རི་རབ་ནི་ང་ཚོའི་གམ་ན་འདུག

   མི་ཁ་ཅིག་ནས་ནང་པའི་གཞུང་ལས་རི་རབ་ཆགས་ཚུལ་བཤད་པ་དེ་ཚན་རིག་དང་མཐུན་གྱི་མེད་པར་བསམས་ནས་དེའི་སྐོར་བསྐྱར་སྐོར་ཡང་སྐོར་གྱིས་དྲི་བ་འདོན། ནང་པ་ཁག་ཅིག་ནས་ཀྱང་ཚན་རིག་དང་མཐུན་གྱི་མེད་པར་དོན་ལ་ཁས་བླངས་ནས། དེ་ནི་སྐབས་དེར་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་བའི་བཤད་སྲོལ་ཞིག་བསྐྱར་བ་ཙམ་ཡིན་གྱི། ནང་ཆོས་ཀྱི་སྙིང་པོ་ནི་བདེན་བཞི་ལམ་ལྔ་སོགས་ཡིན་ཞེས་དྲི་བ་དེ་ལས་གཡོལ་ཐབས་བྱེད། དེ་གཉིས་ཀས་ཀྱང་ཚན་རིག་དང་ནང་ཆོས་དཔྱིས་ཕྱིན་པ་ཞིག་མ་ཤེས་པའི་རྟགས་བསྟན་བྱུང༌།
   ཚན་རིག་གིས་རྫས་སྦྱོར་གྱི་རིགས་འགའ་ཞིག་ལ་ལག་ལེན་གྱི་ཐོག་ནས་དངོས་བདེན་ལྟར་སྟོན་ཐུབ་ཀྱང༌། ད་དུང་རྫས་སྦྱོར་གྱི་ནང་དོན་རྡུལ་ཕྲན་གྱི་སྐོར་རྣམས་འགྲེལ་བཤད་མཐར་ཐུག་པ་ཞིག་བྱེད་ཐུབ་ཀྱི་མེད། སེམས་ཁམས་ཀྱི་སྐོར་ནི་ཁོང་ཚོ་བྱིས་པ་གོམ་འགྲོས་རྒྱག་མ་ཐག་པ་ལྟར་ཡིན་པ་མ་ཟད། དངོས་ཁམས་ཀྱི་སྐོར་ལའང་འཇིག་རྟེན་གྱི་འགོ་སྦིང་ཆེན་big bangནས་བཙུགས་པ་ཟེར་བ་དང༌། རི་རབ་ཟེར་བ་ཞིག་མེད་པར་བཤད་པ་སོགས་ནི་ང་ཚོས་ཁོང་ཚོ་དཔང་རྟགས་བྱེད་ཆོག་མོད། ཁོང་ཚོར་རང་རང་གི་འཆར་སྣང་ཙམ་ལས་དཔང་རྟགས་གང་ཡང་སྟོན་རྒྱུ་མེད། དེ་རིང་དཔང་རྟགས་གཅིག་སྟོན་ནས་འགྲེལ་བཤད་བྱེད་པ་སང་ཉིན་དཔང་རྟགས་གཞན་ཞིག་གིས་རྫུན་དུ་སྒྲུབ་པ་ནི་ཚན་རིག་གི་རང་བཞིན་ཡིན།
   ཚན་རིག་གིས་མིའི་རིགས་ལ་སྟབས་བདེ་བསྐྲུན་པའི་འཕྲུལ་རིགས་ཀྱི་ཐོན་དངོས་ནི་ངེས་པར་ཁས་ལེན་དགོས་ཀྱང༌། ཚན་རིག་ཡིན་ན་ཡང་དག་པས་ཁྱབ་པ་དང་དེ་དང་མ་མཐུན་ན་ཁུངས་མི་འཁྱོལ་བར་འདོད་པ་ནི་ཚན་རིག་གི་ཤེས་བྱ་ལ་ངོས་འཛིན་ཡང་དག་པ་ཞིག་མེད་པས་ལན་པ་རེད། ལྷག་པར་རི་རབ་ཟེར་བ་ཞིག་གཏན་ནས་མེད་པར་བཤད་པ་ལ། དང་པོ་རི་རབ་ཟེར་བ་དེ་གཞུང་གང་ནས་བཤད་ཡོད་པ་དང༌། ཚུལ་ཇི་ལྟར་བཤད་ཡོད་པ། དེའི་ངོ་བོ་ཅི་འདྲ་ཞིག་ཡིན་པ། རི་རབ་ཁས་ལེན་མཁན་ཚོས་གང་ཞིག་ལ་ངོས་འཛིན་གྱི་ཡོད་པ་སོགས་ཡག་པོ་མ་ཤེས་ན། བྱང་ཐང་འབྲོག་པ་ཞིག་གིས་འདྲེ་ཤིག་ཞི་མི་ལ་ངོས་འཛིན་ནས་འབུ་དམར་པོ་དེས་རབ་ཟོས་པ་མ་གཏོགས་འདྲེ་ཤིག་གཅིག་ཀྱང་མ་བྱུང་ཟེར་བའི་དཔེ་ལྟར་འགྱུར་གྱི་རེད།
