ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ།

ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-24

   འོ་དེ་ཡང་ཇི་སྐད་དུ། ཐུབ་པའི་དབང་བོའི་སྨོན་ལམ་ཐུགས་རྗེ་དང༌། །རྒྱལ་བ་སྲས་བཅས་སྤྱི་དང་དམ་པའི་ཚོགས།།གོང་མ་རྣམས་ཀྱིས་བཞེད་བཞིན་མདོ་སྔགས་ཀྱི། །བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་བདེན་པའི་ཚིག་ལ་དབང་འབྱོར་བའི་ཀུན་མཁྱེན་བླ་མ་མཆོག་གིས་འགྱུར་མེད་རྡོ་རྗེའི་གསུང་གིས་ཡང་དག་པར་བསྒྲགས་པའི་ཤིས་པ་བརྗོད་པའི་ཚིག་གི་དགེ་ལེགས་སུ་བྱས་ཏེ་སྐབས་སུ་གླེང་བར་བྱ་བ་ནི།གསང་བདག་གྲུབ་པའི་དབང་ཕྱུག་འཇམ་དབྱངས་ཐུབ་བསྟན་ཉི་མའི་ཞལ་ནས། མཐའ་ཡས་རྒྱལ་བའི་གསང་གསུམ་གཅིག་བསྡུས་པ། །ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་ཏེ། །མཁས་གྲུབ་ཡོངས་ཀྱི་གཙུག་ཏུ་ངལ་གསོལ་བ། །བསྟན་པའི་མངའ་བདག་མཆོག་ཅེས་རང་བཞིན་བརྗོད་པའི་གཏམ་གྱིས་བསྔགས་པ་ལྟར།རབ་འབྱམས་རྒྱ་མཚོའི་རྡུལ་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་བར་འཚམས་མེད་འཁྲིགས་པའི་བདེ་བར་གཤེགས་པ་རྣམས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ་དེ་ཉིད།བདག་ཅག་སྙིགས་མའི་དུས་ཀྱི་འགྲོ་བ་མགོན་མེད་པ་རྣམས་ཀྱི་མགོན་དང༌། སྐྱབས་དང༌། དཔུང་གཉེན་དམ་པར་ཕྱི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་གསུམ་ལྡན་ངུར་སྨྲིག་འཆང་བའི་གར་གྱིས་རྣམ་པར་རོལ་བ།བོད་གངས་ཅན་གྱི་ལྗོངས་འདིའི་མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་ན་མཁས་བཙུན་བཟང་བོའི་རྣམ་ཐར་གྱི་གདེངས་ཀ་མངོན་པར་བརྗིད་ཅིང་མདོ་སྔགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་དཔལ་ལ་དབང་འབྱོར་བའི་ཆོས་ཀྱི་རྒྱལ་བོ།སྐྱབས་མཆོག་མཐོང་བ་དོན་ལྡན་ཉིད་ནི་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། ཁྱོད་ནི་སྔོན་དུས་དཔག་མེད་བསྐལ་བ་ནས།།སངས་རྒྱས་གསེར་ཐུབ་དྲུང་དུ་ཐུགས་བསྐྱེད་དེ། །འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་རབ་བཞེས་པ། །དམ་བཅའི་སྨོན་ལམ་གྲུབ་ལ་གསོལ་བ་འདེབས།།ཞེས་ཀུན་མཁྱེན་ཡེ་ཤེས་ཀྱི་གཟིགས་པ་དག་པའི་གསུང་གིས་བསྔགས་པ་ལྟར། བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དག་པར་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