འོལ་དགའི་གནས་བསྟོད་བཞུགས་སོ།།

རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-19

 ༄༅།།ན་མོ་གུ་རུ་སཱུ་མ་ཏི་ཀིརྟི་ཡེ། སྐྱབས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། ། མཆོག་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། ། མགོན་མཁས་གྲུབ་ཆེན་པོའི་རྣམ་རོལ་པ། ། རྗེ་འཇམ་མགོན་བློ་བཟང་རྒྱལ་བར་འདུད། ། དཔལ་བློ་བཟང་རྒྱལ་བ་གཉིས་པ་དེ། ། དུས་སྙིགས་མའི་མཐའ་འདིར་རང་གི་བསྟན། ། ཕྱོགས་ཀུན་ཏུ་སྤེལ་སླད་སླར་བྱོན་པ། ། ཕ་རོལ་བའི་རྡོ་རྗེར་གུས་ཕྱག་འཚལ། ། ཡུལ་བྱང་ཕྱོགས་གངས་ཅན་ས་ཡི་དཔྱིད། ། ལྗོངས་འོལ་དགའ་ཞེས་གྲགས་དགེ་བཅུ་ཀུན། ། ཡོངས་ཚང་བའི་གནས་མཆོག་ཁྱད་འཕགས་འདིའི། ། ངོ་མཚར་བའི་ཁྱད་པར་མཐའ་དག་ལ། ། བདག་ལྟ་བུས་བརྗོད་པར་མི་སྤོབས་མོད། ། ད་འོན་ཀྱང་རང་གི་སྣང་ཚུལ་ལྟར། ། གནས་རྟེན་དང་བརྟེན་པའི་དགེ་མཚན་འགའ། ། ཚིག་རབ་བཏགས་ཟོལ་བསྟོད་ཙམ་མིན་པར། ། དོན་དངོས་པོའི་གཤིས་ལུགས་འདི་མཐོང་བས། ། ཡིད་ལྷག་པར་བསྐྱོད་ནས་འདི་སྐད་སྨྲ། ། ཡུལ་འདི་ཡི་སྣོད་བཅུད་འབྱོར་བ་ཀུན། ། ཆེས་སྤེལ་མཛད་ལྷ་ཆེན་ཀུན་གྱི་ཡབ། ། དཔལ་འོ་དེ་གུང་རྒྱལ་ཕོ་བྲང་ཆེ། ། རི་གངས་རི་གནམ་དུ་སྙེགས་འདྲ་བར། ། སྲས་བཙུན་མོ་བློན་འཁོར་དག་གི་གནས། ། གངས་གཡའ་དང་རྫ་རི་སྤང་རི་སོགས། ། འཕྲེང་ཚར་དུ་དངར་འདྲ་ལྷུན་ཆགས་པའི། ། རྐེད་སྤང་ལྗོངས་ནེའུ་ཙོའི་གཤོག་པ་ལྟར། ། ཆེས་མཛེས་པའི་ངོས་ལ་ཚོན་བརྒྱ་ཡི། ། མདངས་འཛིན་ཅིང་སྨན་གྱི་དྲི་བསུང་གིས། ། རྫི་ཕྱོགས་ཀུན་ཁྱབ་པའི་མེ་ཏོག་ཚོགས། ། ཕྱོགས་ཕྱོགས་མཚམས་ཀུན་ཏུ་མགོ་ལྕོག་ལྡེམ། ། ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡི། ། ལྷུང་ལྷུང་གི་སྒྲ་ལྡན་དལ་འབབ་རྣམས། ། ཆེས་མི་རྒོད་མི་དལ་འཚམས་པར་འབབས། ། གཤོད་ལུང་སུལ་ཀུན་ཏུ་དྲི་ཞིམ་གྱི། ། བསུང་རིང་པོར་ལྡང་བའི་བ་ལུ་སོགས། ། སྤོས་ཤིང་གི་ནགས་ཀླུང་གཡོ་བའི་ཁྲོད། ། སྐད་སྙན་པར་སྒྲོག་པའི་འདབ་ཆགས་ཚོགས། ། བག་ཕེབས་པར་འདབ་གཤོག་རྩེ་འཇོ་བསྒྱུར། ། བྲག་རིན་ཆེན་སྤུངས་འདྲའི་ངོགས་རྣམས་སུ། ། སྔོན་བྱོན་གྱི་མཁས་གྲུབ་ཀྱིས་བསྟེན་པའི། ། ཆོས་བསམ་གཏན་རྗེས་སུ་མཐུན་པའི་གནས། ། རྗེ་གོང་མའི་སྒྲུབ་གནས་ཉམས་དགའ་བར། ། ཚེ་འདི་ཡི་བྱ་བ་བློས་བཏང་བའི། ། དགེ་ཚུལ་སློང་གྲོལ་བ་དོན་གཉེར་བས། ། ཆོས་བསླབ་པ་གསུམ་གྱི་རྒྱུད་བསྡམ་ཞིང་། ། ལམ་རྒྱུ་འབྲས་ཐེག་པའི་རིམ་པ་ལ། །རྩེ་གཅིག་ཏུ་སློབ་པའི་རྣལ་འབྱོར་ཚོགས། ། ཡུལ་སྐྱེ་འགྲོའི་བསོད་ནམས་ཞིང་དུ་བཞུགས། ། རྗེ་དྭགས་པོ་ཟླ་འོད་གཞོན་ནུ་དང་། ། དཔལ་ཁམས་གསུམ་བླ་མ་ཙོང་ཁ་བ། ། སྲས་བརྒྱུད་པར་བཅས་པའི་སྐྱེས་ཆེན་ཀུན། ། ཡུན་རིང་དུ་བཞུགས་ཤིང་བྱིན་གྱིས་བརླབས། ། དེའི་ནང་ནས་ཆེས་ཆེར་ཁྱད་འཕགས་པ། ། དཔལ་འོག་མིན་གཉིས་པ་ཆོས་ལུང་དང་། ། ཡོངས་ལྷ་སྡིངས་རྣམ་པའི་རྒྱལ་བའི་གླིང་། ། དེ་ལ་སོགས་བློ་བཟང་རྒྱལ་བ་ཉིད། ། མཆོག་རྒྱལ་བ་སྲས་དང་བཅས་པ་ཡི། ། ཞལ་གཟིགས་ཤིང་ཟབ་རྒྱས་གདམས་པ་མནོས། ། དཔལ་མཐའ་གཉིས་སྤངས་པའི་དབུ་མའི་ལམ། ། སྐྱབས་རྒྱལ་ཀུན་གཤེགས་ཤུལ་མ་ནོར་བ། ། མགོན་དེ་ཡི་ཐུགས་སུ་ཆུད་མཛད་ནས། ། ཕྱིས་སྐྱེ་རྒུའི་བསོད་ནམས་ཞིང་ས་རུ། ། ཕྱག་ཞབས་དང་སྐུ་ཡི་རྗེས་ལ་སོགས། ། རྫུ་འཕྲུལ་གྱི་རོལ་རྩེད་ཅི་ཡང་བསྟན། ། སར་གནས་ཀྱི་སེམས་དཔའ་དགེ་སྦྱོང་ཚུལ། ། ལེགས་བཟུང་བའི་འཁོར་མཆོག་རྣམ་བརྒྱད་ཀྱང་། ། རང་རང་གི་གདུལ་བྱ་འདུལ་བའི་སླད། ། གྲུབ་རྟགས་ཀྱི་མཛད་ཚུལ་བསམ་མི་ཁྱབ། ། མགོན་བློ་བཟང་རྒྱལ་བ་སྲས་བཅས་ཀྱི། ། ངོ་མཚར་གྱི་མཛད་པས་ཐུགས་དྲངས་པས། ། ཕྱིས་བྱོན་གྱི་རྒྱལ་བ་ཡབ་སྲས་སོགས། ། མཁས་གྲུབ་ཀྱི་སྐྱེ་བོ་གྲངས་མེད་ཀྱིས། ། ཡང་ཡང་དུ་ཕེབས་ཤིང་བྱིན་གྱིས་བརླབས། ། སྐྱབས་དམ་པ་མང་པོའི་བྱིན་རླབས་ཀྱིས། ། ཡུལ་སྣོད་བཅུད་དགེ་མཚན་ལྷག་པར་འཕེལ། ། རིས་མེད་ཀྱི་གྲུབ་པའི་མཐའ་ཀུན་ལ། ། ཡིད་དགའ་བའི་སྣང་བ་ཆེས་དཀར་བའི། ། ཡུལ་མི་ཀུན་ཆོས་ལ་བློ་དཀར་ཞིང་། ། རྣམ་དཀར་གྱི་བྱ་བས་རྟག་ཏུ་བྲེལ། ། དཔལ་མི་ཕམ་མགོན་དང་དབྱེར་མེད་པའི། ། རྟེན་ཁྱད་འཕགས་བྱམས་པ་མགོན་པོ་སོགས། ། བསོད་ནམས་ཀྱི་ཞིང་མཆོག་གྲངས་མེད་པ། ། ལེགས་བཞུགས་པའི་རྫིང་ཕྱིའི་ཆོས་སྡེ་སོགས། ། བཤད་སྒྲུབ་ཀྱི་བྱ་བས་འདའ་བ་ཡི། ། དགེ་འདུན་གྱི་སྡེ་མང་རྟག་པར་བཞུགས། ། ནད་བཞི་བརྒྱ་རྩ་བཞི་སེལ་ནུས་པའི། ། སྨན་ཆབ་ཀྱི་རྫིང་བུ་ཡིད་འོང་བར། ། དཀར་ཕྱོགས་ཀྱི་གདེངས་ཅན་དབང་པོའི་ཚོགས། ། འགྲོ་ཀུན་ལ་ཕན་པའི་སེམས་ཀྱིས་གནས། ། སྐྱེས་རབས་ཀྱི་འཕྲེང་བ་ཆེས་མང་བ། ། བསྟན་འགྲོ་བའི་མགོན་དུ་ལེགས་བཞེས་པ། ། རྗེ་རྒྱལ་བའི་སྲས་པོ་དམ་པ་དང་། ། དཔལ་གསང་བདག་བླ་མའི་རྣམ་འཕྲུལ་སོགས། ། འགྲོ་འདྲེན་གྱི་དམ་པ་མང་པོ་རྣམས། ། དུས་ཀུན་ཏུ་བསྟན་འགྲོའི་ཕན་བདེ་སྤེལ། ། ཆོས་དགེ་བཅུའི་ཁྲིམས་ཀྱིས་མངའ་འབངས་རྣམས། ། མས་བུ་ལྟར་སྐྱོང་བའི་མི་ཡི་རྗེ། ། ཁོང་ཆོས་རྒྱལ་ཨ་མོ་གྷ་ལ་སོགས། ། ས་སྐྱོང་བའི་རྒྱལ་ཁབ་སྟག་རྩེ་ཞེས། ། ཡུལ་ལང་ཀའི་གྲོང་ཁྱེར་སུམ་བརྩེགས་ལ། ། འགྲན་བཟོད་པའི་ཕོ་བྲང་ཉམས་དགའ་བར། ། སྔོན་པད་དཀར་འཆང་དངོས་ཐམས་ཅད་མཁྱེན། ། མགོན་བསོད་ནམས་རྒྱ་མཚོ་དཔལ་བཟང་དང་། ། རྗེ་གྲུབ་བརྙེས་དགེ་འདུན་བཀྲ་ཤིས་ཀྱིས། ། དཔལ་གསང་ཆེན་དཀྱིལ་འཁོར་གྲངས་མེད་ཚོགས། ། ཞལ་ཕྱེ་ནས་ཆོས་ཀྱི་ཆར་འབེབས་ཚེ། ། གནས་ཕོ་བྲང་འདི་ཉིད་ཡེ་ཤེས་ལྷའི། ། དག་པ་ཡི་གཞལ་མེད་ཁང་དུ་མཛད། ། དེ་ཕྱིར་ན་ས་མཁར་གཞན་དག་ནི། ། དཔེར་མི་མཚོན་ཀུན་གྱིས་མཆོད་པའི་རྟེན། ། ལྷག་པར་དུ་ཀུན་མཁྱེན་སྤྱན་རས་གཟིགས། ། སྐྱབས་དགེ་འདུན་རྒྱ་མཚོས་ཞབས་བཅགས་ཤིང་། ། མ་མཁའ་འགྲོའི་གཙོ་མོར་རེ་མ་ཏི། ། མངོན་སུམ་དུ་གནས་ཀྱི་སྲུང་མར་བསྐོས། ། རྟེན་བརྟེན་པར་བཅས་པ་བྱིན་བརླབས་ནས། ། གནས་དེ་ཝི་ཀོ་ཊའི་མཆེད་ཟླར་སྒྲུབས། ། ཡུལ་འདི་ཡི་བྱང་ཤར་དཀར་མོ་ལྗོངས། ། དཔལ་མི་འགྱུར་ལྷུན་གྲུབ་ཆོས་འཁོར་རྒྱལ། ། ལྷ་དཔའ་བོ་དམ་ཅན་རྒྱ་མཚོའི་ཚོགས། ། སྤྲིན་བཞིན་དུ་གཏིབས་པའི་གནས་ཆེན་དང་། ། ལྷོ་ཕྱོགས་སུ་འཆི་མེད་སྐུ་བརྙེས་པ། ། རྗེ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དཔལ། ། མཆོག་གོ་འཕང་མངོན་དུ་མཛད་པའི་གནས། ། གནས་མཁའ་སྤྱོད་གཉིས་པ་རིན་ཆེན་སྒང་། ། ཡོངས་གསང་འཛིན་གྲུབ་པའི་བརྟུལ་ཞུགས་ཅན། ། རྗེ་ལས་ཀྱི་རྡོ་རྗེའི་སྐྱེ་བའི་མཐའ། ། གང་དེ་ཡི་བསྟི་གནས་མཁའ་འགྲོའི་ཚོགས། ། པད་རྫིང་དུ་ངང་མོ་ལྟར་འདུ་བ། ། རི་རིན་ཆེན་སྤུངས་པའི་མདུན་ངོས་སུ། ། རྟེན་རང་བྱོན་དཔག་མེད་བཞུགས་པ་ཡི། ། གནས་ཟངས་མདོག་དཔལ་རི་གཉིས་པ་དང་། ། ཕྱོགས་གཞན་དུ་ཡུལ་འདིར་འདབ་ཆགས་བར། ། དཔལ་ཀུན་བཟང་ནགས་ཁྲོད་གདན་ས་ཐེལ། ། མགོན་རྡོ་རྗེ་རྒྱལ་བོ་ལ་སོགས་པའི། ། རྗེ་བཀའ་བརྒྱུད་གོང་མའི་སྐྱེས་ཆེན་གྱིས། ། མཆོག་གྲུབ་པ་བརྙེས་པའི་གནས་ཆེན་དང་། ། མ་ཡུམ་ཆེན་རྣམ་འཕྲུལ་ལབ་སྒྲོན་གྱིས། ། ཆོས་བར་གཅོད་བདུད་ཀྱི་གཅོད་ཡུལ་ཞེས། ། དགྲ་བདག་འཛིན་བཙན་ཐབ་འདུལ་བའི་ཐབས། ། ལམ་ཟབ་མོའི་སྲོལ་ཆེན་བཏོད་པའི་གནས། ། དཔལ་ཨྱོན་གཉིས་པ་ཁང་དམར་དང་། ། རྗེ་ཟླ་འོད་གཞོན་ནུའི་གདན་ས་ཆེ། ། ཤར་དྭགས་ལྷ་སྒམ་པོ་སྨན་ལུང་སོགས། ། སྔོན་རིས་མེད་གྲུབ་ཐོབ་གོང་མ་ཡིས། ། ཞབས་བཅགས་ཤིང་བྱིན་གྱི་བརླབས་པ་ཡི། ། གནས་བྱིན་ཆེན་དུ་མས་ཕྱོགས་མཐའ་བསྐོར