སྲོང་བཙན་སྒམ་པོའི་གོང་གི་དུས་རབས་ལོ་ཚིགས་དང་དོན་རྐྱེན་འགའ་ཞིག་ལ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-03

                                                                                                 གླེང་གཞི།
        དེང་དུས་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་སྲོང་བཙན་གོང་གི་བོད་ཀྱི་ལོ་རྒྱུས་དེ་དག་ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་རྣམ་པ་ལྟ་བུ་ཞིག་ལས་མེད་སྟབས་གཏམ་རྒྱུད་ཀྱི་དུས་རབས་དང་། སྲོང་བཙན་ནས་བཟུང་ཁུངས་ལྡན་ལོ་རྒྱུས་ཀྱི་ཡིག་ཆ་ཡོད་པས་ལོ་རྒྱུས་དངོས་ཀྱི་དུས་རབས་ཀྱི་འགོ་ཚུགས་པ་ཡིན་ཞེས་བཤད་འདུག་པ་དེ་ནི་བོད་ཀྱི་ཡིག་ཚང་མང་པོ་ཞིག་ཀློག་མ་ཐུབ་པ་དང་མ་མཐོང་བའི་སྐྱོན་ཡིན་པར་སྙམ།
       སྲོང་བཙན་སྔོན་གྱི་ལོ་རྒྱུས་དེ་དག་ལྷ་སྒྲུང་གི་རྣམ་པ་དང་འདྲེས་དྲགས་པས་དཔྱད་གཞིའི་རིན་ཐང་མེད་པ་ཞིག་ཡིན་ཞེ་ན། འོ་ན་རྒྱ་བལ་གྱི་བཙུན་མོ་གཉིས་འོད་དུ་ཞུ་ནས་སྲོང་བཙན་ལ་ཐིམ་ཞིང་། སྲོང་བཙན་འོད་དུ་ཞུ་ནས་ལྷ་ལ་ཐིམ་ཚུལ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ལྷ་འདྲེ་རྣམས་ཀྱིས་ལས་ཀ་བྱས་ཚུལ་སོགས་ལྷ་སྒྲུང་གི་རྣམ་པ་དེ་སྲོང་བཙན་གྱི་སྔོན་དང་རྗེས་སུ་བྱུང་བའི་ལོ་རྒྱུས་ཁག་ལ་མང་ཉུང་མེད་པ་ཞིག་བྱུང་འདུག་པས། དེ་ལྟར་ན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཐམས་ཅད་དཔྱད་གཞིའི་རིན་ཐང་མེད་པར་ཁས་ལེན་དགོས་འདུག་པས་དེ་ལས་མཚང་ཆེ་བ་ཅི་ཡོད། 
        ལྷ་སྒྲུང་གི་རྣམ་པ་ལྟ་བུའི་བཤད་སྲོལ་དེ་དག་ནི་བོད་ཡུལ་གཅིག་པུ་ཙམ་མ་ཡིན་པ་འཇིག་རྟེན་གྱི་ཡུལ་གྲུ་ཀུན་ལ་ཁྱད་མེད་དུ་བྱུང་འདུག ཀྲུང་གོའི་ལོ་རྒྱུས་རིག་པའི་མཁས་དབང་སྐུ་ཞབས་ཅན་པའེ་ཙན་ལགས་ཀྱིས་བརྩམས་པའི་ཀྲུང་གོའི་ལོ་རྒྱུས་སྤྱི་དོན་ཞེས་པ་ལས་རང་རྒྱལ་གྱི་གནའ་བོའི་ཡིག་ཆའི་ནང་དུ་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཉར་ཚགས་བྱེད་ཐུབ་ཡོད་པ་དེ་དག་གིས་ཀྱང་བསྐལ་བ་ཡ་ཐོག་གི་ཀྲུང་གོའི་ལོ་རྒྱུས་རྣམ་པ་རགས་ཙམ་སྟོན་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་ནས།   དཔེ་རྙིང་ནང་གི་གཏམ་རྒྱུད་ཁ་ཤས་དྲངས་ཏེ་ཀྲུང་གོའི་གནའ་བོའི་ལོ་རྒྱུས་ལ་འགྲེལ་བཤད་གནང་ཡོད་པ་ལྟར། ང་ཚོ་བོད་ཀྱི་དཔེ་རྙིང་དག་ལས་ཀྱང་ལྷ་སྒྲུང་དང་གཏམ་རྒྱུད་སོགས་དང་ཅུང་ཟད་འདྲེས་པའི་གནའ་རབས་ཀྱི་ལོ་རྒྱུས་སྐོར་མང་པོ་ཞིག་མཐོང་རྒྱུ་ཡོད་པ་འདི་རྣམས་ནི་གནའ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པ་ལ་བླ་ན་མེད་པའི་དཔྱད་གཞའི་རིན་ཐང་ལྡན་པ་རེད་སྙམ། 
         གཅིག བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་སྐོར། 
        དེང་སྐབས་འཛམ་གླིང་རྒྱལ་ཁབ་ཐམས་ཅད་ཀྱི་མཁས་པ་རྣམས་ཀྱིས་འཇིག་རྟེན་འདིར་འགྲོ་བ་མིའི་རིགས་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་པ་ངོས་འཛིན་གནང་ཡོད་པ་དང་། རང་རེ་ཀྲུང་གོའི་ལོ་རྒྱུས་ལ་ཆ་མཚོན་ནས་བཤད་ན་ཡུན་ནན་ཞིང་ཆེན་གྱི་ཡོན་མོའི་ས་ཁུལ་དུ་སྤྲ་མི་བྱུང་ནས་ལོ་ངོ་ས་ཡ་གཅིག་དང་བདུན་འབུམ་ལྔ་ཁྲི་ལྷག་ཙམ་བྱུང་ཡོད་པ།   པེ་ཅིན་གྱི་གནའ་མི་བྱུང་ནས་ལོ་ངོ་ལྔ་འབུམ་ལྔ་ཁྲི་ལྷག་ཙམ་གྱི་ལོ་རྒྱུས་ངོས་འཛིན་གནང་ཡོད་ཅིང་། གདོད་མའི་མི་རྣམས་ལ་རང་བྱུང་ཁམས་ཀྱི་ནུས་པ་བེད་སྤྱོད་བྱེད་ཐུབ་པའི་ཤེས་ཡོན་མེད་སྟབས། འཚོ་བ་ཧ་ཅང་སྐྱོ་བོ་ཡིན་པ། མི་བཅུ་ཚོ་ཁ་ཤས་ཕྱོགས་གཅིག་ཏུ་བསྡོམས་ནས་ཚོ་ཤོག་ཆུང་ངུ་རེ་བྱས་ཏེ་རི་བོའི་ཞོལ་དང་། རྒྱ་མཚོའི་འགྲམ། ནགས་ཀླུང་གི་ཁྲོད་སོགས་སུ་འཁྱར་ཏེ་དབྱུག་པ་དང་རྡོ་སོ་ཙམ་གྱི་ལག་ཆ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་། ཤིང་འབྲས་ཟ་བ་བཅས་ཀྱི་འཚོ་བ་སྤྱད་པ་དང་། བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནང་དུ་མི་རྣམས་ཀྱིས་དུས་ཡིན་རིང་བོར་དཀའ་སྤྱད་ཀྱི་ངལ་རྩོལ་བྱས་ཏེ་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་མང་བོ་ཞིག་བསགས་ཡོད་པར་བརྟེན། རིམ་བཞིན་ཐབས་ཤེས་དང་ལག་རྩལ་ལ་ཡར་རྒྱས་ཏེ་ལག་ཆ་མཚོན་ཆ་ཅུང་ཟད་རེ་བཟོ་ཐུབ་པར་བྱུང་བས་འཚོ་བ་ཡང་རིམ་བཞིན་དུ་ཡར་རྒྱས་བྱུང་ཡོད་པ་ངོས་འཛིན་གནང་།
        བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་ཀྱང་སྤྲ་མི་རྣམས་ཀྱིས་ཐོན་སྐྱེད་ཀྱི་ནུས་ཤུགས་དམའ་བའི་སྤྱི་ཚོགས་ནང་དཀའ་སྡུག་ཆེ་བའི་འཚོ་བ་སྐྱེལ་ཚུལ་འཁོད་ཡོད་པ་དཔེར་ན། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།   ། མ་སྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། ། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། ། ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། ། ཞེས་པ་ཚན་རིག་གི་ལྟ་བ་དང་ཆེས་མཐུན་པར་གསུངས་ཡོད་པ་མ་ཟད།   གཞན་ཡང་ལྷ་སྒྲུང་གི་རྣམ་པ་དང་ཅུང་ཟད་འདྲེས་པ་དཔེར་ན། རྒྱལ་རབས་གསལ་བའི་མེ་ལོང་ལས། འགྲོ་བ་རིགས་དྲུག་ནས་འཕོས་པའི་སྤྲེའུ་ཕྲུག་དྲུག་བྱུང་བ་དེ་དག་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་ཤིང་ཐོག་མོད་པའི་ནགས་ཁྲོད་ཅིག་ཏུ་བསྐྱལ་ནས་ལོ་གསུམ་བཞག་གོ།   ། ལོ་གསུམ་ལོན་པ་དང་སྤྲེའུ་བྱང་ཆུབ་སེམས་དཔའ་བལྟ་རུ་ཕྱིན་པས།  ལས་ཀྱི་དབང་གིས་སྤྲེའུ་ཕྲུག་ལྔ་བརྒྱར་འཕེལ་ནས་ཤིང་ཐོག་རྣམས་ཟད།  གཞན་ཟ་རྒྱུ་མེད་ནས་ཕ་མས་ཅི་ཡང་མ་ཟོས་ཀྱང་སྤྲེའུ་ཕྲུག་རྣམས་ལག་པ་གདེངས་ལ་ཉམ་ཐག་གི་སྐད་ཕྱིན་ནས་འཕགས་པ་ལ་ཞུས་པ་སོགས་འཁོད་ཡོད་པ་འདི་དག་གིས་ཀྱང་གདོད་མའི་སྤྱི་ཚོགས་ཀྱི་ནང་དུ་བོད་མིས་འཚོ་བ་སྤྱོད་ཚུལ་གྱི་རྣམ་པ་རགས་ཙམ་ཞིག་མཚོན་ཐུབ་ཡོད།
        ང་ཚོས་ལོ་ངོ་སྟོང་ཕྲག་གི་གོང་དུ་བཤད་པའི་སྤྲ་དང་སྤྲེའུ་འདུས་པ་ལས་མི་བྱུང་ཡོད་ཚུལ་དང་། དབྱིན་ཇིའི་མཁས་པ་ཏར་ཝུན་གྱིས་སྤྱི་ལོའི་དུས་རབས་བཅུ་དགུ་བའི་ནང་དུ་བཤད་པའི་སྤྲ་ལས་མི་བྱུང་ཚུལ་གཉིས་ལ་རིག་པའི་འགྲོ་ཕྱོགས་ཀྱི་རྩ་བའི་ཆ་ནས་བཤད་ན་ཁྱད་པར་མེད་ཀྱང་། བཤད་ཚུལ་གྱི་ཆ་ནས་ཚན་རིག་གི་དཔང་རྟགས་ཆེ་ཆུང་ཡོད་པ་ནི་སོ་སོའི་དུས་སྐབས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་གཞི་མི་འདྲ་བའི་དབང་གིས་བྱུང་བ་ཡིན་པ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས་གསལ་བ་ལྟར་རེད། 
       འོ་ན་དབྱིན་ཇིའི་མཁས་པ་ཏར་ཝུན་ལགས་ཀྱིས་དུས་རབས་བཅུ་དགུ་པའི་ནང་དུ་བཤད་པའི་ལྟ་བ་དེ་དེང་དུས་འཛམ་གླིང་ན་ཡོངས་གྲགས་སུ་ཆགས་ཡོད་ལ། བོད་མིས་བཤད་སྲོལ་དེ་ཡོངས་གྲགས་སུ་ཁྱབ་མི་ཐུབ་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལ་གཙོ་བོའི་འགོགས་རྐྱེན་གཉིས་ཏེ། ༡ བོད་ཡུལ་འདིར་ས་ཁད་མཐོ་ལ་གྲང་ལྷགས་ཆེ་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། གྲོང་སྡེ་ཁ་འཐོར་བ་བཅས་ཀྱི་དབང་གིས། ཕྱི་ཕྱོགས་ཀྱི་མི་རྣམས་འགྲོ་འོང་ཉུང་བ་དང་། ཤེས་བྱ་རིག་གནས་སྐོར་ལ་ཕན་ཚུན་ལབ་གླེང་བྱེད་རྒྱུའི་གོ་སྐབས་དེ་ལས་ཀྱང་དཀོན་པོ་ཡིན་པ་རེད། ༢ བོད་རང་གི་ཡུལ་གྱི་མཁས་པ་རྣམས་ཀྱིས་རང་རིགས་ཀྱི་ལོ་རྒྱུས་དང་། ཤེས་རིག་ལག་རྩལ་བཅས་ཀྱི་སྐོར་ལ་དྲིལ་བསྒྲགས་བྱེད་རྒྱུད་དེ་རང་གི་ལུང་བ་དང་གྲོང་སྡེའི་ནང་ལའང་ཚོད་འཛིན་གྱི་སྒོ་ནས་བྱེད་པ་ཙམ་ལས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་རྒྱུའི་གོམས་སྲོལ་དེ་བས་ཀྱང་མེད་སྟབས། གནའ་མི་རྣམས་ཀྱིས་གསར་གཏོད་གནང་བའི་ཤེས་རིག་གི་སྐོར་རྣམས་ཡིག་ཐོག་ཏུ་འཁོད་ཐུབ་ཙམ་ལས་དྲིལ་བསྒྲགས་དང་དར་སྤེལ་ཆེ་བ་ཞིག་བྱུང་མེད་པ་དང་། ལྷག་པར་དུ་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་བོད་ཀྱི་མཁས་པ་ཚོས་བློ་སྟོབས་གང་ཡོད་ཀྱི་རྩལ་ཕྱུང་ནས་འཆད་རྩོད་རྩོམ་གསུམ་སོགས་ཆོས་དང་འབྲེལ་བ་ཡོད་པའི་བྱ་བ་ཁོ་ནས་དུས་འདའ་བར་མཛད་དེ་གནའ་རབས་ཀྱི་ལོ་རྒྱུས་དང་ལག་རྩལ་སྐོར་གྱི་ཤེས་རིག་གི་ཡིག་ཆ་དེ་དག་ཇེ་ཉུང་དུ་སོང་བ་མ་ཟད། འགའ་ཞིག་རྩ་བརླག་དང་རྒྱུན་ཆད་དུ་འགྲོ་བཞིན་ཡོད་པ་དཔེར་ན། དེང་དུས་བོད་ཡུལ་ཁོ་ན་ལས་མཐོང་རྒྱུ་མེད་པའི་རིན་པོ་ཆེ་གཟི་ཞེས་པ་དེ་རྒྱུ་ཆ་གང་གིས་བཟོས་པ། བཟོ་སྟངས་གང་འདྲ་ཡིན་པ་སོགས་ཀྱི་ཤེས་བྱ་སྐོར་རྩ་བ་ཉིད་ནས་བརླགས་ཟིན་པ་མ་ཟད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཀླུ་ཡིས་ཕུལ་ཡོང་བའི་ནོར་བུ་ཡིན་ཞེས་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་ཕྱི་ཤུན་མཛེས་པོ་ཞིག་གཡིས་གཡོགས་ཤིང་དད་པ་བརྟན་པོ་ཞིག་གིས་ཁ་བསྡམས་ནས་མགུལ་དུ་བསྐོན་ཏེ་གཉིད་ལ་ཡུར་ཡོད་པ་འདི་ལྟ་བུ་རེད།
        གཞན་ཡང་བོད་ཀྱི་དཔེ་རྙིང་རྣམས་ལ་འཁོད་པའི་བསྐལ་བ་ཡ་ཐོག་གི་འབྱུང་ཁུངས་བཤད་པ་རླངས་ཀྱི་པུ་ཏི་བསེ་རུ་ལས། འབྱུང་བ་ལྔ་ཡི་སྙིང་པོ་ལས་སྲིད་པའི་སྒོ་ང་ཆགས་ཏེ། དེ་ལས་རིགས་དྲུག་གི་སེམས་ཅན་བྱུང་ཚུལ་གསུངས་པ་ཞིབ་འཇུག་གནང་བའི་བརྒྱུད་རིམ་ནང་དགོས་མཁོ་ཡོད་པའི་དཔྱད་གཞི་ཞིག་ཏུ་མཐོང་སྟེ།   དེང་དུས་ཚན་རིག་པ་རྣམས་ཀྱིས་སྲོག་ཆགས་ཀྱི་ཐོག་མ་གྲུབ་ཚུལ་དེ་རྡུལ་ཕྲ་ཕུང་མང་པོ་ཞིག་ཚོགས་ནས་དེ་ལ་རང་བྱུང་ཁམས་ཀྱི་བརླན་དྲོད་སོགས་ཀྱི་རྒྱུ་འབྱུང་བ་ཞེས་པ་དེའང་ས་རྡུལ། ཆུ་རྡུལ། མེ་རྡུལ། རླུང་རྡུལ། དབྱིངས་བཅས་ངོ་བོ་དང་བྱེད་ལས་ཐ་དད་པའི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དེ་དག་ལ་ཟེར་ཞིང་ཡོད་པ་རེད། དེ་ལྟར་འབྱུང་བའི་རྡུལ་རིགས་མི་འདྲ་བ་དུ་མ་ཚོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་སྲོག་ཆགས་ཀྱི་དངོས་པོ་བསྐྱེད་ནུས་པ་ནི་དངོས་པོའི་ཆོས་ཉིད་ཅིག་ཡིན་ཏེ། དཔེར་འབྱུང་རྡུལ་དུ་མ་ཚོགས་པའི་ཕ་མའི་ས་བོན་གཉིས་ལྷན་ཅིག་ཏུ་འདུས་པ་ལ། མའི་ལུས་ཀྱི་དྲོད་དང་ཁ་ཟས་སོགས་ཀྱིས་རྐྱེན་བྱས་ཏེ་མངལ་གནས་དེ་ཉིད་རིམ་བཞིན་ནུར་ནུར་བོ་དང་། ཞོ་ཆགས་པ་ལྟ་བུ་དང་། གོར་གོར་མེ་མེར་ལ་སོགས་པའི་རྣམ་པར་འགྱུར་ཏེ་མཐར་སྲོག་ཆགས་ཀྱི་རྣམ་པར་གྱུར་བ་རེད། དེ་ཡང་རྒྱུ་རྐྱེན་མི་འདྲ་བའི་དབང་གིས་བྱ་ཡི་ཁོངས་སུ་སྒོ་ངར་ཆགས་པ་དང་། མི་སོགས་སྲོག་ཆགས་གཞན་གྱི་ཁོངས་ནས་རིགས་མཐུན་གྱི་རྣམ་པར་ཡོང་ཡོད་པ་འདི་དག་ལ་བརྟགས་ན། སྲོག་ཆགས་རིག་པ་ལ་ཞིབ་འཇུག་གནང་བའི་ཚན་རིག་པ་རྣམས་ཀྱིས། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་དང་ལྡན་པའི་བོན་གྱི་ལྟ་བ་འདི་ལ་ཐུགས་དཔྱད་རེ་གནང་འོས་པར་སྣང་།
          གཉིས། མངའ་མཛད་ཐོག་མར་བྱུང་ཚུལ་གྱི་སྐོར། 
         མངའ་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མི་ཡིས་མི་ལ་དབང་བསྒྱུར་བྱེད་པའི་དུས་རབས་ཀྱི་འགོ་ཚུགས་པ་ལ་ཟེར། དེ་ནི་བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་འགོ་ཚུགས་པའི་དུས་རབས་སུ་བྱུང་ཡོད་ལ། རང་རེ་བོད་ཀྱི་ཡུལ་འདིར་མངའ་མཛད་ཐོག་མར་བྱུང་ཚུལ་བོད་ཀྱི་ཡིག་ཆ་རྙིང་བ་བཀའ་ཐང་སྡེ་ལྔ་དང་རྒྱ་བོད་ཆོས་འབྱུང་རྒྱས་པ། མཁས་པའི་དགའ་སྟོན། བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སོགས་སུ་འཁོད་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ལས་བོད་ཀྱི་ལོ་རྒྱུས་དེ་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་བརྒྱུད་དེ་བྱུང་ཚུལ་དང་། སྐབས་སོ་སོའི་མི་སེར་གྱི་འཚོ་བའི་རྣམ་པ་རགས་རིམ་ཙམ་ཤེས་རྟོགས་བྱེད་ཐུབ །
       བོད་ཀྱི་ཡུལ་འདིར་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་གླང་དར་མའི་བར་ཧ་ལམ་ལོ་ངོ་གཅིག་སྟོང་ལྷག་ཙམ་གྱི་རིང་ལ་མི་ཚང་གཅིག་གི་རུས་བརྒྱུད་ཀྱིས་བར་མ་ཆད་པར་དབང་བསྒྱུར་བྱས་ཡོད་སྟབས། སྲོང་བཙན་གོང་གི་རྒྱལ་རབས་རྣམས་ཀྱིས་དར་སྤེལ་གནང་བའི་བོན་གྱི་ཤེས་རིག་གི་རིག་གཞུང་དེ་དག་རྒྱལ་རབས་རྗེས་མ་རྣམས་ཀྱི་སྐབས་སུ་མེ་ལ་བསྲེག་པ་དང་མཆོད་རྟེན་འོག་ཏུ་གནན་པ་སོགས་ཐབས་ཅི་དྲག་གིས་མེད་པར་བྱེད་རྒྱུའ་ཆབ་སྲིད་ཀྱི་འོས་འགན་ཞིག་བབས་ཡོད་ནའང་། མེས་པོ་གོང་མ་རྣམས་ཀྱི་མཚན་བྱང་དང་། མཛད་རྗེས་རགས་རིམ་ཙམ་འདོར་ཐབས་མེད་པར་ཡིན་སྟབས། རང་རེའི་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་སུ་འཁོད་ཡོད་པ་རེད།