་སྟེ།མཐར་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ནས་གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན། ཇི་སྐད་དུ། རྒྱལ་བ་མི་ཕམ་མགོན་པོས།གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཆར་འཆར།།ཞེས་གསུངས་པ་ལྟར་འོག་མིན་དང་བོའི་མགོན་པོ་ངེས་པ་ལྔ་ལྡན་གྱི་སྐུར་བཞེངས་ཏེ། ཆུ་ཀླུང་དང་མིག་འཕྲུལ་ལྟར་ཕྲ་རྡུལ་རེ་རེའི་སྟེང་དུ་ཡང་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ལས་འདས་པའི་གང་འདུལ་གྱི་སྤྲུལ་བའི་བཀོད་པ་འགྱེད་པར་མཛད་དེ་མཁའ་ཁྱབ་ཀྱི་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ལགས་མོད།ཚུལ་དེའི་དབང་དུ་བྱས་ན་དུས་གཅིག་གི་སྤྲུལ་བ་དང་མཛད་པའི་རང་བཞིན་ཡང་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་ན་བློ་དམན་བདག་ལྟ་བུས་ཆ་ཙམ་ཡང་བརྗོད་པར་མི་ནུས་པ་ནི།རྗེ་རྒྱལ་བ་གཉིས་པས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཅི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན།།ཚངས་དང་དབང་བོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ལགས་ལ། ཚུར་མཐོང་གི་སྣང་ངོར་ཞལ་གྱིས་བཞེས་པའི་སྐུ་འཕྲེང་གི་དབང་དུ་བྱས་ན་ཡང༌། སྟོན་པ་ཐུབ་པའི་དབང་བོའི་སྤྱན་སྔར་ཐེག་པ་མཆོག་གི་གཏམ་གྱིས་ཉན་རང་བྱང་སེམས་ཐམས་ཅད་ཟིལ་གྱིས་གནོན་པའི་རྒྱལ་སྲས་དཔའ་བོ་དྲི་མེད་གྲགས་པ།གྲུབ་མཐའི་ཡང་རྩེ་ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་སངས་རྒྱས་བསྐྱངས། ཀླུ་སྒྲུབ་ལུགས་བཟང་སྤེལ་ཕྱིར་བསམ་བཞིན་བྱོན་པ་དཔལ་ལྡན་ཟླ་བ་གྲགས་པ།ལོག་སྨྲ་ཚར་གཅོད་རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་བོ། གྲུབ་མཐའ་རྒྱ་མཚོའི་མངའ་བདག་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། ཐབས་ཤེས་གཅོད་ཀྱི་སྒོ་ནས་བདུད་བཞི་རང་སར་གྲོལ་བའི་སྟོང་སྡེ་ངག་གི་དབང་ཕྱུགབཀའ་གདམས་བསྟན་པའི་སྲོག་ཤིང་པོ་ཏོ་པ་རིན་ཆེན་གསལ་བ། གནས་ལུགས་རྗེས་པར་གཟིགས་པའི་དབུ་མ་བ་དཔའ་རྡོ་རྗེ། མཐུ་སྟོབས་ནུས་པའི་མངའ་བདག་ཞྭ་ལུ་བ་ལེགས་པ་རྒྱལ་མཚན།སྙན་རྒྱུད་གདམས་པའི་མཛོད་འཛིན་རྒྱུད་ཆེན་བརྩོན་འགྲུས་འཕགས་པ། དཀྱིལ་འཁོར་རྒྱ་མཚོའི་བདག་པོ་རྒྱུད་དཀོན་མཆོག་རྒྱ་མཚོ།འཛམ་གླིང་མཁས་པའི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། ཡོངས་རྫོགས་བསྟན་པའི་མངའ་བདག་མཧཱ་པཎྚི་ཏ་སྐྱབས་མཆོག་འཇིགས་མེད་དབང་བོ།མངོན་དགའི་ཞིང་གཙོ་མི་འཁྲུགས་རྒྱལ་བའི་དབང་བོ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་བ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་སོགས་བསྟན་འཛིན་ཀུན་གྱི་ཡང་རྩེར་སོན་པའི་མཁས་གྲུབ་བགྲང་ལས་འདས་པའི་སྐུའི་སྐྱེ་བ་བཞེས་ཞིང༌།ད་དུང་ཡང་འཁོར་བ་མ་སྟོང་གི་བར་དུ་ནམ་མཁའ་དང་མཉམ་པའི་འཕྲིན་ལས་ཀྱི་སྒོ་ནས་ཐུབ་བསྟན་ཡོངས་ཀྱི་མངའ་བདག་གཅིག་བུར་བཞུགས་ཤིང་བཞུགས་པར་འགྱུར་བ་དེ་ལྟར་ཡིན་ལ།སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང༌། སྐུ་འཕྲེང་གོང་མ་དེ་རྣམས་དང་སྐུའི་རྣམ་པ་ཐ་དད་དུ་བསྟན་པ་ཙམ་མ་གཏོགས།ལུང་རྟོགས་ཀྱི་ཡོན་ཏན་དང་མཛད་འཕྲིན་ལ་ཉིན་སྔ་ཕྱིའི་ཉི་མའི་དཀྱིལ་འཁོར་བཞིན་དུ་འཕེལ་འགྲིབ་ཀྱི་འགྱུར་བ་ཅུང་ཟད་ཙམ་ཡང་མི་མངོན་པར་མ་ཟད།དུས་འདིར་རྒྱལ་བའི་གདུང་འཚོབ་གཅིག་བུར་གྱུར་ཏེ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན། སྐུ་གསུང་ཐུགས་གསུམ་གྱི་མཛད་པ།གདུལ་བྱ་འདུལ་བའི་འཕྲིན་ལས་གང་ལ་དཔག་ན་ཡང༌། ངེས་པར་ཀུན་རྟོགས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཆོས་སྐུའི་ངོ་བོར་མཉམ་རྗེས་རོ་གཅིག་ཏུ་ཞུགས་པའི་འབྲས་རྟགས་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདི་ལ་སུས་ཀྱང་བསྙོན་དུ་མེད་ལ།ད་ལྟའི་གནས་སྐབས་སུ་ཕྱོགས་མེད་ཀྱི་རྒྱལ་ཁམས་ཐམས་ཅད་ཞབས་ཀྱིས་བཅགས་ནས་འབྲེལ་ཚད་སྨིན་གྲོལ་ལ་འགོད་པའི་གཞན་ཕན་གྱི་འཕྲིན་ལས་དང༌།བྱ་བ་ལས་ཀྱི་འཁོར་ལོའི་སྒོ་འཕར་བརྒྱ་ཕྲག་ཕྱེ་བཞིན་བཞུགས་པ་འདི་ལགས་ལ།
        ༧ སྐབས་དོན། རྗེ་ཉིད་ཀྱི་སྔོན་གྱི་ཐུགས་སྨོན་གྱི་འབྲས་བུ་དང༌། ཕྱོགས་འདིའི་གདུལ་བྱ་རྣམས་ཀྱི་དགེ་བའི་འབྲས་བུ་དུས་སུ་སྨིན་པ་སོགས་ལེགས་ཚོགས་རྟེན་འབྲེལ་དུ་མས་མཚམས་སྦྱར་ཏེ།བླང་དོར་གྱི་གནས་ལ་ཀུན་ནས་རྨོངས་པའི་མཐའ་འཁོབ་མུན་པའི་སྨག་རིམ་ལྟ་བུ་འདིར་ཆིབས་གྱི་ཁ་ལོ་མངོན་པར་བསྒྱུར་བ་དང༌།ཁྱད་པར་དུ་དེ་རིང་གནས་འདིར་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ་རྨད་བྱུང་མཚན་དཔེའི་སྣང་བརྙན་འདྲེན་བྱེད་ཀྱི་མེ་ལོང་དུ་བསྟན།བསྐལ་བ་བརྒྱར་ཡང་ཐོབ་པར་དཀའ་བའི་གསུང་གི་བདུད་རྩི་བསྩལ། དེར་མ་ཟད་མཁས་གྲུབ་སྨྲ་བའི་ཉི་མའི་ཞལ་ནས