། ། མི་དད་ལྡན་སྐྱེ་བོ་སྐལ་བ་ཅན། ། ཕྱིན་ཙམ་གྱིས་སྣང་བ་འགྱུར་ནུས་པའི། ། གནས་ཁྱད་པར་འཕགས་པ་འདི་ཉིད་དུ། ། རྟེན་དལ་འབྱོར་མི་ཡི་ལུས་ཐོབ་ཅིང་། ། རྗེ་རྒྱལ་བའི་བསྟན་དང་མཇལ་བ་རྣམས། ། ཤུལ་རིང་པོའི་ཡུལ་ནས་འདིར་ལྷག་ནས། ། དུས་རྟག་ཏུ་དགེ་ལ་བརྩོན་པར་འཚལ། ། གནས་བྱིན་གཡང་ཆགས་པ་འདི་འདྲ་བར། ། ཚེ་འདི་ཡི་སྣང་ཤས་རྒྱང་བསྐྱུར་ནས། ། མ་འགྲོ་ཀུན་དོན་དུ་ཀུན་མཁྱེན་གྱི། ། དཔལ་གོ་འཕང་སྒྲུབ་རྣམས་གློ་བ་དགའ། ། དོན་དེ་ཕྱིར་ཕྱི་རབས་དད་ལྡན་རྣམས། ། ཡུལ་འདི་འདྲར་སླེབས་ནས་དོན་མེད་དུ། ། མི་ཚེ་ལ་སྟོང་ལོག་མ་བྱེད་པར། ། རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་ལ། ། བློ་རྩལ་དང་བསྟུན་ནས་འབད་པར་འཚལ། ། ཚེ་མི་རྟག་རི་གཟར་ཆུ་རྒྱུན་འདྲ། ། ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། ། དོན་དེ་ཕྱིར་ཚེ་འདིའི་སྣང་ཤས་ལ། ། བློ་མ་ཡེངས་ཕྱི་མ་ཕན་ཆད་ཀྱི། ། ཕན་བདེ་བ་སྒྲུབ་ཕྱིར་གནས་འདི་འདྲར། ། ལམ་ཟབ་རྒྱས་ཀྱི་གདམ་པར་འབད་འཚལ་ལོ། ། མི་བདག་ཀྱང་གནས་མཆོག་འདི་འདྲ་བར། ། དུས་ཡང་དང་ཡང་དུ་རྣམ་དཀར་གྱི། ། འབྲེལ་བཟང་པོས་བག་ཆགས་ལེགས་ཐེབས་ནས། ། ཚེ་འཇུག་ཏུ་ཡིད་མཐུན་གནས་དབེན་པར། ། ཆོས་རྣམ་དག་སྒྲུབ་པ་བྱེད་ནུས་ཤོག ། ། ཅེས་ཤར་ཕྱོགས་འོལ་དགའི་ཡུལ་གྱི་གནས་བསྟོད་ཀྱི་མགུར་མ་འདི་ཡང་ཤིང་ཡོས་ལོར་ཚ་ཆུའི་འཕྲོད་སྟེན་དུ་བསྐྱོད་སྐབས་སུ་གནས་ཀྱི་ཁྱད་པར་རྣམས་ལ་དང་བ་ཆེར་སྐྱེས་ནས་གྲམ་སླེ་སྨན་ཆབ་བདུད་རྩིའི་ཁྲུས་རྫིང་གི་ངོགས་སུ་སུག་བྲིས་སུ་བགྱིས་པའོ། །

རྩོམ་ཁུངས། ཙོང་ཆུའི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འོལ་དགའི་གནས་བསྟོད་བཞུགས་སོ།།

2011-12-19 རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།