    སྤྱིར་སྟོན་པའི་གསུང་རབ་ནི་སྒྲ་ཇི་བཞིན་མ་ཡིན་པ་ཞིག་ཡོད་ནའང་དེ་ལ་དགོངས་གཞི་དང་དགོས་པ་ཁྱད་པར་བ་རེ་ཡོད་པས་ཁྱབ་ཅིང༌། ཕ་དང་མ་ནི་གསད་བྱ་ཞིང༌།། ཞེས་པ་ལྟ་བུ་འཁོར་བར་སྐྱེ་བ་ལེན་པར་ཕ་མ་དང་ཆོས་མཚུངས་པའི་ལས་ཉོན་གཉིས་གསད་བྱ་ཡིན་ཞེས་སྙན་ངག་གི་གཟུགས་རྒྱན་དང་འདྲ་བར་གསུངས་པ་དང༌། ཚུལ་ཁྲིམས་ལ་དགའ་ཞིང་ཤེས་རབ་ལ་མི་མོས་པ་རྣམས་ཀྱི་ངོར་ཤེས་རབ་ལ་བསྟོད་ཅིང་ཚུལ་ཁྲིམས་ལ་སྨད་པར་མཛད་པ་དང༌། ཤེས་རབ་ཁོ་ན་ལས་ཚུལ་ཁྲིམས་མི་དགོས་པ་འདོད་པ་རྣམས་ལ་ཚུལ་ཁྲིམས་ལ་བསྟོད་ཅིང་ཤེས་རབ་ལ་སྨད་པར་མཛད་པ་ལྟ་བུ་ཕ་མས་བུ་རྒྱུད་གཅུན་པའི་ངང་ཚུལ་ལྟར་གསུངས་པ་དང༌། ཆོས་འདུལ་བའི་བཅས་ཁྲིམས་ཞེས་གྲགས་པ་ཡང་སྐབས་དེར་འཇིག་རྟེན་ན་སྨད་ཅིང་ཉེས་པའི་ལས་བྱུང་བ་གཞི་ལ་བཞག་ནས་གསུངས་པ་ལས་མ་འོངས་མངོན་གཟིགས་ཀྱིས་མ་གསུང་པ་དང༌། བདག་མེད་ན་ལས་འབྲས་སོགས་གང་ཡང་མེད་པར་བལྟས་ནས་སྡིག་པ་མི་དགེ་བ་འབའ་ཞིག་བྱེད་ངེས་པ་རྣམས་ལ་གང་ཟག་གི་བདག་ཡོད་པར་གསུངས་པ་དང༌། ཕྱིས་ལས་འབྲས་ལ་ངེས་པ་བརྟན་པོ་རྙེད་མཚམས་སླར་བདག་མེད་པར་གསུངས་པ་དང༌། སྤྲོ་བ་སྐྱེད་པའི་དོན་དུ་རྒྱུའི་ནུས་པའམ་བག་ཆགས་འབྱུང་བ་ཙམ་ལ་དགོངས་ནས་དེར་དང་དེར་བྱས་པས་ལྷ་གནས་སུ་སྐྱེ་ཞིང་འཚང་རྒྱ་བ་གསུངས་པ་དང༌། གང་ཞིག་གསུང་ཡང་བསོད་ནམས་མ་ཡིན་པའི་ལས་ངན་ཚབས་ཆེན་གསོག་པར་འདུག་ན་གང་ཡང་མི་གསུང་པར་བཞུགས་པ་དང༌། འཚམ་ཞིང་དུས་ལ་བབས་པ་ན་གནས་མི་འདྲ་བ་གྲངས་མེད་པར་ཆོས་མི་འདྲ་བ་དེ་སྙེད་དུས་གཅིག་ཏུ་གསུང་པ་སོགས་གསུང་སྟངས་མི་འདྲ་བ་མཐའ་ཡས་པ་ཞིག་ཡོད་པ་ལས། འདིར་རི་རབ་ཀྱི་སྐོར་གསུང་པ་ནི་དགོངས་གཞི་དང་དགོས་པའི་སྒོ་ནས་བཙལ་མི་དགོས་པར་སྒྲ་ཇི་བཞིན་དུ་ཁས་བླངས་ཐུབ་པའི་དོན་དངོས་ཤིག་རེད།
འོན་ཀྱང་ཁ་ཅིག་ནི་དང་པོ་ནས་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་མེད་ཅིང་རི་རབ་ཀྱི་སྐོར་བཤད་པ་ན་དཔྱད་པ་ཙམ་ཡང་མི་བྱེད་པར་དེ་བས་མགོ་བོ་རིང་དུ་གཡུག་པ་དང༌། ཁ་ཅིག་ནི་སངས་རྒྱས་ལ་དད་པའི་དབང་གིས་རང་གི་བློ་ངོར་གསུང་རབ་ཀྱི་དོན་ལས་བརྒལ་བའི་ཡུལ་ལ་ཧ་ཅང་སྒྲོ་བཏགས་ནས་ཕྱིས་འཛམ་གླིང་བསྐོར་བ་བསྐྱོན་སྐབས་ད་གཟོད་ཐེ་ཚོམ་ཟ་བ་དང༌། ཁ་ཅིག་ནི་བློ་གཟུ་བོས་དཔྱད་པའི་ལུགས་སུ་བྱས་ཀྱང་བརྡ་དག་ཐ་སྙད་ཀྱི་སྒྲོག་མ་གྲོལ་བར་འབའ་ཀོང་བལ་ནང་སོང་བའི་དཔེ་ལྟར་གྱུར་པ་སོགས་ལས་མཐའ་གཅིག་ཏུ་རི་རབ་མེད་པར་འདོད་པ་དང༌། མེད་པའི་ཕྱོགས་བཟུང་བ་དང༌། ཅང་མི་སྨྲ་བ་དག་བྱུང་བ་ཡིན། དེ་དག་ནི་རང་རང་གི་བློ་ལ་སླད་ཞུགས་པ་དང་སྒྲོ་བཏགས་པ་དང་ནུས་པས་མ་འདེང་བ་ལས་བྱུང་བ་ཡིན་གྱི། ང་ཚོས་སྐྱོན་དེ་དག་དང་བྲལ་བའི་བློས་བརྟག་ཅིང་དཔྱད་ན་ང་ཚོའི་རི་རབ་ནི་ང་ཚོའི་གམ་ན་ཡོད་པར་མཐོང་ཐུབ། སྐྱོན་དེ་དག་གི་ནང་ནས་རང་ཅག་གངས་ཅན་པ་རྣམས་ལ་འབྱུང་ཉེ་ཤོས་ནི་དད་པའི་དབང་གིས་སྒྲོ་འདོགས་ཐལ་ཆེ་བ་དེ་ཡིན།
    ངས་ཉེ་ཆར་གྱི་དཔེ་ཞིག་བཤད་ན། ལྭ་བ་ཆུ་ནང་ན་ཡག །བུ་མོ་མ་སྔོན་ན་ཡག །བླ་མ་ཕེབས་ཤུལ་ན་ཡག །ཟེར་བ་ལྟར་ཨ་མདོ་དགེ་འདུན་ཆོས་འཕེལ་བོད་ནས་ཁ་བྲལ་ཏེ་རྒྱ་གར་སོགས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་བཞུགས་རིང་བོད་ནང་ཁོང་གི་མཚན་སྙན་ཇེ་ཆེར་གྱུར། དེར་བརྟེན་བཀའ་བློན་ཀ་ཤོད་པས་དགེ་ཆོས་བོད་ནང་ཚུར་ཕེབས་ནས་སློབ་མ་སྐྱོང་གནང་མཛད་ན་རྒྱལ་བསྟན་སྤྱི་དང་བོད་ཀྱི་ཆོས་སྲིད་གང་ལ་ཡང་སླེབས་ཆེ་བ་དང༌། མཐུན་འབྱོར་ཞབས་ཕྱི་གང་དགོས་ལྷོད་མེད་ནར་ཞུ་བྱེད་རྒྱུ་ཡིན་པའི་ཞབས་སྐུལ་འཕྲིན་ཡིག་ལན་མང་ཕུལ། དགེ་ཆོས་བོད་ནང་ཕེབས་རྗེས་ཀ་ཤོད་པའི་མདུན་དུ་བཅར་སྐབས་སྐུ་ངོ་ཡིད་མ་ཆེས་པར་བྱབྱདགེ་འདུན་ཆོས་འཕེལ་ཟེར་བ་དེ་ཁྱོད་རང་ཡིན་པས། ཁྱོད་ནི་མཚོ་སྣ་བའི་སུར་པན་འཚོང་མཁན་འདྲ་པོ་ཞིག་འདུགབྱབྱ ཅེས་གསུངས་ནས་གདན་ཞུ་ཡི་གེའི་སྒྲོས་ཙམ་ཡང་མེད་ཅིང་ཡ་ལན་གང་ཡང་མ་བྱས་པ་རེད་ཟེར། དེའི་རྒྱུ་རྐྱེན་ནི། དགེ་ཆོས་རྒྱ་གར་སོགས་སུ་ཕེབས་ནས་གནས་ཡིག་དང་ལམ་ཡིག །བསྒྱུར་ཡིག་སོགས་བཀའ་རྩོམ་འཕྲིན་ཡིག་སྙན་ངག་མང་པོ་ཞིག་བོད་ནང་བསྐུར་གྱི་ཡོད་ལ། རྩོམ་ཡིག་དེ་དག་གི་ནང་ནས་ཁོང་ནི་སཾསྐྲྀཏ་དང་དབྱིན་ཡིག་ལའང་བྱང་ཆུབ་པའི་ལོ་ཙཱའི་པཎྜིཏ་ཆེན་པོ་ཞིག་ཡིན་པ་ལྟར་མངོན་པ་དང༌། རྩོམ་ཡིག་དེ་དག་གི་བརྗོད་བྱ་དང་རྗོད་བྱེད་གང་ལའང་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། བཀའ་བློན་ཀ་ཤོད་པས་ཀྱང་དགེ་ཆོས་ལ་གདེང་འཇོག་ཆེན་པོ་བྱས་པ་དང༌། ལྷག་པར་དགེ་ཆོས་ཀྱི་སྙན་ངག་དེ་ཚོ་མཐོང་དུས་འདི་འདྲ་ཞིག་སངས་རྒྱས་ཀྱིས་ཀྱང་འབྲི་ཐུབ་ཨེ་ཡོང་ན་བསམས་ནས། སྔར་མཐོང་མྱོངས་མེད་པའི་དགེ་ཆོས་དེ་རང་གི་བློ་ངོར་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ཅན་གྱི་མཛེས་ཤིང་ཡིད་དུ་འོང་བའི་སངས་རྒྱས་ཆུང་ཆུང་ཞིག་ཏུ་སྒྲོ་བཏགས་ཤིང༌། གཟོད་དངོས་སུ་མཐོང་སྐབས་མིག་སྔའི་དགེ་ཆོས་དེ་ནི་མཚོ་སྣ་བའི་སུར་པན་འཚོང་མཁན་འདྲ་པོ་ཞིག་ཡོད་སྟབས་སྔར་རང་གི་བློ་ངོར་ཡོད་པའི་དགེ་ཆོས་གཉིས་བར་ཁྱད་པར་གནམ་ས་ལྟར་བྱུང་བས་རེ་ཞིག་ཧོན་འཐོར་བ་དང༌། དེ་ནས་རང་གི་རང་ལའང་ཡིད་ཆེས་མེད་པ་ལྟ་བུས་དགེ་ཆོས་ལ་འཛིན་པའི་ལྟ་ཚུལ་ཡང་རྦད་དེ་འགྱུར་ལྡོག་ཐེབས་པ་རེད།