འདིར་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱིས་དབང་བསྒྱུར་མཛད་པའི་བོད་ཡུལ་ཞེས་པ་དེ་ནི་དེང་དུས་ཀྱི་ལྷོ་ཁའི་ཕྱོགས་དང་དེའི་ཉེ་སྐོར་གྱི་ས་ཁུལ་ཁ་ཤས་ཤིག་ལ་ཟེར་ཤིང་ཡོད་པ་འདྲ། སྟོད་ཀྱི་མངའ་རིས་སྐོར་གསུམ་སོགས་ཞང་ཞུང་གི་ཡུལ་དང་སྨད་མདོ་ཁམས་ཀྱི་ཡུལ་གྲུ་རྣམས་ལ་ཚོ་ཤོག་རེ་ལ་དཔོན་མགོ་རེས་དབང་བསྒྱུར་བྱས་ཏེ་གནས་ཡོད་ཚུལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་ལྷག་པར་དུ་ཏུན་ཧོང་གི་ཡིག་ཆ་རྣམས་ལས། ཡབ་གནམ་རི་སྲོང་བཙན་གྱི་སྐབས་སུ་དབུས་ཕྱོགས་ཀྱི་ཟིང་པོ་རྗེ་དང་། གཙང་གི་རྒྱལ་པོ་མངར་མར་མུན། དྭགས་པོ་ས་ཁུལ་སོགས་མངའ་ཁོངས་སུ་བཅུག་སྟེ་བོད་ཁམས་ཡོངས་རྫོངས་གཅིག་གྱུར་བྱེད་པའི་རྨང་གཞི་ཙམ་བཏིངས་པའི་རྣམཔ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སྟོད་ཀྱི་མངའ་རིས་ནས་སྨད་ཀྱི་མདོ་ཁམས་བར་དུ་གནས་པའི་བོད་མི་ཡོངས་རྫོགས་གཅིག་གྱུར་བྱས་ཏེ་བོད་ཀྱི་ཡུལ་ཁམས་ཞེས་པ་འདི་བྱུང་ཡོད་པར་གསལ་བར་འཁོད་འདུག དེ་ལྟར་བོད་ཁམས་གཅིག་གྱུར་བྱས་པ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཆབ་སྲིད་དང་། རིག་གནས་ཐམས་ཅད་ཆུ་དང་འོ་མ་འདྲེས་པ་ནང་བཞིན་གྱི་འབྲེལ་བ་གྲུབ་སྟབས། དེ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས་ཐམས་ཅད་དཀྱུས་གཅིག་ཏུ་བཀོད་ཡོད་པ་རེད།
          འོན་ཀྱང་བོད་ཁམས་གཅིག་གྱུར་མ་བྱུང་བའི་སྔོན་གྱི་ཡུལ་གྲུ་སོ་སོ་དང་འབྲེལ་བའི་ལོ་རྒྱུས་རེ་ཡོད་སྲིད་ཀྱང་། དེང་འདིར་མཐོང་རྒྱུ་ཡོད་པ་ནི་ཞང་ཞུང་གི་ཤེས་རིག་དང་ལོ་རྒྱུས་ཁོ་ན་ཙམ་དུ་ཟད། ཞང་ཞུང་ཡུལ་དུ་བོན་གྱི་སྟོན་པ་གཤེན་རབ་བྱོན་ནས་བོན་དང་རིག་གནས་མང་པོ་ཞིག་དར་སྤེལ་བྱས་སྟབས། བོད་ཀྱི་རིག་གནས་ལ་དར་རྒྱས་བྱུང་སྔ་ཤོས་དེ་སྟོད་ཀྱི་མངའ་རིས་སྐོར་གྱི་ཡུལ་འདི་ཡིན་པར་ངེས།
 གོང་གསལ་ཆོས་འབྱུང་ཁག་གི་ཚིག་དོན་དག་ལ་དཔྱད་ན། གཉའ་ཁྲིའི་གོང་དུ་བྱུང་བའི་མངའ་མཛད་གནོད་སྦྱིན་དང་། བདུད་དང་། སྲིན་པོ་ལ་སོགས་པ་འདི་དག་དུས་རབས་ཀྱི་མིང་ཡིན་པ་ལས། གང་ཟག གནོད་སྦྱིན་དང་། བདུད་དང་། སྲིན་པོ་ལ་སོགས་པ་འདི་དག་དུས་རབས་ཀྱི་མིང་ཡིན་པ་ལས། གང་ཟག་ཅིག་གི་མིང་མ་ཡིན་པ་ཤེས་དགོས་ཏེ།   འདི་དག་ནི་རིགས་ཀྱི་མིང་ཡིན་པའི་ཕྱིར། དཔེར་ན། ལྷ་དང་། མི་དང་། ལྷ་མ་ཡིན་ཞེས་སོགས་བགྲངས་པ་བཞིན་ནོ། ། ལུང་གིས་ཀྱང་གྲུབ་སྟེ། བོན་གྱི་བསྟན་འབྱུང་ལས། བསྐལ་བའི་དུས་རབས་ཆེན་པོ་དྲུག་ཙམ་བྱུང་། ཞེས་གསུངས་པའི་ཕྱིར། འོ་ན་དུས་རབས་དེ་དག་ལ་དབང་བསྒྱུར་བྱེད་པོ་གང་གང་ཞེ་ན། གོང་དུ་ཞུས་པ་ལྟར་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་བོན་གྱི་ཤེས་རིག་དང་ལོ་རྒྱུས་རྣམས་བསུབ་ཅི་ཐུབ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་གའན་ཞིག་ཡིན་པ་དང་། དབང་མཛད་འདི་དག་བཙན་པོ་རང་གི་རིགས་རུས་ཀྱི་བརྒྱུད་པ་མ་ཡིན་པའི་ཕྱིར་ན་མཚན་དང་རིགས་རུས་ཀྱི་ལོ་རྒྱུས་ཐམས་ཅད་བསུབ་རྐྱང་གནང་ཟིན་པར་ངེས། ཡིན་ནའང་བདེན་ལུང་བ་གཉིད་དེ་ཕུགས་ཐག་རིང་ཟེར་བའི་དཔེ་ལྟར། གནའ་བོའི་དུས་དུས་དུས་རབས་དི་འདྲ་བྱུང་མྱོང་ཡོད་པ་གྲོང་མི་རྒན་པོ་ཡན་གྱི་ཁ་ནའང་འཇགས་ཡོད་སྟབས་བོད་ཁམས་སིལ་བུར་འཐོར་བའི་སྐབས་སུ་བོད་ཀྱི་ཆོས་ལུགས་ཁག་ལ་རང་དབང་ཅུང་ཟད་རེ་བྱུང་བ་དང་བསྟུན། ལོ་རྒྱུས་མཁན་པོ་རྣམས་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཡིག་ཚང་དག་ཏུ་བཀོད་ཡོད་པ་འདི་རིན་ཐང་ཆེ་བའི་དཔྱད་གཞི་རུ་མཐོང་། 
           གནོད་སྦྱིན་དང་། བདུད་དང་། སྲིན་པོ་ལ་སོགས་དེ་དག་ནི་མི་མ་ཡིན་པའི་ལྷ་སྲིན་སྡེ་བརྒྱད་ཡིན་སྟབས། བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་ཇི་ལྟར་འབྲེལ་ཞེ་ན། འདི་ནི་གནའ་བོའི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ་བོད་འབངས་རྣམས་དུས་རྟག་ཏུ་མནར་གཅོད་ཀྱི་སྡུག་བསྔལ་དྲག་པོས་མནར་བའི་འཚོ་བ་མྱོང་དགོས་པའི་རྣམ་པ་དེ་དུས་རབས་ཀྱི་མིང་གིས་མཚོན་ཡོད་པ་ཞིག་རེད། བྲན་གཡོག་ལམ་ལུགས་སྤྱི་ཚོགས་ནང་དུ། སྡེ་ཤོག་བར་ཕན་ཚུན་གཡུལ་འགྱེད་ཅིང་། ཕ་རོལ་གྱི་མི་རྣམས་འཛིན་བཟུང་བྱས་ཏེ་རང་གི་བྲན་གཡོག་ཏུ་བཀོལ་ཞིང་། རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་སྒོ་ནས་ས་ཞིང་རྨོ་བ་དང་། ཕྱུག་ཟོག་འཚོ་སྐྱོང་སོགས་ཀྱི་ལས་ཀ་ཁོ་ན་བྱེད་དེ། མི་ཚེ་ཧྲིལ་བོར་ནུས་ཤུགས་གང་ཡོད་དེ་བྲན་གཡོག་བདག་པོའི་ཆེད་དུ་གཏོང་ཞིང་ཡོད་ཀྱང་།   སྐབས་འགར་རྐྱེན་ཕྲན་ཚེགས་ཙམ་ལ་བརྟེན་ནས་ཡ་ང་སྙིང་རྗེ་མེད་པའི་རྡུང་རྡེག་དང་གསོད་གཅོད་བཻཡད་པ་བཅས་དུད་འགྲོ་ཕལ་བ་ཞིག་དང་འདྲ་བའི་འཚོ་བ་མྱོང་ཞིང་ཡོད་པའི་སྣང་ཚུལ་དེ་ལ་རྗེས་སུ་བྱུང་བའི་མི་རྣམས་ཀྱིས་སྐབས་དེའི་འགོ་བ་ཚོ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བདུད་དང་། སྲིན་པོ། བཙན་པོ་སོགས་ཀྱི་དུས་རབས་ཞེས་བཏགས་པ་ཡིན་ཏེ། བྱམས་དང་སྙིང་རྗེ་མེད་པའི་མི་ལ་བདུད་དང་སྲིན་པོ་སོགས་དང་འདྲ་བ། གདུག་རྩུབ་ཆེ་བའི་མི་ལ་བཙན་དང་འདྲ་བ། གནག་སེམས་ཆེ་བའི་མི་ལ་ཀླུ་དང་འདྲ་བ་སོགས་དེང་སང་ཡང་མི་རྣམས་ཀྱི་ཁ་ནས་གླེང་བཞིན་པ་འདིས་འཐུས།  
         དེ་ཡང་གནའ་རབས་བོད་མི་རྣམས་ཀྱི་བསམ་བློའི་ནང་དུ་རང་བྱུང་ཁམས་ཀྱི་ཕན་གནོད་ཐམས་ཅད་ལྷ་འདྲེ་ཞིག་གིས་བྱས་པ་ཡིན་པར་ངོས་འཛིན་བྱེད་ཅིང་ཡོད་ལ། དེ་ལའང་གནོད་པ་བྱེད་སྟངས་ཀྱི་སྒོ་ནས་དབྱེ་བ་མང་པོ་ཞིག་ཡོད་པ་དཔེར་ན། བདུད་དང་སྲིན་པོ་ཞེས་པ།   མི་གསོན་པོ་འཛིན་བཟུང་བྱེད་ཅིང་རང་གཡོག་ཏུ་བཀོལ་ནས་རིམ་བཞིན་ཟ་ཞིང་ཡོད་པ་ཞིག་དང་། བཙན་ཞེས་པ། མི་གསོན་པོའི་གློ་སྙིང་འཕྲལ་དུ་ལེན་ནས་ཟ་བའམ། ཡང་ན་འཛིན་བཟུང་བྱས་ཏེ་རང་གི་སྣ་འདྲེན་དུ་ཁྲིད་ཅིང་ཡོད་པ། ཀླུ་ཞེས་པ། འགྲས་ཡ་གྱུར་ན་མི་རབས་ནས་མི་རབས་བརྒྱུད་དེ་ནད་ཡམས་སྟེ་མཐར་མི་རྒྱུད་ཆད་པར་བྱེད་པ་སོགས་གནོད་འཚེ་འབྱུང་སྟངས་མི་འདྲ་བ་རེ་བྱེད་པའི་ལྷ་འདྲེ་རེ་ཡོད་པར་བསམ་ཞིང་ཡོད་པ་དེ་ནི་གདོད་མའི་མི་ལ་རང་བྱུང་ཁམས་ཀྱི་ནུས་པ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་རྒྱུའི་གོ་རྟོགས་མེད་སྟབས་ཕན་གནོད་ཐམས་ཅད་བྱེད་པོ་ལྷ་་འདྲེ་ཞིག་ཡོད་པའི་བསམ་བློ་དེ་བྱུང་བ་རེད། བྲན་གཡོག་བདག་པོས་རང་གི་བྲན་གཡོག་རྣམས་ལ་མི་ཡི་བསམ་སྤྱོད་ལས་འདས་པའི་སྡུག་བསྔལ་སྣ་ཚོགས་ཤིག་བཟོས་སྟབས། དེ་དང་འདྲ་མཚུངས་ཀྱི་དཔེར་འོས་པའི་བྱ་སྤྱོད་གནའ་མིའི་ངག་རྒྱུན་དུ་ཡོད་པའི་བདུད་དང་འདྲེ་སྲིན་དག་ལས་མེད་པའི་ཕྱིར་ན་འདིར་དུས་རབས་སོ་སོའི་མང་དུ་བེད་སྤྱོད་བྱས་པ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་རང་ཤུགས་ཀྱིས་བློ་ཡུལ་དུ་འཆར་ཐུབ་པའི་ལོ་རྒྱུས་སྡོམ་ཚིག་ཅིག་རེད། གཞན་ཡང་དུས་རབས་སོ་སོའི་སྐབས་སུ་ངལ་རྩོལ་མི་དམངས་རྣམས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་དཔང་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པ་དང་། མངའ་མཛད་སོ་སོས་གཙོ་བོ་ཡུལ་གྲུ་གང་ལ་དབང་བསྒྱུར་བྱས་ཡོད་པ། སྔ་རྟགས་ཀྱི་མཚོན་ཆ་བྱུང་ཚུལ་དང་། ཡུལ་གྱི་མིང་འདོགས་ཚུལ་ལ་བརྟེན་ནས་ཞིབ་འཇུག་བྱེད་འོས་པ་དང་བྱེད་རིན་ཡོད་པ་ཞིག་རེད། 
                  གསུམ། མངའ་མཛད་ཐོག་མར་བྱུང་དུས་ཀྱི་སྐོར།
