བྱེད་པ་འདི་ཀྱེ་ཧུད །།
ཞོ་དང་མར་ཆུར་མོད་པའི་འབྲོག་སྡེ་ཡི་ཁྲོད་ནས །།
ཟོ་འཐུང་སྡོད་ཅེས་དབྱར་ཟླ་གསུམ་པོ་དེ་ཚར་སོང་།།
འོ་མ་དཀར་ཆུ་མེད་པར་རྩམ་བྱད་བྱས་ཟོས་ཏེ།།
ཡོ་ལང་ཆེ་མདོག་བྱས་ནས་དགུན་གསུམ་ཡང་ལོངས་སོང་།།
རོ་ཟས་རོ་གོས་ཏ་བྱན་དཀོར་ནག་འདི་ཞིམ་ཡ །།
ལོ་གྲངས་བདུན་བརྒྱད་མཚམས་ནས་ཟ་ཁ་ཡང་གང་སོང་།།
ཤོ་རྒྱན་བྱས་ནས་འདི་དག་ཕྱི་མ་ལ་རྒྱན་ཕབ །།
སོ་བ་བྱས་ནས་ད་ནི་ད་ཚོད་ལ་སླེབས་འདུག།
ཧོ་ཡ་ཧོ་ཡ་ད་ནི་འཆི་རན་ལ་ཐུག་པས །།
ཨོ་ཡ་ད་ནི་བླ་མ་དཀོན་མཆོག་གསུམ་ཤེས་སོ །།

འདི་ནི་༡༩༥༦ལོ་ཞིག་ལ་མཛོད་དགེ་ཉིན་མའི་དགའ་ལྡན་པ་བློ་བཟང་དོན་ཡོད་ལགས་ཀྱིས་ཨ་མཚར་ཀུ་རེ་རྩེད་ཞོར་བརྩམས་པ་གང་ཞིག་སྐབས་དེའི་ཁོང་གི་གྲྭ་བ་ཉིན་མའི་སྦྱིན་ཕྲུག་གི་ངག་ནས་ཡི་གེར་ཕབ་མཁན་ནི་རྨོག་རུ་ཤེས་རབ་རྡོ་རྗེའོ།།

ཨ་མདོའི་ཡུལ་གྱི་དངུལ་རྭ་ཉིན་སྲིབ་དང་ །།
ཧ་ཅང་མི་རིང་མགོ་ལོག་གོང་མའི་ནང་།།
ས་ཆ་དེ་ནས་དྲག་ཆར་མང་དུ་བབས །།
ཤ་གཟན་བཤས་པའི་སྡིག་པ་འཐོལ་ལོ་བཤགས།།
ལ་ཆེན་ཆུ་ཆེན་མང་བོའི་ཕ་རོལ་ན །།
ར་མ་ལུག་གི་ཉ་མཚོ་སྡེ་བ་ཡོད །།
ཡ་མཚན་ཆ་ལུགས་ཞྭ་གོས་སྐད་མི་གཅིག །
འ་བོ་ཟེར་ནས་ཚོང་ཉུལ་ཡོང་རྒྱུ་རེད །།
ཟ་རྒྱུ་ཆུར་བ་ཤ་དང་དཀར་ཆུ་ཡིན །།
ཞྭ་མགོ་ལུ་གུའི་ལྤགས་དང་རས་ཝ་ཡིན །།
ཝ་ཞྭ་གྱོན་མཁན་དགུན་ཐོག་འགའ་རེ་ཡོད །།
ཛམ་བུ་གླིང་གི་སྡིག་པ་ཁུར་ཟེར་ནས །།
རྩམ་པ་མེད་ཀྱང་རྟ་ཕོ་དགའ་སེ་གཞོན །།
བ་ལུ་གླང་རྒན་ས་ན་རིག་རྒྱུ་མེད །།
ཕ་མ་ཤི་དུས་མ་ཎི་རྡོ་བརྐོས་བྱེད །།
པདྨ་འབྱུང་གནས་ཁ་དོན་རྒྱུན་དུ་བྱེད །།
ན་གཞོན་ཕོ་སར་རྣམས་ཀྱིས་གྲི་རིང་དྲངས།།
ད་ནི་དེ་འདྲའི་ས་ལ་ཐོན་རན་ཡོད །།
ཐ་ཆད་ས་ན་བླ་མ་གྲྭ་ཚང་དཀོན །།
ཏ་ཐ་ག་དའི་བསྟན་དང་མ་མཇལ་སྟེ །།
ཉ་སྟོང་བརྒྱད་གསུམ་དགེ་བ་ཅུང་ཟད་བྱེད །།
ཇ་ནི་སྟོད་ཇ་འཐུང་ཞིང་དེ་ལ་དགའ །།
ཆ་མེད་ཡུལ་དེ་ང་རང་ཕ་ཡུལ་ཡིན །།
ཅ་ག་བཅིང་ཐག་འབྲོག་པ་ཁོ་ན་ཡིན །།
ང་རང་ཉིན་གཅིག་གཉིད་དུ་སོང་བ་ལས །།
ག་ཞིག་ཞིག་ནས་དེ་འདྲའི་རྨི་ལམ་རྨིས །།
ཁ་ལ་འདུག་རེ་མེད་པའི་བན་རྒན་ངས །།
ཀ་ཁ་མགོ་གཞུག་ལྡོག་ནས་ཡི་གེར་བྲིས །།

འདི་ནི་མཛོད་དགེ་ཉིན་མའི་དགའ་ལྡན་པ་བློ་བཟང་དོན་ཡོད་ལགས་ལོ་ཁ་གང་ནས་ཕྱིར་རང་ཡུལ་ལྷ་སར་ཕེབས་པའི་ལམ་བར་དུ་སྤྱི་ལོ༡༩༥༧ལོར་ཨ་མཚར་རྩེད་མོས་ཚུལ་དུ་བརྩམས་པ་གང་ཞིག་ཁོང་དང་མཉམ་དུ་དབུས་གཙང་དག་པའི་ཞིང་ལ་སྐྱོད་མཁན་གྲྭ་བ་ཉིན་མའི་སྦྱིན་ཕྲུག་གི་ངག་ནས་ཡི་གེར་ཕབ་མཁན་ནི་རྨོག་རུ་ཤེས་རབ་རྡོ་རྗེའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དགའ་ལྡན་པ་ཞིག་གིས་མཛད་པའི་ཀ་རྩོམ་ཚན་པ་གཉིས་བཞུགས་སོ།།

2020-03-04 དགའ་ལྡན་པ་བློ་བཟང་དོན་ཡོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།