    དེ་བཞིན་དུ་སངས་རྒྱས་ཀྱིས་ཡར་སྒྲོ་བཏགས་པ་དང་མར་སྐུར་བ་མ་བཏབ་པར་ཆོས་རྣམས་ཀྱི་གནས་ལུགས་ཇི་མ་ཇི་བཞིན་གསུངས་ན་ཡང༌། ང་ཚོས་སངས་རྒྱས་ལ་དད་པའི་དབང་གིས་རང་གི་བློ་ངོར་རང་གི་བློ་ཡིས་སྒྲོ་བཏགས་ནས་སངས་རྒྱས་ཀྱིས་གསུང་པའི་དོན་ལས་བརྒྱ་འགྱུར་གྱི་རྫིག་པ་ཞིག་ངོས་འཛིན་པ་དང༌། གཟོད་དངོས་པོའི་གནས་ལུགས་ཀྱི་འགྲམ་དུ་སླེབས་ཚེ་སྔར་རང་གི་བློ་ངོར་འཆར་བའི་དོན་དང་ཁྱད་པར་ཆེན་པོ་མཐོང་ནས། སངས་རྒྱས་ཀྱིས་གསུང་པ་དེ་ཏག་ཏག་ཅིག་མེད་པའི་ཚོར་སྣང་ཡོང་ནས་སངས་རྒྱས་ལ་འཛིན་པའི་ལྟ་ཚུལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་རེད།
    འོ་ན་ང་ཚོས་འདོད་པའི་རི་རབ་དེ་གང་ཡིན་ཟེར་ན། ང་ཚོས་འདོད་པའི་རི་རབ་ནི་གངས་ཏི་སེ་འདི་ཁོ་ནའོ་ཞེས་སྨྲ་བར་སྤོབས་ཏེ། རྒྱུ་མཚན་ནི་མདོ་རྒྱུད་བསྟན་བཅོས་གནའ་མིའི་ངག་རྒྱུན་ཚུན་ཆད་དུ་གྲགས་པའི་རི་རབ་ཀྱི་དོན་ཐམས་ཅད་འདི་ལ་ཚང་ཡོད་པས་རེད། ཇི་ལྟར་ཚང་ན། སྤྱིར་རབ་ཀྱི་སྒྲ་ནི་མཆོག་དང་ཕུལ་དུ་བྱུང་བ་ལ་འཇུག་པ་མང་ཞིང༌། ཕྱི་ནང་གཉིས་ཀའི་གནས་མཆོག་ཏུ་བརྩི་ཞིང་བཀུར་བའི་རི་བོ་འདིའི་སྙན་གྲགས་ལ་འགྲན་བཟོད་པ་ཞིག་འཛམ་གླིང་འདིར་གཏན་ནས་མེད། དེས་ན་རི་ཡི་རབ་དང་མཆོག་དང་ཕུལ་དུ་བྱུང་བ་ཞེས་པའི་སྒྲ་ནི་རི་བོ་འདི་ལ་ཡོངས་སུ་འབྱོར་པ་ཡིན། ཡིག་ཆ་མང་ཆེ་བར་རི་བོ་མཆོག་རབ་ཅེས་ཀྱང་འཁོད་ཡོད་ལ། དེ་ནི་འཛམ་གླིང་འདིར་རི་བོ་མཆིས་སོ་ཅོག་རྣམས་ཀྱི་ནང་ནས་མཆོག་དང་རབ་ཡིན་ཅེས་པའི་དོན་ཡིན་ཅིང༌། ཡང་རི་ཡི་རྒྱལ་པོ་དང་རི་དབང་རྒྱལ་པོ་ཞེས་འབོད་པ་ནི། མིའི་རྒྱལ་པོ་ལ་མི་མཆོག་དང་མི་དབང་ཞེས་འབོད་པ་ལྟར་རྒྱལ་དང་མཆོག་རྣམས་དོན་གཅིག་པར་བརྗོད་པ་ཡིན། དབུས་ཀྱི་རི་རྒྱལ་ལྷུན་པོ་ཞེས་བརྗོད་པ་ནི་འཛམ་གླིང་ས་ཆེན་པོ་འདིའི་དབུས་དཀྱིལ་ཕྱོགས་སུ་ཡོད་པ་ལ་གོ་དགོས་ལ། ལྷུན་པོ་ནི་བརྟན་པ་དང་མི་འགྱུར་བ་དང་བརྗིད་ཆགས་པ་ཞིག་ཡོད་པའི་དོན་རེད། བོངས་ཚོད་ཆེན་པོ་ལ་རབ་ཀྱི་སྒྲ་འཇུག་པ་མི་མང་ཡང་སྐབས་འདིར་འཇུག་པའི་དབང་དུ་བྱས་ཀྱང་འདི་ནི་ཧི་མཱ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་རི་བོ་འདིའི་བོངས་ཚོད་ལ་འགྲན་ཐུབ་པའི་རི་བོ་གཞན་ཞིག་ཀྱང་འཛམ་གླིང་ན་མེད་པ་རེད། དེ་ཕྱིར་རི་བོ་འདི་ལ་རི་རབ་ཀྱི་སྒྲ་བཤད་ཀྱང་ཡོངས་སུ་ཚང་ཡོད།