            སྤྱིར་འཇིག་རྟེན་འདིར་མི་ཡིས་མི་ལ་དབང་བསྒྱུར་བྱེད་པིའ་དཔོན་གཡོག་གི་རྣམ་པ་དེ། བསྐལ་བ་ཡ་ཐོག་གི་མཇུག བྲན་གཡོག་ལམ་ལུགས་ཀྱི་འགོ་ཚུགས་པ་ནས་བྱུང་ཡོད་པ་བཞིན། རང་རེ་བོད་ཀྱི་ཡུལ་འདིར་ཡང་དཔོན་གཡོག་མེད་པ་ནས་ཡོད་པའི་ལམ་ལུགས་བྱུང་ཚུལ་ལོ་རྒྱུས་དེབ་ཐེར་ཁག་ལ་འཁོད་ཡོད་པ་གོང་གསལ་ལྟར། དེ་དུས་བོད་ཁམས་མི་ལ་རྗེ་མེད་པས། ། རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས། ། གོས་དང་ཁ་ཟས་བཙན་མཁར་ནོར་བུ་བཅུག །   རྒོལ་དུ་མི་ཐུབ་དམག་གྲངས་ཉུང་བའི་དུས། ། རང་ལ་དབང་མེད་ཚོགས་རྒྱབ་སྲབ་བའི་དུས། །   བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། ། སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་། ། ཞེས་གསུངས་ཡོད་པ་རེད། ཡིན་ནའང་འདིར་འཁོད་པའི་མངའ་མཛད་གནོད་སྦྱིན་ནག་པོ་སོགས་བྱུང་ནས་ད་ཕན་ལོ་གྲངས་གང་ཙམ་ཞིག་སོང་བ་གསལ་པོར་བཤད་དཀའ་ནའང་། སྤྱི་ཚོགས་འཕོ་འགྱུར་གྱི་ཆོས་ཉིད་དང་།   དེང་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་འོག་ནས་ཐོན་པའི་དངོས་རྫས་སོགས་ལ་གཞིགས་ནས་མཐའ་དཔྱད་རེ་ཞུས་ན་རགས་ཙམ་རྟོགས་ཐུབ།
དེ་ཡང་དུས་རབས་འདི་དག་གི་ལོ་ཚུགས་དཔྱད་པ་ལ། ཐོག་མར་བོན་གྱི་སྟོན་པ་གཤེན་རབ་དང་། སྤུ་རྒྱལ་གཉའ་ཁྲི་བཙན་པོ་གཉིས་ཀྱི་དུས་རབས་དེ་ཧ་ལམ་ཙམ་ཞིག་ངེས་པར་བྱེད་རྒྱུ་དེ་གལ་ཆེན་པོ་ཞིག་རེད།
༡ བོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་ལས་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་ལོ་ཤིང་བྱི་ཡིན་པ་གཅིག་མཐུན་དུ་བསྟན་འདུག་པ། ལེགས་བཤད་རིན་པོ་ཆེིའ་མཛོད།   ༼པེ་ཅིན་པར་མ་ཤ་༣༧ཕ༢༡༽ལས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམས་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་དང་། གཡུང་དྲུང་བོན་གྱི་བསྟན་འབྱུང་།   ༼ལྷ་སའི་པར་མ་ཤ་༦༥ཕ༢༡༽ལས། དགུ་པ་ལོ་རྒྱལ་ཤིང་པོ་བྱི་བ་ཡི། ། དཔྱིད་ར་མེ་སྟག་ཟླ་བའི་ཉ་ཚེས་ཀྱི། ། ནམ་ལངས་ཐོག་མ་ལག་རིས་མཐོང་གསལ་དུས། ། ཡུམ་གྱི་གློ་གཡས་གཡུང་དྲུང་རིལ་བརྡོལ་ནས། ། ངོ་མཚར་བྱེ་བའི་ལྟས་གྱིས་མདུན་བསུས་ཏེ། ། གཟུགས་སྐུའི་མཚན་དཔེ་རྣམ་པར་བཞད་པ་ནས།   ཞེས་སོགས་དང་། གཞན་ཡང་བོན་གྱི་ལོ་ཐོ་རྙིང་བའི་བསྟན་རྩིས་ལས། ཤིང་བྱི་གཅིག་དཀར་སྟག་ཟླ་བའི། ། ཡར་ཚེས་བཅོ་ལྔའི་དུས་བཟང་ཉིན། ། རྫུས་ཏེ་བལྟམས་པ་ཕྱིན་གྱི་ལོ། ། ཞེས་སོགས་གསུངས་ཡོད་ཀྱང་གཤེན་རབ་འཁྲུངས་ནས་དེང་དུས་ཀྱི་བར་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཙམ་ཞིག་སླེབས་ཡོད་པར་ངོས་འཛིན་གནང་གིན་འདུག་པས་དེ་ནི་བོན་ལུགས་ཀྱི་ལོ་བརྩི་ཚུལ་གཞན་ཞིག་ཡོད་པ་འདྲ་མ་གཏོགས་ལོ་རྒྱུས་ཀྱི་དོན་དངོས་དང་བསྟུན་ནས་བཤད་ཐབས་མེད་པ་ཞིག་རེད།
      བོད་ཀྱི་མཁས་པ་ཕལ་མོ་ཆེས་སངས་རྒྱས་ཤྰཀྱ་ཐུབ་པ་དང་བོན་གྱི་སྟོན་པ་གཤེན་རབ་གཉིས་དུས་རབས་གཅིག་གི་མི་ཡིན་པར་གསུངས་ཡོད་པ། དཔེར་ན། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱི་ཡི་ཁོག་འབུབ་གཏན་པ་མེད་པའི་མཆོད་སྦྱིན་དཔེ་རྙིང་ལྡེབ་༡༧༦པའི་རྒྱབ་ཏུ་ལྷ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ།   བོན་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད། ཅེས་དང་། བོན་པོ་ནི་སངས་རྒྱས་ཤྰཀྱ་ཐུབ་པ་དང་དུས་མཉམ་དུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ། ། ཞེས་སོགས་གསུངས་ཡོད་པ་རེད། 
   བོད་འདིར་སངས་རྒྱས་ཤྰཀྱ་ཐུབ་པ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ངོས་འཛིན་ཚུལ་མི་འདྲ་བ་བཅུ་ལྷག་ཙམ་བྱུང་འདུག་ཀྱང་དེང་དུས་ཡོངས་གྲགས་སུ་ཕུག་མཚུར་གྱི་ལུགས་གཉིས་པོ་འདི་ལ་ངོས་འཛིན་གནང་མཁན་མང་ཤོས་རེད། ཡིན་ནའང་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་དགོངས་བཞེད་ནི་དེང་དུས་འཛམ་གླིང་སྤྱི་ལ་ཡོངས་གྲགས་ཀྱི་བརྩི་སྲོལ་རྒྱ་གར་གནས་བརྟན་སྡེ་པའི་ལུགས་འདི་ཡིན་ལ། འདི་ཉིད་ཁོ་ན་དོན་ལའང་གནས་པར་མཐོང་།
