རྗེ་དགེ་འདུན་གྲུབ་ཀྱི་བསྟོད་པ་ཐུབ་དབང་བསྟན་སྒྲོན་མ།

འདུལ་འཛིན་བློ་གྲོས་སྦས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-02

 ༄༅།། ཐུབ་དབང་བསྟན་པའིསྒྲོན་མེ་ལེགས་བཟུངས་ནས། ། གདུལ་བྱའི་ཡིད་ཀྱིམུན་པ་སེལ་མཛད་པའི། །མཁྱེན་རབ་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་རྗེ། །སྙིང་གའི་པདྨོར་བཞུགས་ལ་མཆོག་སྩོལ་ཅིག ། བསླབ་གསུམ་དག་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །རྒྱ་ཆེན་མཁྱེན་པའི་འོད་སྟོང་རབ་ཏུ་འཕྲོ། །སྐལ་བཟང་འདབ་བརྒྱ་ལྡན་པའི་གཉེན་གཅིག་པུ། །སྨྲ་བའི་ཉི་མ་བློ་བཟང་དགེ་འདུན་གྲུབ། །ཞབས་པད་གཙུག་གིས་བསྟེན་པའི་མང་ཐོས་བདག །དྲི་བཞོན་རླུང་གིས་བསྐྱོད་པའི་ནགས་ཚལ་བཞིན། །དད་པའི་བསེར་བུས་ཀུན་ནས་རབ་བསྐྱོད་དེ། །མགོན་པོ་འདི་ཡི་ཡོན་ཏན་ཆ་ཙམ་བརྗོ། །འཇམ་དབྱངས་གསུང་གི་འདབ་བཟང་མེ་ཏོག་ལ། །སྟོང་ཉིད་སྦྲང་རྩི་ཟབ་མོའི་བཅུད་ཆགས་པ། །ཁྱོད་ཀྱི་རྣམ་དཔྱོད་རོ་འཛིན་དམ་པ་དེས། །བསྟེན་པས་ཟབ་ལམ་སྦྲང་རྩིའི་དགའ་སྟོན་མྱོང༌། །ཕྱོགས་གླང་གྲགས་པའིགསུང་རབ་ནམ་མཁའ་ལས། ། ལེགས་པར་འཐོན་པའིགྲུབ་མཐའ་ནམ་མཁའི་ལྕགས། །རིགས་པའི་གློག་ཕྲེང་སྟོང་དང་བཅས་པ་དེས། །ཕས་རྒོལ་ལྷ་མིན་སྡེ་དང་བཅས་པ་འདུར། །བུ་རམ་ཤིང་པའི་རིང་ལུགས་བླ་ན་མེ། །ཡོངས་རྫོགས་ཉམས་པ་མེད་པར་སྟོན་པ་ལ། །མགོན་པོ་ཁྱོད་ནིསྨྲ་བ་བླ་ན་མེ། །སྨྲ་བ་གཞན་རྣམས་ཆུ་ཤིང་བཞིན་དུགྱུར། །ཤེས་རབ་མཆོག་གིས་བག་ཡོད་ལེགས་གསུངས་པ། །སྐལ་བཟང་ཁྱོད་ལ་དོན་དང་བཅས་པར་གྱུར། ། བདེ་གཤེགས་བསྟན་ལ་ཉེས་ལྟུང་དྲི་མས་དབེན། །དེ་སླད་ངུར་སྨྲིག་འཛིན་པའི་མཆོག་ཏུགྱུར། །དཔལ་ལྡན་རྡོ་རྗེ་འཆང་གིས་རབ་བསྔགས་པའི། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་ལེགས་རྟོགས་ནས། །ཟབ་ལམ་རིམ་གཉིས་ནོར་བུ་ལེན་པ་དང༌། །མགོན་པོ་ཁྱོད་ལ་དོན་དང་བཅས་པར་གྱུར། ། སྐལ་བཟང་བློ་གྲོས་པདྨོ་ཁ་འབྱེད་པའི། །གསུང་རབ་དལ་གྱིས་འཆད་པའིསྨྲ་མཁས་དང༌། །ལོག་སྨྲའི་ཕྱིར་རྒོལ་སྤོབས་པ་འཕྲོག་བྱེད་པའི། ། མཁས་པའི་འདུན་སར་རྩོད་པའི་ཁྲི་ལ་དབང༌། །གསུང་རབ་དགོངས་ དོན་ཚུལ་བཞིན་རབ་འབྱེད་པའི། །སྡེབ་ལེགས་རྩོམ་པས་མཁས་རྣམས་ དགའ་བ་སྐྱེ། །རྨད་བྱུང་མཁས་པའི་བྱ་བ་གསུམ་པོ་དེ། །འཇིག་རྟེན་འདི་ན་མུན་སེལ་སྒྲོན་མེ་ཡིན། །རྨོངས་པའིམུན་སེལ་རྒྱ་ཆེན་ཐོས་པ་དང༌། །རིགས་ལམ་མ་འདྲེས་འབྱེད་པའི་སོ་སོར་རྟོག །གནས་ལུགས་དོན་ལ་ལྟ་བའི་ཉམས་ལེན་གསུམ། །འཛམ་གླིང་འདི་ན་འདོད་པ་འཇོ་བ་ཡིན། །ཉོན་མོངས་གདུང་སེལ་ངེས་འབྱུང་ཚུལ་ཁྲིམས་དང༌། །དཔག་ཡས་འགྲོ་ལ་བརྩེ་བའིལྷག་བསམ་དང༌། །མཐར་འཛིན་དྲ་བ་གཅོད་པའི་ཤེས་རབ་སྟེ། །ས་སྟེང་འདི་ན་རིན་ཆེན་རྣམ་པ་གསུམ།༈ །མཁས་པ་མཛེས་པའི་རྒྱན་བཟང་འདི་དག་ནི། །དམ་པ་རྣམས་ཀྱིས་ཁྱོད་ལ་བསྔགས་པ་ཡིས། །ཕྱོགས་མེད་རྒྱལ་ཁམས་བགྲོད་པའི་མང་ཐོས་བདག །བཤེས་ གཉེན་དམ་པའི་རྣམ་པར་ཐར་པ་དྲན། །བདེ་གཤེགས་བསྟན་ལ་ངུར་སྨྲིག་རྒྱལ་མཚན་འཛིན། །བཤེས་གཉེན་དམ་པའི་ཞབས་པད་སྤྱི་བོར་ལེན། །ལེགས་པར་བཤད་པའི་བདུད་རྩིའི་དགའ་སྟོན་མྱོང༌། །འདི་འདྲ་འདི་ཡང་སྐལ་བ་བཟང་སྙམ་བགྱི། །མགོན་ཁྱོད་བསྟོད་པའི་བསོད་ནམས་དམ་པ་དེས། ། སྐྱེ་དང་སྐྱེ་བར་ཁྱོད་དང་མི་འབྲལ་ཞིང༌། །ཟས་གཙང་སྲས་ཀྱི་བསྟན་པ་སྡེསྣོད་གསུམ། །ཀུན་ལ་སྦྱངས་པའི་ཡོན་ཏན་མཆོག་ཏུགྱུར། །ཟབ་མོ་དབུ་མའི་ལམ་དང་འབྲེལ་བ་ཡི། །བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་ལ། །རྒྱལ་བས་བསྔགས་པའི་དལ་འབྱོར་ལུས་ཐོབ་ནས། །བདེ་གཤེགས་བསྟན་པའི་དཔལ་དུ་བདག་གྱུར་ཅིག །བདག་ཀྱང་མགོན་པོ་ཁྱོད་ཀྱི་བཀའ་དྲིན་ལས། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་ཀྱི་བར། །སྐྱེ་བ་ཀུན་ཏུ་ཚེ་རབས་དྲན་པ་དང༌། །ངུར་སྨྲིག་འཛིན་པའིམཆོག་ཏུ་འགྱུར་བར་ཤོག །སྟོན་པ་བླ་ན་མེད་པའི་བསྟན་པ་དང། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའིརྒྱུརུ་བསྔོ། ། བཤེས་གཉེན་དམ་པས་རྗེས་སུ་བཟུང་བའི་ཚེ། །མི་མཉེས་སྐད་ཅིག་ཙམ་ཡང་མིསྒྲུབ་ཅིང༌། ། སྐུ་གསུང་ཐུགས་ཀྱི་རྣམ་ཐར་ལེགས་བཟུང་ནས། ། ཚུལ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱེད་ཤོག །འདི་ནི་འདུལ་འཛིན་བློ་གྲོས་སྦས་པས་མཛད་པའོ། །

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེ་དགེ་འདུན་གྲུབ་ཀྱི་བསྟོད་པ་ཐུབ་དབང་བསྟན་སྒྲོན་མ།

2009-07-02 འདུལ་འཛིན་བློ་གྲོས་སྦས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།