ཆོས་རྗེ་ས་པཎ་གྱི་གསོལ་འདེབས་རྒྱལ་བའི་སྐུ་གསུང་མ།

རྒྱལ་སྲས་ཐོགས་མེད་བཟང་བོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-02

  ༄༅། །ན་མོ་གུ་རུ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉི
། །ཡོན་ཏན་རིན་ཆེན་དཔག་ཏུ་མེད་པའི་གཏེར། །རྒྱ་ཆེན་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང༌། །མྱང་འདས་དམན་པའི་གཡང་ས་རབ་སྤངས་ནས། །བླ་མེད་བྱང་ཆུབ་མཆོག་ལ་སྦྱོར་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྐལ་དམན་སེམས་ཅན་གདུལ་བའི་དོན་གྱི་ཕྱིར། །དུས་གསུམ་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ནས། །ཐ་མལ་ཚུལ་གྱིས་འགྲོ་བའི་དོན་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདེ་གཤེགས་མང་པོས་བསྒྲལ་བར་མ་ནུས་པའི། །མུ་རྒོད་གདུལ་དཀའི་སེམས་ཅན་མང་པོ་རྣམས། །བརྒལ་དཀའ་འཁོར་བའི་མཚོ་ལས་སྒྲོལ་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བའདེབས། ། ༈གང་ཞིག་གུས་པ་ཆེན་པོས་ཉེར་བསྟེན་ན། །གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ། །འབད་རྩོལ་མེད་པར་མྱུར་དུ་སྩོལ་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབ་ནས། །དོན་ཆེན་ཡལ་བར་ཤོར་བའི་སྙིང་མེད་པོ། །དལ་འབྱོར་མི་ལུས་སྟོང་ལོག་བྱེད་ཉེན་གདའོ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དེ་རིང་ཙམ་ཡང་མི་འཆིའི་གདེངས་མེད་ཀྱང༌། །གཏན་དུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཁར་བྲང་ལག་འཐབ་མོ་འཆོར་ཉེན་གདའོ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིསརློབས། །ད་ལྟའི་སྡུག་བསྔལ་ཕྲ་མོའང་མི་བཟོས་ཀྱང༌། །ལས་འབྲས་ཁྱད་དུ་གསོད་པའི་སྙིང་ཁམས་ཅན། །འཇིགས་རུང་ངན་འགྲོའི་གཡང་སར་འཆོར་ཉེན་གདའོ། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །འགྲོ་བའི་སྡུག་བསྔལ་མཐོང་ཐོས་དྲན་གྱུར་ཀྱང༌། ། བ་སྤུ་གཡོ་འགུལ་མེད་པའི་སྙིང་རིང་པོ། །རང་གཞན་དོན་གཉིས་རེ་ཐག་ཆད་ཉེན་གདའོ། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །གཞན་གནོད་གཞི་བཅས་སྤོང་བར་ཁས་བླངས་ནས། །དགྲ་ལ་སྡུག་ལས་ཐོངས་པའི་ཕོ་རྒོད་པོ། །རང་གི་སྡོམ་གསུམ་ཡུལ་ནས་འདོན་ཉེན་གདའོ། །གནོད་སེམས་རྩད་ནས་ཐོན་པར་བྱིན་གྱིས་རློབས། །དགེ་སྦྱོང་ཆོས་བཞི་བསྒྲུབ་པར་དམ་བཅས་ནས། །ཁ་དྲག་དབང་ཆེན་འདོད་པའི་ང་རྒྱལ་ཅན། །ཁས་བླངས་ཐོག་ཏུ་ཁེལ་བ་མི་གདའོ། །རྟག་ཏུ་དམན་ཆ་འཛིན་པར་བྱིན་གྱིས་རློབས། །འགྲོ་ཀུན་ཕན་བདེ་བསྒྲུབ་པར་ཁས་བླངས་ནས