ལུགས་འདིའི་སངས་རྒྱས་འཁྲུངས་འདས་ཀྱི་ལོ་ཚིགས་ནི། སྤྱི་ལོའི་སྔོན་གྱི་༦༢༥པའི་མེ་སྤྲེལ་ལོར་སྐུ་བལྟམས། ༥༤༥པའི་མེ་འབྲུག་ལོར་མྱ་ངན་ལས་འདས། ༥༤༤པའི་མེ་སྦྲུལ་ལོར་ལུགས་འདིའི་སྟོན་པའི་འདས་ལོའི་འགོ་ཚུགས་པ་ཡིན། དུས་རབས་དེའི་སྐབས་ཀྱི་སྨེ་བ་གཅིག་དཀར་བའི་ཤིང་བྱི་ནི། སངས་རྒྱས་མ་འཁྲུངས་གོང་གི་ལོ་ངོ་སོ་གཉིས་པ་སྤྱི་ལོའི་སྔོན་གྱི་༦༥༧པའི་ལོ་དེ་ཡིན། སྤྱི་ཚོགས་འཕེལ་ཕྱོགས་ཀྱི་རྣམ་པ་ལ་བརྟགས་ནའང་སྐབས་དེར་ཡིན་པར་གྲུབ་སྟེ། བོད་ཀྱི་སྟོན་པ་གཤེན་རབ་དང་། རྒྱ་གར་གྱི་ཤྰཀྱ་ཐུབ་པ།   རྒྱ་ནག་གི་ཁུང་ཕུ་ཙི་རྣམས་ཀྱི་གསུང་ལ་བརྟགས་ན་བློ་རྩེའི་གཏད་ཕྱོགས་དང་། བསམ་བློའི་འཁོར་ཕྱོགས་དེ་ཧ་ཅང་འདྲ་བོ་འདུག ཡིན་ནའང་སོ་སོའི་ཆ་རྐྱེན་མི་འདྲ་བ་དང་། དུས་རབས་མི་འདྲ་བའི་ནང་དུ་འཕྲིན་ལས་རྒྱ་ཆེ་ཆུང་བྱུང་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཅིག་རེད། ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ཨེ་ཤ་ཡའི་གླིང་དུ་གནས་པའི་མི་རིགས་འདི་དག་ལ་དུས་རབས་རིམ་བྱུང་གི་ནང་དུ་སྔོན་ཐོན་དང་རྗེས་ལུས་ཀྱི་རྣམ་པ་ཆེས་གསལ་པོ་ཞིག་བྱུང་ཡོད་ནའང་། སྤྱིར་བཏང་འཇིག་རྟེན་འཕོ་འགྱུར་གྱི་འགྲོ་ཕྱོགས་ལ་གཞིགས་ནས་ལོང་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཧེ་བག་ཙམ་ལས། མཐར་ཐུག་གི་འཕེལ་རྒྱས་འགྲོ་ཕྱོགས་དང་འགྲོ་ཚུལ་དེ་གཅིག་པར་བྱུང་འདུག   དཔེར་ན། སྟོན་གཤེན་རབ་མི་བོ་ཆེ་དེ་ཉིད་ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་ཟུར་མཁར་བློ་གྲོས་རྒྱལ་པོའི་བཞེད་པ་ལྟར་ན་དེང་དུས་པུ་རངས་སུ་བྱོན་ཏེ། བསྒྲགས་པ་གསུམ་གྱི་དཔེའུ་ཙེ་དང་སྒོ་བཞི་མཛོད་ལྔའི་བོན་འཁོར་བསྐོར་ནས། གཙོ་བོ་བྱམས་སྙིང་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་བཤད་དེ་མངའ་རིས་སྐོར་གསུམ་ཙམ་དུ་མ་ཟད་བོད་ཡུལ་ཀོང་པོ་རོང་ནག་སོགས་སུ་བྱོན་ནས་རང་གི་ལྟ་བ་དྲིལ་བསྒྲགས་དང་དར་སྤེལ་བྱས་པ་སོགས་དང་། བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་ཁ་འཐོར་བྱུང་བ་དེ་དག་གཉའ་ཁྲི་བཙན་པོའི་སྐབས་སུ་གཅིག་གྱུར་བྱས་ནས་བོད་ཀྱི་རྒྱལ་བོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་པའི་བཤད་ཚུལ་དང་། རྒྱ་ནག་ཏུ་ཁུང་ཕུ་ཙི་ཞེས་པ་བྱུང་ནས་སྙིང་རྗེ་དང་གུས་ཞབས་སོགས་ཀྱི་ལྟ་བ་ག་ས་ག་ལ་ཕེབས་ཏེ་དྲིལ་བསྒྲགས་གནང་བ་སོགས་དང་། ཁྲུན་ཆིའུ་སྐབས་སུ་རྒྱལ་ཕྲན་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཀྲན་གོ་སྐབས་སུ་རྒྱལ་ཕྲན་བདུན་ཙམ་དུ་གྱུར་ཅིང་། དེའང་ཆིན་རྒྱལ་རབས་ཀྱི་སྐབས་གཅིག་གྱུར་བྱས་ཤིང་། ཆིན་ཧྲི་ཧོང་ཞེས་པ་གོང་མའི་ཐོག་མར་བྱུང་ཚུལ་འདི་དག་ལ་དཔྱད་ན། གནད་དོན་འདི་དག་ཕལ་ཆེར་དུས་རབས་གཅིག་པ་དང་། འགྲོ་སྟངས་གཅིག་པར་མཐོང་། དེས་ན་སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྤྱི་ལོའི་སྔོན་གྱི་༦༥༧པའི་ཤིང་བྱི་ལོར་ཆུ་བོ་ཆེན་པོ་བཞི་ཡི་མགོ   གངས་ཏི་སེའི་མདུན།   མཚོ་མ་ཕམ་གྱི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེང་དུས་པུ་རངས་ཀྱི་ཡུལ་འདིར་སྐུ་བལྟམས། བོན་ཆོས་རིག་གནས་མང་པོ་གསར་གཏོད་གནང་ནས་མཐར་དགུང་གྲངས་གྱ་གཉིས་པའི་ཤིང་བྱ་སྟེ་སྤྱི་ལོའི་སྔོན་གྱི་༥༧༦པའི་ལོར་སྐུ་གཤེགས་ཡོད་པ་དེ་ཐེ་ཚོམ་དང་བྲལ་བ་ཞིག་རེད། 
     ༢ རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་པའི་ལོ་ཚིགས་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་འདུག་ཀྱང་། འདིར་ཆོས་རྒྱལ་སྲོང་བཙན་ནས་གླང་དར་མའི་བར་གྱི་ལོ་གྲངས་ལ་དཔག་ན། བསྟན་རྩིས་ཀུན་བཏུས་སུ་བཀོད་པའི་སུམ་པའི་ལུགས་འདི་དཔྱད་འོས་སུ་ཆེ་སྟེ། སྲོང་བཙན་ནས་གླང་དར་མའི་བར་རྒྱལ་རབས་བཅུ་ཡི་རིང་ལ་ཁྱོན་བསྡོམས་པས་ལོ་གྲངས་༢༢༤ཟིན་ཡོད་པ་དེ་ཆ་སྙོམ་བྱས་ནས་རྒྱལ་རབས་རེ་ལ་ལོ་༢༢རེ་ཐོབ་འདུག   