   གལ་ཏེ་རི་བོ་འདི་ནི་འཛམ་གླིང་གི་བྱང་ཕྱོགས་སུ་ཡོད་པ་མ་ཡིན་ནམ། ཇི་ལྟར་དབུས་དཀྱིལ་དུ་ཡོད་པ་འཐད་སྙམ་ན་སྐྱོན་མེད་དེ། མིག་སྔར་འཛམ་གླིང་གི་གོ་ལར་འཕྲེད་ཐིག་དང་གཞུང་ཐིག་བཏབ་ནས་ཤར་ལྷོ་ནུབ་བྱང་ཁྱོན་ཡོངས་ནས་ཤེས་རྟོགས་སླ་བའི་ལེགས་སྐྱེས་བསྐྲུན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད། དེང་སང་ཡང་ཚན་རིག་པའི་ཁང་ཆེན་དང་ཟམ་ཆེན་སྐྲུན་པའི་འཆར་འགོད་རི་མོ་ནོར་འཁྲུལ་ཅན་མང་པོ་ཡོང་གིན་ཡོད་པས་འཛམ་གླིང་གི་ས་ཁྲ་དེ་ཡང་ཡོངས་སུ་མིག་བཙུམ་པ་ལྟར་ཚད་ལྡན་དུ་ཁས་ལེན་མི་ཐུབ། འོན་ཀྱང་མིའི་ཤེས་རྟོགས་ཀྱི་ནུས་པ་གོང་མཐོར་ཕྱིན་ནས་དེ་ལས་ཞིབ་པའི་ས་ཁྲ་ཞིག་མ་བྱུང་བར་ང་ཚོས་ཁས་ལེན་མ་བྱས་ཐབས་མེད་རེད། དེ་ལྟར་ན་ཡང་ང་ཚོས་དབུལ་དཀྱིལ་བཤད་པ་ནི་གླིང་ཆེན་བཞིའི་དབང་དུ་བྱས་པ་ཡིན་པས་མི་འགལ་ལ། སྒོས་སུ་འཛམ་གླིང་ལྷོ་ངོས་ཀྱི་རྒྱ་ཁྱོན་ཆེ་ཤོས་ནི་རྒྱ་མཚོ་ཡིན་པས་སྐམ་ས་ཁོ་ནར་ཕྲེད་ཐིག་བཏབ་པ་ཡིན་ཚེ་འདི་ཉིད་དབུས་དཀྱིལ་དུ་ཁེལ་བ་ཐེ་ཚོམ་མེད། གཞུང་ལས་ཀྱང་འཛམ་གླིང་སོགས་གླིང་ཆེན་པོ་བཞིའི་དབུས་དཀྱིལ་ཡིན་པར་བཤད་པ་ལས་གོ་ལ་ཧྲིལ་པོའི་དབུས་དཀྱིལ་ཡིན་པ་བཤད་མེད།
    སྤྱིར་གཞུང་ཐིག་ནི་གང་ནས་བྱས་ཀྱང་ཆོག་པས་དབྱིན་ཡུལ་ནས་ཤར་ནུབ་འབྱེད་པའི་གཞུང་ཐིག་བྱས་པ་ནི་རང་འདོད་ཙམ་ལས་རྒྱུ་མཚན་གང་ཡང་མེད། དེ་བས་འཛམ་གླིང་ཤར་ནུབ་ཀྱི་མཚམས་འཛིན་དཀྱིལ་རྟགས་ནི་རི་བོ་འདི་ལས་ཐད་དྲང་ན་རྒྱུ་མཚན་དང་ལྡན་སྙམ། གང་ཡིན་ཟེར་ན། གནའ་བོའི་མི་རྣམས་ཀྱིས་ཕྱོགས་སྟོན་མཚམས་རྟགས་ནི་གཙོ་བོ་རི་དང་ཆུ་ལ་བྱས་ཤིང༌། དེ་ལས་རི་བོ་ནི་རྒྱང་རིང་པོ་ནས་མཐོང་ཐུབ་སྟབས་མི་རྣམས་ལ་ཁ་ཕྱོགས་སྟོན་ཅིང་སའི་མཚམས་རྟགས་འབྱེད་ཆོས་བླ་ན་མེད་པ་ཞིག་ཏུ་གྱུར། རི་བོའི་ནང་ནས་ཀྱང་གང་ཞིག་སྔ་ཤོས་སུ་གྱུར་པ་དེ་ལ་བརྟེན་ནས་ཕྱོགས་བསླད་པའི་མགྲོན་པོ་གྲངས་མེད་ཅིག་བདེ་བགྲོད་བྱུང་ཡོད་པ་ནི་བཤད་མ་དགོས། དེས་ན་རི་བོ་ཐམས་ཅད་ཀྱི་ནང་ནས་རབ་དང་མཆོག་ཏུ་གྱུར་ཅིང་མི་ཡི་རིགས་ལ་སྲི་ཞུ་རིང་བའི་སྲིད་པའི་གངས་རི་ཆེན་པོ་འདི་ནི་ཤར་ལྷོ་ནུབ་བྱང་འབྱེད་པའི་མཚམས་རྟགས་སུ་ཅི་ནས་འོས་པ་ཡིན།
    གངས་ཏི་སེའི་ཤར་ངོས་སུ་ཧི་མཱ་ལ་ཡི་རི་རྒྱུད་རིང་པོ་ཐུར་དུ་ནར་ནས་ཡོད་པ་དྭངས་གཙང་ཤེལ་གྱི་ངོས་ལྟར་ཡོད་པ་དང༌། ལྷོ་ངོས་སུ་རྒྱ་གར་རྒྱ་མཚོ་དང་ལྗོན་ཤིང་གཡུ་ལོའི་ཚང་ཚིང་རབ་ཏུ་བཀྲ་བ་བཻཌཱུརྱའི་མདོག་ལྟར་ཡོད་པ་དང༌། ནུབ་ངོས་སུ་ཨ་རབ་ཁུལ་གྱི་མུ་མཐའ་མེད་པའི་བྱེ་ཐང་དམར་པོ་པད་མ་རཱ་གའི་མདོག་ལྟར་ཡོད་པ་དང༌། བྱང་ངོས་སུ་བོད་དང་སོག་པོ་ཧ་སག་སོགས་མཐའ་ཡས་པའི་རྩ་ཐང་གི་མདོག་ནི་གསེར་ལྟར་སེར་པོ་ཡོད་པ་རེད། དེས་ན་རི་རབ་ཀྱི་མཚན་ཉིད་བཤད་པ་ན། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པད་མ་རཱ་ག །བྱང་གསེར་ལས་གྲུབ་པ་ཟེར་བའི་བརྗོད་དོན་ཡང་རི་བོ་འདི་ལ་ཡོངས་སུ་ཚང་ཡོད།
     མི་ཁག་ཅིག་ནས་དེ་ལྟར་བཤད་པ་རིན་པོ་ཆེ་རང་མཚན་པ་ཞིག་ཡིན་པར་བསམས་ནས་ཁྲེལ་དགོད་དང་མགོ་སྤྲུག་བྱེད་པ་ནི་བོད་ཀྱི་རིག་གནས་དང་གོམས་སྲོལ་ལ་རྒྱུས་མངའ་རྩ་ནས་མེད་པས་བྱས་པ་རེད། བཀའ་གདམས་གླེགས་བམ་ལས། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། ཅེས་པའང་གཡུ་དང་གསེར་རང་མཚན་པའི་མེ་ཏོག་མིན་པར་བོད་དུ་དབྱར་སྟོན་སྐབས་མེ་ཏོག་སྔོན་པོ་དང་སེར་པོ་རྣམ་པར་བཀྲ་བའི་དོན་ཡིན་པ་དང༌། གླིང་སྒྲུང་སྟག་གཟིག་ནོར་འགྱེད་ལས། ཁམ་པ་དངུལ་གྱི་རྭ་ཅོ་ཅན།། དངུལ་རྭ་དངུལ་རྣ་ཕུང་སེ་ཕུང༌།། དངུལ་གྱི་ཁ་ཆུ་ཉི་ལི་ལི།། དངུལ་གྱི་རྔ་མ་ཤང་སེ་ཤང༌།། དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ།། ཚ་ཞང་འདན་མའི་ནོར་སྐལ་ཡིན།། ཞེས་པའང་འབྲི་གཡག་དེ་དག་གི་རྭ་རྣ་ཟེལ་གནོག་རྣམས་དངུལ་རང་མཚན་པ་ཡིན་པའི་དོན་མིན་པར་ལུས་པོ་ཁམ་མདོག་དང་རྭ་དང་རྔ་མ་དངུལ་མདོག་ཅན་གྱི་འབྲི་གཡག་ཁྲི་ལྔ་ཙམ་གླིང་འདན་མ་ལ་ཐོབ་པའི་དོན་ཡིན་པ་དང༌། མཁའ་དབྱིངས་ཀྱི་དུང་ཟླ་དང་ཆུ་ནང་གི་གསེར་ཉ་ཞེས་ཡོངས་གྲགས་སུ་བརྗོད་པ་ཡང་ཟླ་བ་དེ་དུང་ལྟར་དཀར་པོ་ཡིན་པ་དང་ཉ་མོ་དེའི་མདོག་གསེར་ལྟར་སེར་པོ་ཡིན་པར་བརྗོད་པ་ཡིན་པས། ཟླ་བ་དེ་དུང་རང་མཚན་པ་དང་ཉ་མོ་དེ་གསེར་རང་མཚན་པ་ཡིན་པར་གོ་ན་མི་འགྲིགས་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་སྐབས་སུའང་མཚལ་སྤང་ལི་མཐིང་ཞེས་བརྗོད་པ་ལས་དམར་པོ་ལྗང་ཁུ་སེར་པོ་སྔོན་པོ་ཞེས་བརྗོད་སྲོལ་མེད་པ་ལྟ་བུ་རེད། རྒྱུ་ལ་འབྲས་བུའི་མིང་ནས་འབོད་པ་དང༌། འབྲས་བུ་ལ་རྒྱུའི་མིང་ནས་འབོད་པ་དང༌། ཁྱད་གཞི་ལ་ཁྱད་ཆོས་ཀྱི་མིང་ནས་འབོད་པ་དང༌། ཁྱད་ཆོས་ལ་ཁྱད་གཞིའི་མིང་ནས་འབོད་པ་ནི་གནའ་ནས་ད་བར་ང་ཚོས་སྤྱོད་བཞིན་ཡོད་ལ། གོང་དུ་བཤད་པ་དེ་དག་ནི་ཁྱད་ཆོས་ལ་ཁྱད་གཞིའི་མིང་ནས་བོས་པ་ཤ་སྟག་རེད།
