ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོས་མཛད་པའི་བསང་འབོད་ཁ་བསྔོས་བཞུགས་སོ།།

ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-03-28


༈ རཾ་ཡཾ་ཁཾ། ཨོཾ་ཨཱཿ  ཧཱུཾ

བདེ་གཤེགས་ཐམས་ཅད་ཀྱི་རྩ་བ་དྲིན་ཅན་རྩ་བའི་བླ་མ།
ཁྱབ་བདག་རྡོ་རྗེ་འཆང་དབང་།
རྣམ་འདྲེན་ཤཱཀྱའི་རྒྱལ་པོ།
འཛམ་གླིང་རྒྱན་དྲུག་མཆོག་གཉིས།
རྒྱ་གར་གྲུབ་ཆེན་བརྒྱད་ཅུ།
བོད་ཀྱི་མཁན་སློབ་ཆོས་གསུམ།
སྤྲུལ་བའི་ཆོས་རྒྱལ་ལོ་པཎ།
བཀའ་གདམས་བརྒྱུད་པའི་བླ་མ།
བཀའ་རྒྱུད་བརྒྱུད་པའི་བླ་མ།
རྙིང་མ་བརྒྱུད་པའི་བླ་མ།
ལམ་འབྲས་བརྒྱུད་པའི་བླ་མ།
ལམ་རིམ་བརྒྱུད་པའི་བླ་མ།
སྨིན་བྱེད་དབང་གི་བརྒྱུད་པ།
གྲོལ་བྱེད་ཁྲིད་ཀྱི་བརྒྱུད་པ།
རྒྱབ་བརྟེན་ལུང་གི་བརྒྱུད་པ།

༈ ཕ་རྒྱུད་གསང་བ་འདུས་པ།
མ་རྒྱུད་འཁོར་ལོ་བདེ་མཆོག
ཡི་དམ་རྡོ་རྗེ་འཇིགས་བྱེད།
དཔལ་ལྡན་དུས་ཀྱི་འཁོར་ལོ།
བཅོམ་ལྡན་དགྱེས་པ་རྡོ་རྗེ།
བླ་མེད་རྒྱུད་ཀྱི་ལྷ་ཚོགས།
རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས།
སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས།
བྱ་བའི་རྒྱུད་ཀྱི་ལྷ་ཚོགས།
དུས་གསུམ་རྫོགས་པའི་སངས་རྒྱས།
ས་བཅུའི་བྱང་ཆུབ་སེམས་དཔའ།
ཉན་རང་འཕགས་པའི་དགེ་འདུན།
གནས་གསུམ་དཔའ་བོ་མཁའ་འགྲོ།