། །གཞན་གྱི་འབྱོར་ལ་ཁྲོ་བའི་ཕྲ་དོག་ཅན། །ཁས་ལེན་ཆེ་ལ་ཉམས་ལེན་ཞན་པར་གདའོ། གཞན་བདེ་དགའ་བ་སྐྱེ་བར་བྱིན་གྱིས་རློབས། །བདག་པས་གཞན་ཅེས་བསྒོམ་པར་ཁས་བླངས་ནས། །གནོད་ལན་གནོད་པས་འཇལ་བའི་ཞེ་བཞག་ཅན། །རང་གཞན་གཉིས་ཕུང་ལས་ལ་འཇུག་ཉེན་གདའོ། །གནོད་ལན་ཕན་པ་བསྒྲུབ་པར་བྱིན་གྱིས་རློབས། །ལྟོ་འགྲངས་ཉི་མ་དྲོ་ཚེ་ཆོས་པའི་གཟུགས། །རྐྱེན་ངན་སྡུག་བསྔལ་བྱུང་ཚེ་ཐ་མལ་བ། །རང་སེམས་ཆོས་དང་འདྲེས་པ་མིགདའོ། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །འགྲོ་ལ་ཉེ་རིང་་ཆགས་སྡང་མ་སྤངས་ཀྱང༌། །སྲིད་ཞི་མཉམ་པར་སྨྲ་བའི་འུད་གོག་ཅན། །ཚིག་དང་ཉམས་ལེན་འགལ་ནས་མི་གདའོ། །ཆགས་སྡང་ཉེ་རིང་སྤོང་བར་བྱིན་གྱིས་རློབས། །ཅི་སྣང་བདེན་པར་མེད་ཅེས་ཚིག་སྨྲ་ཡང༌། །བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །ཉམས་ལེན་ཕྱོགས་ཙམ་གྲུབ་པར་མི་གདའོ། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །ཐོག་མེད་དུས་ཀྱི་དྲིན་ཅན་ཕ་མ་རྣམས། །བཟོད་དཀའི་སྡུག་བསྔལ་དྲག་པོས་གདུངས་གྱུར་ཀྱང༌། །བདག་ལ་སྐྱོབ་པའི་ནུས་པ་མི་གདའ་བས། །མཁྱེན་བརྩེ་ནུས་ལྡན་ཁྱེད་ཀྱིས་ཐུགས་རྗེས་ཟུངས། །ཚ་བས་གདུངས་ཚེ་བསིལ་བྱེད་དྲིན་ཅན་རྣམས། །དམྱལ་མེ་བཟོད་དཀས་ཡུན་རིང་བསྲེགས་གྱུར་ཀྱང༌། །བླུན་པོ་བདག་གིས་ཅུང་ཟད་སྐྱོབ་མི་ནུས། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །ལུས་ཀྱི་དྲོད་ཀྱིས་བདག་ལུས་བསྐྱངས་པའི་མ། །གྲང་བས་ཉེན་ནས་ཤ་རུས་གས་གྱུར་ཀྱང༌། །བདག་གིས་ཅུང་ཟད་སྐྱོབ་པར་མི་ནུས་པ། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །ཡང་ཡང་ནུ་ཞོས་སྐྱོང་བྱེད་མ་རྣམས་ཀྱིས། །ལོ་བརྒྱར་ཟས་སྐོམ་རྙེད་པར་མ་གྱུར་ཀྱང༌། །ཆུ་ཐིགས་ཙམ་ཡང་སྦྱིན་པར་མ་ནུས་སོ། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །གཅིག་ལ་གཅིག་ཟ་མི་སྡུག་ཕྲད་པ་དང༌། །སྡུག་དང་བྲལ་དང་སྐྱེ་རྒ་ན་འཆི་སོགས། །སྡུག་བསྔལ་མང་པོས་ཉམ་ཐག་འགྲོ་བ་འདི། །མྱུར་དུ་སྐྱོབས་ཤིག་ཚད་མེད་ཐུགས་རྗེ་ཅན། །སྲིད་པའི་བཙོན་རར་སྡུག་བསྔལ་མང་པོས་གཟིར། །ལས་དང་ཉོན་མོངས་འཆིང་བ་དམ་པོས་བཅིངས། །མགོན་སྐྱབས་མེད་པའི་འགྲོ་བ་འདི་རྣམས་ཀྱི། །མགོན་སྐྱབས་མཛོད་ཅིག་ཚད་མེད་ཐུགས་རྗེ་ཅན། འདི་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའོ།། །།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་རྗེ་ས་པཎ་གྱི་གསོལ་འདེབས་རྒྱལ་བའི་སྐུ་གསུང་མ།

2009-07-02 རྒྱལ་སྲས་ཐོགས་མེད་བཟང་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།