    ཧིནྡུ་པ་རྣམས་ཀྱིས་ལྷ་དབང་ཕྱུག་ཆེན་པོ་ནི་རི་རབ་ཀྱི་ཁོངས་གསེང་ན་བཞུགས་པར་བཤད་པ་ཡང་མཛུབ་མོ་འཛུགས་ས་གངས་ཏི་སེ་འདི་ཁོ་ན་ཡིན་ལ། ཁོང་ཚོས་གངས་ཏི་སེ་ལྷ་དབང་ཕྱུག་གི་ཞིང་ཁམས་སུ་བཤད་པའི་ཁུངས་ཀྱང་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁོངས་གསེང་ན་བསམ་གཏན་ལ་བཞུགས་པར་བཤད་པ་འདི་ལས་གཞན་གང་ཡང་མེད། ནང་པ་སངས་རྒྱས་པ་རྣམས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་དེ་ཉིད་རི་རབ་ཀྱི་རྩེ་མོར་དཔལ་འཁོར་ལོ་བདེ་མཆོག་གི་སྐུར་བཞེངས་ནས་ལྷ་དབང་ཕྱུག་ཆེན་པོ་ཞབས་འོག་ཏུ་མནན་པར་བཤད་པའི་རི་རབ་ཀྱི་རྩེ་མོ་ཡང་མཛུབ་མོ་འཛུགས་ས་གངས་ཏི་སེ་འདི་ཁོ་ན་ཡིན་ལ། ང་ཚོས་གངས་ཏི་སེ་བདེ་མཆོག་གི་གནས་སུ་བཤད་པ་ཡང་རྒྱལ་བ་རྡོ་རྗེ་འཆང་དེ་ཉིད་རི་རབ་ཀྱི་རྩེ་མོར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཁྲ་ལྷམ་མེར་སྤྲུལ་ནས་མ་བསྡུས་པར་ཡོད་པས་ཇི་ཙམ་སྙིགས་མ་ལྔ་བདོ་བ་དེ་ཙམ་གྱིས་བྱིན་རླབས་ཆེ་བར་བཤད་པ་འདི་ལས་གཞན་པའི་ཁུངས་གང་ཡང་མེད།
    རི་རབ་ཀྱི་བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་རྟ་བདག་བརྒྱད་དང་བཅས་པ་ཡང་བོད་ཕྱོགས་སུ་ཡོད་པ་མདོ་རྒྱུད་ངག་རྒྱུན་ཚུན་ཆད་དུ་གསལ་ཞིང་དེང་སང་རི་བོའི་གཟུགས་སུ་གྱུར་ནས་གདའ། ལྕང་ལོ་ཅན་གྱི་གནས་ནི་ཆབ་མདོ་དང་ཨ་མདོ་སོག་ཡུལ་རྣམས་སུ་ཡིན་པའི་བཤད་རྒྱུན་ཅི་རིགས་པ་མཆིས། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་གང་ན་ཡོད་པའི་ས་ཕྱོགས་དེ་ནི་རི་རབ་ཀྱི་བྱང་ཕྱོགས་ཡིན་པ་ལས་ལྷོ་ཕྱོགས་མིན་པར་གསལ་སྟོན་བྱེད་པ་རེད།
     གལ་ཏེ་ཧི་མཱ་ལ་ཡི་རི་རྒྱུད་འདི་ས་གཞི་ཆེན་པོ་གཉིས་གདོང་ཐུག་བྱུང་བ་ལས་འབུར་དུ་དོན་པ་མ་ཡིན་ནམ་ཟེར་ན། ང་ཚོས་རི་རབ་ནི་རྒྱ་མཚོ་རླུང་གིས་དཀྲུགས་པ་དང་ས་རྡོ་རི་བྲག་རྣམས་དྭངས་སྙིགས་ཕྱེ་བ་ལྟ་བུ་འཕོ་འགྱུར་མང་པོ་ཞིག་བྱས་པ་ལས་བྱུང་བར་འདོད་པས་ཁྱོད་ཀྱིས་བཤད་པ་དེ་སྒྲུབ་བྱེད་ལས་གནོད་བྱེད་དུ་མི་འགྱུར་བ་ཡིན། གླིང་ཕྲན་དེ་དག་རྟག་བརྟན་ཐེར་ཟུག་ཅིག་མ་ཡིན་སྟབས་ས་ཁམས་ཆེན་པོའི་བང་རིམ་ནི་ས་གཤིས་མི་འདྲ་བ་ལས་གྲུབ་པས་འདྲེད་རྡིབ་ནུར་འགྲོས་བྱེད་སྲིད་པ་ནི། བྲག་རི་འགའ་ཤས་ཀྱི་སྐེད་པར་གས་སྲུབ་ཆེན་པོ་ཡོད་ཚེ་ཆུ་ཕོག་པའི་རྐྱེན་ལས་ཕྱོགས་གཞན་དུ་ནུར་ཡོང་བ་ལྟར་རེད། འོན་ཀྱང་ཞིབ་ཏུ་བསམ་ན་གླིང་ཕྲན་ཆེན་པོ་དེ་དག་ནི་རང་རང་གི་རྩ་བ་དབང་ཆེན་གསེར་གྱི་ས་གཞི་ནས་ཐུར་དུ་ས་ཡི་གོ་ལའི་དཀྱིལ་སྙིང་བར་ཟུགས་ནས་ཡོད་པ་ལས་རྒྱ་མཚོའི་སྟེང་གི་གྲུ་གཟིངས་ལྟར་ཆུ་ཁར་དབྱིངས་ནུར་བྱེད་པ་ཞིག་མ་ཡིན་པས། ཤར་གྱི་གླིང་ཕྲན་ནུབ་ཀྱི་གླིང་ཕྲན་དང་གདོང་ཐུག་བརྒྱབ་པ་དང༌། ལྷོ་ཡི་གླིང་ཕྲན་བྱང་གི་གླིང་ཕྲན་དང་གདོང་ཐུག་བརྒྱབ་པ་ལས་སླ་པོ་ཞིག་ནི་མ་ཡིན་ནོ།
    མཐར་གཏུག་ན་གླིང་ཕྲན་དེ་དག་ནི་རྒྱ་མཚོའི་གཤོང་ས་ལས་གྱེན་དུ་འཕགས་པའི་རི་བོ་ཆེན་པོའི་རྩེ་མོ་རེ་རེ་ཡིན་ལ། ས་ཁམས་ཆེན་པོའི་བང་རིམ་གད་རྡིབ་བྱུང་བ་སོགས་ལས་རྒྱ་མཚོ་ཡོ་འཁྱོམ་ཤོར་ནས་མཚམས་རེར་གླིང་ཕྲན་ཕན་ཚུན་གཅིག་ལ་གཅིག་འབྲེལ་ཏེ་གླིང་ཆེན་གྱི་ངོ་བོར་གྱུར་པ་དང༌། མཚམས་རེར་གཤོང་ས་རྣམས་རྒྱ་མཚོར་ནུབ་ནས་གླིང་ཕྲན་གྱི་ངོ་བོར་སོ་སོར་གནས་པ་སོགས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བྱུང་ཁམས་ཀྱི་འགྱུར་འགྲོས་ཤིག་རེད།
     སྤྱིར་བཏང་བཤད་ན། རྫ་རི་དང་བྲག་རི་རྩེ་དང་ཟུར་རྣོ་ཞིང་ངོས་གཟར་བ་དེ་དག་ནི་ན་གཞོན་ཤ་རྒྱས་ཁྲག་དར་ཞིག་ཡིན་པའི་རྟགས་ཡིན་ལ། ཟླུམ་གཟུགས་ཅན་དེ་དག་ནི་ཟུངས་ཁམས་ཀྱི་ནུས་པ་གཞན་གྱིས་བཅོམ་པའི་རྒས་ཁོག་ཅིག་ཡིན་པའི་རྟགས་སུ་ངེས། དེའི་རྒྱུ་མཚན་ནི། ཆར་རླུང་དང་ཉི་འོད་ཀྱིས་བར་གྱི་བསྐལ་བ་མང་པོར་འབྲུལ་རྡར་བྱས་པ་བརྒྱུད་ཟུར་གདོང་རྣམས་ཟད་རྫོགས་ཀྱིས་ད་གཟོད་དེ་དག་ཟླུམ་གཟུགས་སུ་གྱུར་པ་རེད། དཔེར་ན། ཆུ་བོའི་གཞུང་གི་རྡོ་བ་རྣམས་ཇི་ཙམ་གྱིས་ཟླུམ་པ་དང་ཇི་ཙམ་གྱིས་འཇམ་ཤ་དོད་པ་དེ་ཙམ་གྱིས་རྡོ་བ་དེ་ཆུ་ནང་དུས་ཡུན་རིང་པོ་གནས་ཡོད་པ་དང༌། ཆུ་བོ་ཡང་དེ་ནས་བཞུར་ཏེ་དུས་ཡུན་ཇི་ཙམ་སོང་ཡོད་པ་དཔོག་ཐུབ་པ་དང་འདྲ་པོ་རེད། ནམ་ཞིག་ཚན་རིག་ཡར་རྒྱས་ཕྱིན་པ་དང་བསྟུན་ཟླུམ་གཟུགས་ཅན་གྱི་གངས་ཏི་སེ་ནི་འཛམ་གླིང་ཐོག་གི་རི་བོ་སྔ་ཤོས་ཤིག་ཡིན་པར་ཁུངས་སྐྱེལ་བྱེད་པར་གདོན་མི་ཟ། ང་ཚོས་མིག་སྔར་མཐོང་བ་ཡང་རི་བོ་འདི་ནི་ཇོ་མོ་གླང་མ་སོགས་ཧི་མཱ་ལ་ཡའི་རི་རྩེ་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་སྣང་ངོ༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་རབ་ནི་ང་ཚོའི་གམ་ན་འདུག

2011-09-13 ཆབ་མདོ་ཤེས་རབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།