༈ མགོན་པོ་བར་ཆད་ཀུན་སེལ།
མགོན་དཀར་ཡིད་བཞིན་ནོར་བུ།
དམ་ཅན་ཆོས་ཀྱི་རྒྱལ་པོ།
རྒྱལ་ཆེན་རྣམ་མང་ཐོས་སྲས།
མ་གཅིག་དཔལ་ལྡན་ལྷ་མོ།
སྲོག་བདག་དྲེགས་པ་ལྕམ་སྲིང་།
ཆོས་སྐྱོང་རྒྱལ་པོ་སྐུ་ལྔ།
བཙན་རྒོད་ཙེའུ་དམར་ནག
དམ་ཅན་རྡོ་རྗེ་ལེགས་པ།
གཟའ་མཆོག་ཁྱབ་འཇུག་ཆེན་པོ།
དམ་པ་ཡེ་ཤེས་པའི་ཆོས་སྐྱོང་།
དྲེགས་པ་འཇིག་རྟེན་པའི་སྲུང་མ།
དཔལ་མགོན་བདུན་ཅུ་རྩ་ལྔ།
ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད།
སྤར་སྨེ་ལོ་སྐོར་གྱི་ལྷ་ཚོགས།
ལོ་ཟླ་ཞག་དུས་ཀྱི་ས་བདག  
ཚེ་ལྷ་སྲོག་ལྷ། ནོར་ལྷ་དགྲ་ལྷ།
ཕོ་ལྷ་མོ་ལྷ། ཁྱིམ་ལྷ་ཐབ་ལྷ།
སྒོ་ལྷ་ལམ་ལྷ། ཞིང་ལྷ་ཕུག་ལྷ།
འགོ་བའི་ལྷ། སྐྱོབ་པའི་ལྷ།
མགྱོགས་པ་རྟའི་ལྷ།
བཙན་པོ་ཁྲབ་ཀྱི་དགྲ་ལྷ།
རྣོ་བ་མཚོན་གྱི་དགྲ་ལྷ།
ས་བདག་སའི་ལྷ་མོ།
ཚེ་རིང་མཆེད་ལྔ།
བརྟན་མ་བཅུ་གཉིས།
སྲིད་པ་ཆགས་པའི་ལྷ་དགུ།
རྗེ་ཡི་མགུར་ལྷ།
དབང་གི་སྲོག་ལྷ།
འཛམ་གླིང་སྐྱོང་བའི་གཞི་བདག་གནས་བདག
བོད་ཁ་བ་ཅན་གྱི་གཞི་བདག་གི་རྒྱལ་པོ།
ཨ་མྱེ་རྨ་ཆེན་སྦོམ་ར།
གསང་ཡུམ་གུང་སྨན་ལྷ་རི།
བཀའ་བློན་གཉན་ཆེན་སྡེ་བཞི།
དཔའ་བའི་སྲས་པོ་དགུ།
མཛངས་པའི་སྲས་མོ་དགུ།
སྨ་རིགས་སུམ་བརྒྱ་དྲུག་ཅུ།
སྨན་མོ་སུམ་བརྒྱ་དྲུག་ཅུ།
དྲེགས་པའི་སྡེ་དཔོན་གཉན་པོ་གཡུ་རྩེ།
བཙུན་མོ་ལྷ་དབྱངས་སྒྲོལ་མ།
ལྷ་ཡི་སྲས་མཆོག་རྣམ་དྲུག
བཀའ་ཡི་བློན་ཆེན་སྐུ་ལྷ་འབར།
སྐུའི་བློན་པོ་ས་ཀ་དཔལ་སྐྱེད།
གསུང་གི་བློན་པོ་གཤོག་རྒོད་འབར་བ།
ཐུགས་ཀྱི་བློན་པོ་གནོད་སྦྱིན་རཀྵ།
ཤར་གྱི་སྒོ་སྲུང་ལྷ་བོན་དཀར་པོ།
ལྷོ་ཡི་སྒོ་སྲུང་དར་དཀར་སྣང་ཆེན།
ནུབ་ཀྱི་སྒོ་སྲུང་གཟིགས་ཆེན་དགའ་བ།
བྱང་གི་སྒོ་སྲུང་རྫ་ཡི་གསེར་ཁྲབ།
སྐུ་འཁོར་ལྷ་སྲིན་སྡེ་བརྒྱད།

༈ ལྷ་ཆེན་དངུལ་བུམ་གཉན་པོ།
བོ་ཏི་ཤ་བྲན་དཔའ་བོ།
སྐོང་སྟོད་ལྷ་རི་རྒྱལ་མོ།
ཁྱད་པར་རྨ་ཀླུང་ཡན་ལག་བརྒྱད་ལྡན་གྱི་གཡོན་འགྲམ།
གསེལ་ཞལ་ནོར་འཛིན་གྱི་ཐིག་ལེ།
གཡའ་སྤང་འདྲེས་པའི་རི་བོ།
རིན་ཆེན་མཛོད་ཀྱི་ཕོ་བྲང་།
གཡུ་འབྲུག་སྟོང་གི་སྒྲ་ཆེན་ལྡིར་བ།
གློག་དམར་སྟོང་གི་ཞགས་པ་འཕེན་པ།
གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ།
སྤྲིན་ནག་མེ་རླུང་འཁྲུགས་པའི་ཀློང་ན།
མཐུ་སྟོབས་དྲེགས་པའི་མངའ་བདག་ཤ་རི་འབྲུག་ཞོན་མཐོན་པོ།
གསང་ཡུམ་སྲས་བློན།
དམག་དཔོན་རུ་འདྲེན།
བྲན་གཡོག་མངག་གཞུག མཐུ་ཆེ་བ།
རྩལ་དྲག་པ། རྣོ་ཞིང་མྱུར་བ།