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌།།མཐའ་དག་འགྲོ་ལ་སྨན་པའི་རྒྱུར་གྱུར་ན། །ཚོགས་གཉིས་སྤྱད་པ་གཞན་ལྟ་སྨོས་ཅི་འཚལ། །ས་གསུམ་སྐྱེ་དགུའི་གཉེན་ཞེས་གསུངས་པ་ལྟར།ཐ་ན་ཞལ་གྱི་དབུགས་ཕྱི་ནང་དུ་རྒྱུ་བ་ཚུན་ཆད་བདག་སོགས་འགྲོ་བ་མཐའ་དག་ལ་འཕྲལ་དང་ཡུན་དུ་ཕན་པའི་རྒྱུར་འགྱུར་བར་མཛད་པ་ནི་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ཡང་གཞལ་བར་དཀའ་བའི་བཀའ་དྲིན་དུ་གྱུར་ལགས།སླད་མའི་ཆར་ཡང་བཟང་བོ་སྤྱོད་པའི་མདོ་ལས། ནམ་མཁའི་མཐར་ཐུག་གྱུར་བ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ།།ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་བ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར། དུས་ངན་སྙིགས་མའི་ངང་ཚུལ་ཇི་ལྟར་བདོ་བ་དེ་ལྟར་བཟོད་སྟོབས་དང་ཐུགས་བསྐྱེད་ཀྱི་གོ་ཆ་ལྷག་པར་བཞེས་ནས་བསྟན་འགྲོའི་མགོན་དུ་བདེ་ལྡན་ཞིང་གི་མགོན་པོ་ཚེ་མཐའ་ཡས་པ་བཞིན་དུ་བརྟག་པར་བཞུགས་ནས།ཇི་སྐད་དུ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག །ཅེས་རྗེ་རྒྱལ་བ་གཉིས་པས་ཐུགས་སྨོན་ཇི་ལྟར་གནང་བ་དེའི་དོན་ཇི་ལྟ་བ་བཞིན་དུ་ཕྱོགས་འདིར་ཡང་ད་རེས་ཀྱི་སྐལ་བ་བཟང་བོ་ཐོབ་པ་འདི་ལྟ་བུ་སླར་གོང་འཕེལ་གྱི་ཚུལ་དུ་ཡང་ཡང་མངོན་དུ་འགྱུར་པའི་བཀའ་དྲིན་དང༌།མགོན་པོ་གང་གི་ཐུགས་རྗེ་དང་བྱིན་རླབས་ཀྱི་ཆུ་འཛིན་ཉག་གཅིག་ལ་རེ་བའི་མིག་འབུར་གྱེན་དུ་གཏོད་པའི་འདིར་འཁོད་མདོངས་མཐའ་རྣམས་ཀྱི་ཡིད་ལ་བརྣགས་པ་ནི།ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱི་གསུང་ལས། དགོན་སྡེ་འདིར་ཡང་བསླབ་པ་གསུམ་ལྡན་ཞིང༌། །བྱམས་དང་སྙིང་རྗེས་རྒྱུད་གང་མཁས་ཤིང་བཙུན།།གསུང་རབ་དྲང་ངེས་རིགས་པས་ལེགས་རྟོགས་ནས། །ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྡོམ་གསུམ་ལྡན།།རིམ་གཉིས་རི་དབང་ལྟར་བརྟན་རྣལ་འབྱོར་དང༌། །སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི། །ཉམས་ལྡན་མཁས་གྲུབ་མང་བོས་ས་ཁྱབ་ཤོག།ཅེས་གསུངས་པ་ལྟར་གྱི་དོན་འདི་ཉིད་ལགས་པས། དེ་ལྟ་བུའི་རེ་འབྲས་ལྷུན་གྱིས་འགྲུབ་པའི་སྐྱབས་འཇུག་དང༌། གང་གི་ཞབས་རྡུལ་སྤྱི་བོས་མནོས་ཏེ་གསུང་གི་བདུད་རྩི་ལ་རོལ་བའི་བཀའ་འབངས་ཀྱི་ཐ་ཤལ་བདག་ཀྱང་ཤི་གསོན་གང་གི་དོན་དུ་ཕྱིན་ཡང་རང་ངོས་ནས་ལོང་བས་ལོང་ཁྲིད་བྱས་པའི་དཔེ་ལྟར་ལས་མེད་ཀྱང༌།རེ་ལྟོས་འཆའ་སའི་ཡུལ་གཅིག་བུ་ནི་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཁྱེད་ཡབ་སྲས་རྣམས་ཡིན་པས་དོན་དེ་ཉིད་ཐུགས་ལ་དགོངས་ནས་ཕྲན་གྱི་ཕ་མ་ཉེ་དུ་ཉེ་འབྲེལ་མཐོང་ཐོས་དྲན་རེག་གིས་བསྡུས་པའི་འབྲེལ་ཐོགས་ཤི་གསོན་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱིས་མཚོན།བདག་དང་བདག་འདྲའི་ཉམ་ཐག་འགྲོ་བ་ཐམས་ཅད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱེ་བའི་ཕྲེང་བར་སྲིད་ཞིའི་མཐའ་གཉིས་འགོག་པའི་ཡོངས་འཛིན་མཛད་ནས་གདམས་པའི་བདུད་རྩིས་མངོན་པར་བསྐྱངས་པ་ལས།སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་རིང་བོར་མི་ཐོགས་པར་སྟོབས་བཅུའི་ཁྲི་འཕང་མཐོན་པོར་ཕྱིན་པའི་སྐྱབས་འཇུག་ཐུགས་རྗེས་གཟིགས་པར་ཞུ་ཞེས་གསོལ་བ་འདེབས་རྟེན་མཚོན་བྱེད་ཙམ་དུ།མདོ་ལས། དངོས་པོ་དམན་ཡང་བསམ་པ་དམ་པ་ཡིས། །རྒྱལ་བ་མཆོད་པའི་བསོད་ནམས་གཞལ་དུ་མེད། །ཅེས་གསུངས་པ་ལྟར།མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར། ???གཞན་ཡང་རང་གཞན་ཀུན་གྱི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་ཚོགས་དང་བཅས་པ་ལྟོས་པ་མེད་པར་འབུལ་ལགས་ན།གོང་སྨྲོས་ཀྱི་ཞུས་དོན་མཐའ་དག་ལ་བརྩེ་བའི་ཞལ་བཞེས་བཟང་བོས་ཡིད་ཀྱི་བུམ་བཟང་དགའ་བདེ་བདུད་རྩིའི་གཏེར་གྱིས་གང་བའི་མཆོག་སྦྱིན་སྩོལ་བ་མཁྱེན་མཁྱེན་མཁྱེན་ཞེས་ཞུ་བ་འདི་ལགས་སོ།།རབ་ཚེས་ལྕགས་ཡོས་ཟླ་ཚེས་ལ། ༧སྐྱབས་མགོན་ཐམས་ཅད་མཁྱེན་པ་ཝ་ཤུལ་སྨད་མའི་སར་ཆིབས་བསྒྱུར་གནང་སྐབས།ཕྲན་གྱི་རི་ཁྲོད་དུ་གདན་དྲངས་ཚེ་གང་གི་སློབ་མའི་ཐ་ཤལ་ཁེ་ཐཱ་ཚུལ་ཁྲིམས་ཀྱི་སྐྱེ་བར་འབོད་པ་ངག་དབང་བསྟན་པའི་རྒྱ་མཚོས་འདི་ལྟར་གསོལ་བ་བཏབ་པ་ལགས་སོ།།

རྩོམ་སྒྲིག་པས་ཆེད་ཞུ། རྩོམ་ཡིག་འདིའི་མ་ཕྱི་དབུ་མེད་ཡིན་ལ་དེ་ཉིད་ཞལ་ཤུལ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱ་མཚོ་ཚང་ཁོང་གི་ཕྱག་བྲིས་ཡིན་པར་སྙམ།  དེ་འང་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ་ཚང་ནི་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པའི་སྤྱན་དཀྱིལ་རིང་བའི་མཁས་པའི་དབང་བོ་ཡིན་པས།མདོ་སྔགས་ཀྱི་དཀའ་གནད་ཕྱོགས་ཀྱི་གསུང་རྩོམ་མང་བོ་གནང་ཡོད་པར་མ་ཟད། དཔར་དུའང་པོད་གཉིས་ཙམ་འཁོད་ཡོད་པར་བླ་བྲང་བཀྲ་ཤིས་འཁྱིལ་གཙོས་དགོན་ཁག་འགའ་ཞིག་དང༌།བུ་སློབ་འགའ་རེས་ཐོས་འཕྲལ་གསུང་འབུམ་རེ་གཉིས་ཤིག་པར་དུ་འདེབས་པའི་རེ་བ་ནན་མོ་བཏོན་ཀྱང་གསེར་དང་ར་གན་གྱི་དབྱེ་བ་མི་ཤེས་པ།མིག་རྒྱང་ཐུང་བ། ཕྲག་དོག་རྒོད་པ། སེར་སྣ་ཆེ་བས་བསམ་ངན་འགའ་ཞིག་གིས་དཔར་དུ་མ་བཅུག་པར། རིག་གནས་གསར་རྗེ་ཆེན་པོའི་སྐབས་ཕངས་མེད་དུ་བརླག་སོང༌།ད་ལྟ་ཤུལ་དུ་ལས་པ་ནི《རཱ་མ་ཎའི་རྟོགས་བརྗོད་ཀྱི་འབྲེལ་བ་དྲི་མེད་ཤེལ་གྱི་འབབ་སྟེགས》དང༌།《བདེ་མཆོག་བསྙེན་ཡིག》 《སུམ་ཅུ་བའི་སྙིང་བོ་རིན་ཆེན་ལྡེ་མིག》《 རྟགས་འཇུག་གི་དོན་དཀའ་བའི་བརྗེད་བྱང༌།》《བསྟོད་ཚོགས་འགའ།》《 སུ་ལ་མི་མཁོ་བའི་སབ་ར་སུབ》སོགས་མ་གཏོགས་གཞན་ཐམས་ཅད་བརླག་ཚར། ཤུལ་ལས་དེ་དག་ལ་དག་བཅོས་མ་ཐོན་པའི་རྐྱེན་གྱིས་མཁས་པའི་མདུན་སར་འབུལ་རྒྱུ་ཕར་ཟད།ཐ་ན་སུམ་རྟགས་སྙན་གསུམ་ཅུང་སློབ་མྱོང་བའི་སྤྱི་ཚོགས་སྟེང་གི་གསར་བུ་མགོ་སྟོང་ཚོ་ལའང་སྟོན་དཀའ་བའི་ཚོད་དུ་འདུག་པས།བདག་ནི“སྦལ་བ་ན་གཞོང་དུ་གནས་ཀྱང༌། བསམ་པ་གླིང་དཀར་སྟོད་ལ་བཟུང་བའི”དཔེ་བཞིན་དུ་ཁོང་གིས་མཛད་པའི《སྒྲོལ་མའི་ཀླུང་རྟ་བཀྲ་ཤིས་དཔལ་འབར་མ》དང་《དབྱངས་ཅན་མའི་བསྟོད་པ་ངང་བའི་རྒྱལ་བོའི་མགྲིན་པའི་རྫ་རྔ》གཉིས་ལ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་སོགས་ངག་རིག་སྨྲ་བའི་མཁས་པ་འགའ་ལ་དག་བཅོས་བྱེད་དུ་བཅུག་ནས《རིག་གནས་ཡར་སྤེལ》སྟེང་དུ་བཀོད་པར་མ་ཟད།ད་ལོར་མཆོད་མེའི་དྲ་ཐོག་ཏུའང་བཀོད་ཡོད།

༢༠༠༣ལོར《སུམ་ཅུ་བའི་སྙིང་བོ་རིན་ཆེན་ལྡེ་མིག 》དང་《རྟགས་འཇུག་གི་དོན་དཀའ་བའི་བརྗེད་བྱང་》གཉིས་ལ་མཁས་པའི་དབང་བོ་དོར་ཞི་གདོང་དྲུག་སྙེམས་བློ་དང༌།སྒྲ་རིག་ཆེད་མཁས་པ་རས་ཆུང་བ་ཤེས་རབ་གཉིས་ཀྱི་སྤྱན་ལམ་དུ་ཕུལ་ནས་དག་བཅོས་བྱེད་དུ་བཅུག ཁོང་རྣམ་པས་ཀྱང་ལེགས་བཤད་འདི་འདྲ་ཞིག་དཔར་དུ་འཁོད་མ་ཐུབ་པར་ལུས་ཡོད་པ་ལ་ཕངས་སེམས་ངང་གསུང་དོན།ཁྱོད་ཀྱིས་ཞལ་ཤུལ་དགོན་གཙོས་འབྲེལ་ཡོད་ཀྱི་དགོན་པ་འགའ་ལ་བཤད་ན་དཔར་ཡོན་གཏོང་ངེས་ཡིན་ཞེས་པའི་དོན་དེ་སེམས་ལ་བཟུང་ནས་ཞལ་ཤུལ་དགོན་གྱི་དོ་དམ་མི་སྣ་དང༌།ཞལ་ཤུལ་ནང་ཆེན་གཉིས་ལ་སྔ་ཕྱིར་ཡང་ཡང་ཞུས་ཀྱང་དོན་འཁྱོལ་མ་འོང་བར་ད་ལྟའི་བར་ལུས་ཡོད། སང་ལོར་བདག་ལ་སུམ་རྟགས་གཉིས་པར་རྩིས་ཡོད་པས།རྒྱབ་སྐྱོར་རེ་གནང་རྒྱུ་ཐུགས་ནས་འདོར་མེད་ཞུ། 
 
རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ།

2009-01-24 ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།