༈ སྒོས་སུ་ས་གླིང་དཀར་སྟོད་ན་གནས་པའི་ཡུལ་ལྷ་གཞི་བདག་གཉན་པོ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ།
གཙང་མ་ཕུད་ཀྱི་གསེར་སྐྱེམས་རྒྱ་ཆེན་པོ་འདི་འབུལ་ལོ། །མཆོད་དོ། །བརྔན་ནོ། །
མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས་བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་ཉིན་གྱི་དུས་སུ་བྱ་ར་གྱིས།
མཚན་གྱི་དུས་སུ་མེལ་ཚེ་གྱིས།
ཕར་འགྲོའི་སྐྱེལ་མ་མཛོད།
ཚུར་འོང་གི་བསུ་མ་མཛོད།
སྟེང་གི་མའི་ན་ཚ་ཆོད།
འོག་གི་ཕྱུགས་ཀྱི་གོད་ཁ་ཆོད།
དགྲ་ཡོང་ན་བྱ་ཐོངས།
དུག་བྱུང་ན་སྨན་ཐོངས།
ཕྱིའི་དགྲ་བགེགས་ནང་དུ་མ་གཏོང་།
ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་།
རང་ནོར་དགྲ་ལག་ལ་མ་སྐུར།
མཁས་པའི་ལྕེ་འོག་ལ་མ་གཏོང་།
དཔའ་བོའི་མཚོན་འོག་ལ་མ་གཏོང་།
གཉན་པོའི་མཐུ་འོག་ལ་མ་གཏོང་། ཡོ་བ་སྲོང་།
ཆད་པ་མཐུད། འགྱེལ་བ་སློང་། བརྗེད་པ་བསྐུལ།
ཁ་ཟས་འདོད་ཟས་དང་སྤྲོད།
རྒྱབ་གོས་འདོད་གོས་དང་སྤྲོད།
རྐང་རང་འདོད་དང་སྤྲོད།
འཁོར་དང་ལོངས་སྤྱོད་སྤེལ།
སྙན་པའི་གྲགས་པ་སྒྲོགས།
དགྱེས་པའི་ཞལ་སྟོན། མཆོད་པའི་རྟགས་སྟོན།
འདོད་པའི་དོན་སྒྲུབ། བཅོལ་བའི་ལས་མཛོད།
མདོར་ན་ཁ་ལག་པ་བཞིན།
ལུས་གྲིབ་མ་བཞིན་འགྲོགས་ནས་ཅི་བསམ་པའི་དོན་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པའི་ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མཛོད་མཛོད། ཅེས་པ་འདི་ནི་ཞལ་ཤུལ་སྐུ་ཕྲེང་གཉིས་པ་རྫེ་བཙུན་ངག་དབང་བསྟན་པའི་རྒྱ་མཚོས་མཛད་པའོ། ། རྫ་ཤུལ་བློ་བཟང་རྒྱ་མཚོས་གསུང་འབུམ་ལས་བཤུས་ཏེ་བཀོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོས་མཛད་པའི་བསང་འབོད་ཁ་བསྔོས་བཞུགས་སོ།།

2017-03-28 ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ། ཀློག་གྲངས། མཆན ཡོད།


༈ རཾ་ཡཾ་ཁཾ། ཨོཾ་ཨཱཿ  ཧཱུཾ

བདེ་གཤེགས་ཐམས་ཅད་ཀྱི་རྩ་བ་དྲིན་ཅན་རྩ་བའི་བླ་མ།
ཁྱབ་བདག་རྡོ་རྗེ་འཆང་དབང་།
རྣམ་འདྲེན་ཤཱཀྱའི་རྒྱལ་པོ།
འཛམ་གླིང་རྒྱན་དྲུག་མཆོག་གཉིས།
རྒྱ་གར་གྲུབ་ཆེན་བརྒྱད་ཅུ།
བོད་ཀྱི་མཁན་སློབ་ཆོས་གསུམ།
སྤྲུལ་བའི་ཆོས་རྒྱལ་ལོ་པཎ།
བཀའ་གདམས་བརྒྱུད་པའི་བླ་མ།
བཀའ་རྒྱུད་བརྒྱུད་པའི་བླ་མ།
རྙིང་མ་བརྒྱུད་པའི་བླ་མ།
ལམ་འབྲས་བརྒྱུད་པའི་བླ་མ།
ལམ་རིམ་བརྒྱུད་པའི་བླ་མ།
སྨིན་བྱེད་དབང་གི་བརྒྱུད་པ།
གྲོལ་བྱེད་ཁྲིད་ཀྱི་བརྒྱུད་པ།
རྒྱབ་བརྟེན་ལུང་གི་བརྒྱུད་པ།

༈ ཕ་རྒྱུད་གསང་བ་འདུས་པ།
མ་རྒྱུད་འཁོར་ལོ་བདེ་མཆོག
ཡི་དམ་རྡོ་རྗེ་འཇིགས་བྱེད།
དཔལ་ལྡན་དུས་ཀྱི་འཁོར་ལོ།
བཅོམ་ལྡན་དགྱེས་པ་རྡོ་རྗེ།
བླ་མེད་རྒྱུད་ཀྱི་ལྷ་ཚོགས།
རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས།
སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས།
བྱ་བའི་རྒྱུད་ཀྱི་ལྷ་ཚོགས།
དུས་གསུམ་རྫོགས་པའི་སངས་རྒྱས།
ས་བཅུའི་བྱང་ཆུབ་སེམས་དཔའ།
ཉན་རང་འཕགས་པའི་དགེ་འདུན།
གནས་གསུམ་དཔའ་བོ་མཁའ་འགྲོ།

༈ མགོན་པོ་བར་ཆད་ཀུན་སེལ།
མགོན་དཀར་ཡིད་བཞིན་ནོར་བུ།
དམ་ཅན་ཆོས་ཀྱི་རྒྱལ་པོ།
རྒྱལ་ཆེན་རྣམ་མང་ཐོས་སྲས།
མ་གཅིག་དཔལ་ལྡན་ལྷ་མོ།
སྲོག་བདག་དྲེགས་པ་ལྕམ་སྲིང་།
ཆོས་སྐྱོང་རྒྱལ་པོ་སྐུ་ལྔ།
བཙན་རྒོད་ཙེའུ་དམར་ནག
དམ་ཅན་རྡོ་རྗེ་ལེགས་པ།
གཟའ་མཆོག་ཁྱབ་འཇུག་ཆེན་པོ།
དམ་པ་ཡེ་ཤེས་པའི་ཆོས་སྐྱོང་།
དྲེགས་པ་འཇིག་རྟེན་པའི་སྲུང་མ།
དཔལ་མགོན་བདུན་ཅུ་རྩ་ལྔ།
ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད།
སྤར་སྨེ་ལོ་སྐོར་གྱི་ལྷ་ཚོགས།
ལོ་ཟླ་ཞག་དུས་ཀྱི་ས་བདག  
ཚེ་ལྷ་སྲོག་ལྷ། ནོར་ལྷ་དགྲ་ལྷ།
ཕོ་ལྷ་མོ་ལྷ། ཁྱིམ་ལྷ་ཐབ་ལྷ།
སྒོ་ལྷ་ལམ་ལྷ། ཞིང་ལྷ་ཕུག་ལྷ།
འགོ་བའི་ལྷ། སྐྱོབ་པའི་ལྷ།
མགྱོགས་པ་རྟའི་ལྷ།
བཙན་པོ་ཁྲབ་ཀྱི་དགྲ་ལྷ།
རྣོ་བ་མཚོན་གྱི་དགྲ་ལྷ།
ས་བདག་སའི་ལྷ་མོ།
ཚེ་རིང་མཆེད་ལྔ།
བརྟན་མ་བཅུ་གཉིས།
སྲིད་པ་ཆགས་པའི་ལྷ་དགུ།
རྗེ་ཡི་མགུར་ལྷ།
དབང་གི་སྲོག་ལྷ།
འཛམ་གླིང་སྐྱོང་བའི་གཞི་བདག་གནས་བདག
བོད་ཁ་བ་ཅན་གྱི་གཞི་བདག་གི་རྒྱལ་པོ།
ཨ་མྱེ་རྨ་ཆེན་སྦོམ་ར།
གསང་ཡུམ་གུང་སྨན་ལྷ་རི།
བཀའ་བློན་གཉན་ཆེན་སྡེ་བཞི།
དཔའ་བའི་སྲས་པོ་དགུ།
མཛངས་པའི་སྲས་མོ་དགུ།
སྨ་རིགས་སུམ་བརྒྱ་དྲུག་ཅུ།
སྨན་མོ་སུམ་བརྒྱ་དྲུག་ཅུ།
དྲེགས་པའི་སྡེ་དཔོན་གཉན་པོ་གཡུ་རྩེ།
བཙུན་མོ་ལྷ་དབྱངས་སྒྲོལ་མ།
ལྷ་ཡི་སྲས་མཆོག་རྣམ་དྲུག
བཀའ་ཡི་བློན་ཆེན་སྐུ་ལྷ་འབར།
སྐུའི་བློན་པོ་ས་ཀ་དཔལ་སྐྱེད།
གསུང་གི་བློན་པོ་གཤོག་རྒོད་འབར་བ།
ཐུགས་ཀྱི་བློན་པོ་གནོད་སྦྱིན་རཀྵ།
ཤར་གྱི་སྒོ་སྲུང་ལྷ་བོན་དཀར་པོ།
ལྷོ་ཡི་སྒོ་སྲུང་དར་དཀར་སྣང་ཆེན།
ནུབ་ཀྱི་སྒོ་སྲུང་གཟིགས་ཆེན་དགའ་བ།
བྱང་གི་སྒོ་སྲུང་རྫ་ཡི་གསེར་ཁྲབ།
སྐུ་འཁོར་ལྷ་སྲིན་སྡེ་བརྒྱད།

༈ ལྷ་ཆེན་དངུལ་བུམ་གཉན་པོ།
བོ་ཏི་ཤ་བྲན་དཔའ་བོ།
སྐོང་སྟོད་ལྷ་རི་རྒྱལ་མོ།
ཁྱད་པར་རྨ་ཀླུང་ཡན་ལག་བརྒྱད་ལྡན་གྱི་གཡོན་འགྲམ།
གསེལ་ཞལ་ནོར་འཛིན་གྱི་ཐིག་ལེ།
གཡའ་སྤང་འདྲེས་པའི་རི་བོ།
རིན་ཆེན་མཛོད་ཀྱི་ཕོ་བྲང་།
གཡུ་འབྲུག་སྟོང་གི་སྒྲ་ཆེན་ལྡིར་བ།
གློག་དམར་སྟོང་གི་ཞགས་པ་འཕེན་པ།
གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ།
སྤྲིན་ནག་མེ་རླུང་འཁྲུགས་པའི་ཀློང་ན།
མཐུ་སྟོབས་དྲེགས་པའི་མངའ་བདག་ཤ་རི་འབྲུག་ཞོན་མཐོན་པོ།
གསང་ཡུམ་སྲས་བློན།
དམག་དཔོན་རུ་འདྲེན།
བྲན་གཡོག་མངག་གཞུག མཐུ་ཆེ་བ།
རྩལ་དྲག་པ། རྣོ་ཞིང་མྱུར་བ།

༈ སྒོས་སུ་ས་གླིང་དཀར་སྟོད་ན་གནས་པའི་ཡུལ་ལྷ་གཞི་བདག་གཉན་པོ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ།
གཙང་མ་ཕུད་ཀྱི་གསེར་སྐྱེམས་རྒྱ་ཆེན་པོ་འདི་འབུལ་ལོ། །མཆོད་དོ། །བརྔན་ནོ། །
མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས་བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་ཉིན་གྱི་དུས་སུ་བྱ་ར་གྱིས།
མཚན་གྱི་དུས་སུ་མེལ་ཚེ་གྱིས།
ཕར་འགྲོའི་སྐྱེལ་མ་མཛོད།
ཚུར་འོང་གི་བསུ་མ་མཛོད།
སྟེང་གི་མའི་ན་ཚ་ཆོད།
འོག་གི་ཕྱུགས་ཀྱི་གོད་ཁ་ཆོད།
དགྲ་ཡོང་ན་བྱ་ཐོངས།
དུག་བྱུང་ན་སྨན་ཐོངས།
ཕྱིའི་དགྲ་བགེགས་ནང་དུ་མ་གཏོང་།
ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་།
རང་ནོར་དགྲ་ལག་ལ་མ་སྐུར།
མཁས་པའི་ལྕེ་འོག་ལ་མ་གཏོང་།
དཔའ་བོའི་མཚོན་འོག་ལ་མ་གཏོང་།
གཉན་པོའི་མཐུ་འོག་ལ་མ་གཏོང་། ཡོ་བ་སྲོང་།
ཆད་པ་མཐུད། འགྱེལ་བ་སློང་། བརྗེད་པ་བསྐུལ།
ཁ་ཟས་འདོད་ཟས་དང་སྤྲོད།
རྒྱབ་གོས་འདོད་གོས་དང་སྤྲོད།
རྐང་རང་འདོད་དང་སྤྲོད།
འཁོར་དང་ལོངས་སྤྱོད་སྤེལ།
སྙན་པའི་གྲགས་པ་སྒྲོགས།
དགྱེས་པའི་ཞལ་སྟོན། མཆོད་པའི་རྟགས་སྟོན།
འདོད་པའི་དོན་སྒྲུབ། བཅོལ་བའི་ལས་མཛོད།
མདོར་ན་ཁ་ལག་པ་བཞིན།
ལུས་གྲིབ་མ་བཞིན་འགྲོགས་ནས་ཅི་བསམ་པའི་དོན་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པའི་ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མཛོད་མཛོད། ཅེས་པ་འདི་ནི་ཞལ་ཤུལ་སྐུ་ཕྲེང་གཉིས་པ་རྫེ་བཙུན་ངག་དབང་བསྟན་པའི་རྒྱ་མཚོས་མཛད་པའོ། ། རྫ་ཤུལ་བློ་བཟང་རྒྱ་མཚོས་གསུང་འབུམ་ལས་བཤུས་ཏེ་བཀོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།