དུས་རབས་འདིའི་རིང་ལ་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཐམས་ཅད་གཅིག་གྱུར་བྱས་པ་མ་ཟད། ཉེ་སྐོར་གྱི་རྒྱ་དཀར་ནག་དང་། བལ་བོ། འཇང་ཡུལ་ལ་སོགས་པའི་ཡུལ་དུ་དམག་བརྒྱབ་ནས་ས་རྒྱ་བསྐྱེད་པ་དང་། བོད་ནང་དུའང་བན་བོན་གྱི་གྲུ་མཐའ་གཉིས་པོ་མ་མཐུན་པའི་རྐྱེན་གྱིས་དུས་ཟིང་དང་འཁྲུགས་པ་མང་པོའི་ནང་། བཙན་པོ་རྣམས་ཀྱི་སྐུ་ཚེ་མཐར་མ་ཕྱིན་པ་ལ་གཞིགས་ན། སྲོང་བཙན་གོང་གི་རྒྱལ་རབས་དེ་དག་གི་བཞུགས་ཡུན་ཆོས་ལྡན་རྒྱལ་རབས་རྣམས་ལས་ཅུང་ཟད་རིང་དགོས་པར་འདུག རྒྱལ་རབས་གོང་མ་རྣམས་ཀྱི་དུས་སུ་སྤྱིར་བཏང་ཟིང་འཁྲུགས་ཅུང་ཟད་རེ་བྱུང་ཡོད་པར་ལོ་རྒྱུས་དེབ་ཐེར་རྣམས་ལས་གསལ་ཀྱང་། འདི་ལྟ་བུའི་དམག་འཁྲུགས་ཀྱི་ཡོ་ལང་ཆེན་པོ་དང་། ལྷག་པར་དུ་གྲུབ་མཐའ་ནང་མི་མཐུན་པའི་འགལ་རྐྱེན་དེ་འདྲ་མེད་སྟབས། རྒྱལ་པོ་རྣམས་ཀྱི་དབང་བསྒྱུར་བྱེད་པའི་དུས་ཡུན་དེ་རྒྱལ་རབས་འོག་མ་རྣམས་ལས་རིང་དགོས་པ་རང་ཤུགས་ཀྱིས་གྲུབ།
    བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་ཏུ་བཀོད་པའི་སུམ་པའི་ལུགས་ནི་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་ཕྱི་དེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་ལ། དེ་ནས་སྤྱི་ལོ་༦༢༩པའི་ས་གླང་སྟེ་གནམ་རི་སྲོང་བཙན་གྱི་འདས་ལོའི་བར་ལོ་ངོ་སྟོང་ཕྲག་གཅིག་དང་ཞེ་དྲུག་ཟིན་ཡོད་པ་དེ་ཆ་སྙོམ་རྒྱལ་རབས་རེ་ལ་ལོ་༣༢རེ་ཐོབ་འདུག་པས་ར་ཞིག་འདི་ལ་དཔྱད་གཞིར་བུཟང་ན་མཐུན་སྣང་ཆེ་ལ། ལོ་རྒྱུས་དེབ་ཐེར་རྣམས་ཀྱི་ཚིག་སྒྲོས་ལ་བརྟག་ནའང་སྟོན་པ་འདས་ནས་ལོ་བརྒྱ་སྐོར་ཞིག་གི་རྗེས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་དགོས་པ་འདྲ་པོ་ཞིག་ཡོད་པ་རེད ། དེས་ན་སྐབས་འདིར་གཟུར་གནས་རྣམས་ཀྱི་གཟིགས་སྟེགས་སུ་སུམ་པའི་ལུགས་ཉིད་བཀོད་ཡོད་པས་འོས་མིན་ཐུགས་དྤཡད་རེ་གནང་རྒྱུ་ཞུ།
    རྒྱལ་བོ་གནམ་རི་སྲོང་བཙན་གྱི་འཁྲུངས་ལོ་ཡང་རྫ་དཔལ་སྤྲུལ་དང་འཇུ་མི་ཕམ་སོགས་ཀྱིས་བཞེད་པ་དེ་དོན་དངོས་ལ་ཉེ་ཤོས་ཡིན་ཡང་། དེ་དག་གིས་བཞེད་པ་ལྟར་ན་སྲོང་བཙན་འཁྲུངས་པའི་མེ་གླང་ལོ་དར་རྒྱལ་པོ་དགུང་ལོ་བཅུ་ལས་མ་ཟིན་སྟབས། ཤིང་བྱི་དང་ཆུ་བྱི་ནོར་བར་ངེས། བཙན་པོ་འདི་སྐུ་ཚེ་རིང་བོ་ཞིག་མ་ཐུབ་པ་ཏུན་ཧོང་གི་ཡིག་ཆ་ལས།   གནམ་རི་སྲོང་བཙན་གྱི་ཡབ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་དབས་དབྱི་ཚབ་ཀྱིས་ཟིང་བོ་རྗེ་ལ་ངོ་ལོག་སྟེ་སྤུ་རྒྱལ་སྟག་རི་གཉན་གཟིགས་ལ་མགོ་འདོགས་ཞུས་པ་དང་། གནམ་རི་སྲོང་བཙན་མོན་དུག་གིས་བཀྲོངས་རྗེས་སྲོང་བཙན་སྒམ་པོ་ཁྲིར་འཁོད་པའི་དུས།   དབས་དབྱི་ཚབ་སོགས་ཀྱིས་ཞབས་ནས་བཏེགས་ཏེ་བཙནཔོའི་ཁྲི་ལས་མང་གསོ་ཚུལ་འཁོད་ཡོད་པ་འདིས་ཤེས་ཐུབ།   དེས་རྒྱལ་པོ་གནམ་རི་སྲོང་བཙན་ནི་སྤྱི་ལོ་༥༩༢པའི་ཆུ་བྱི་ལོར་སྐུ་འཁྲུངས་ཤིང་སྤྱི་ལོ་༦༢༩པའི་ས་གླང་ལོར་གྲོངས་སོ། །
༣ བོད་ཀྱི་ཡིག་ཚང་རྙིང་བ་དག་ལས་གསལ་བའི་གཉའ་ཁྲི་བཙན་པོའི་གོང་གི་མངའ་མཛད་འདི་དག་དུས་ནམ་ཙམ་ཞིག་ནས་བྱུང་ཡོད་པ་དེང་སྐབས་ས་འོག་ནས་ཐོན་པའི་གནའ་རྫས་རྙིང་བ་འདི་དག་དང་།   སོ་སོའི་རིག་པ་གཉིས་ཕན་ཚུན་ཟུང་འབྲེལ་ཞིག་བྱས་ནས་ཕྱོགས་ཙམ་ཞིག་ཤེས་ཐུབ།
     ༼༡༽ བོད་དུ་དེང་སྐབས་ལོ་བཅུ་ཕྲག་གཉིས་གསུམ་རིང་ལ། ཉི་ཁྲི་དང་། དིང་རི།   ཤན་ཚ།   མེ་ཏོག། པུ་ཧྲེང་། སུམ་མདོ། རྣམ་གླིང་། ཆབ་མདོ། ཏྲེ་ཧོར་བྲག་མགོ ཨ་མདོའི་ཆབ་ཆའི་མདའ་བཞིའི་ས་ཆ་རྣམས་སུ།   ས་འོག་ནས་རྡོ་ཆས་དང་། རྫ་མ། རུས་ཆས། མཁར་ཤུལ། མེ་ཤུལ། ཟངས་ཆས། གཡང་ཌི། འགྲོན་བུ་སོགས་དངོས་རྫས་འབོར་ཆེན་ཞིག་ཐོན་ཡོད་པ་དེ་དག་ལ་རྒྱལ་ཁབ་ཀྱི་ཆེད་དུ་གཉེར་མཁས་པ་རྣམས་ཀྱིས་མཐའ་དཔྱད་གནང་ཞིང་གཏན་ལ་ཕབས་པའི་དཔྱད་རྩོམ་ཁག་ལས་གསལ་བ་ལྟར་ན། ད་ཕན་ལོ་ངོ་ལྔ་སྟོང་ཡན་མན་ཙམ་གྱི་དུས་སུ་བྱུང་བའི་དངོས་པོ་ཡིན་པ་ཐག་གཅོད་གནང་འདུག དེས་ན་ལོ་ངོ་ལྔ་སྟོང་ལྷག་གི་བོད་མི་དེ་དག་ལ་སྟ་རེ་དང་། མདའ། མདུང་། འཇོར། གཤོལ། ཁབ། རྫ་མ་སོགས་འཚོ་བའི་ཉེར་སྤྱོད་དང་། ལག་ཆ་རྣམས་བཟོ་ཐུབ་པའི་ཤེས་རིག་དང་། ལག་རྩལ་གྱི་ཆུ་ཚད་མཐོན་པོར་བྱུང་ཡོད་པ་དེ་གར་ནས་ཐག་ཆོད་པ་རེད།   ཡུལ་ཤུལ་དང་དངོས་རྫས་རྣམས་ཀྱི་མཚན་གཞི་དཔེར་ན་ཆབ་མདོ་ཁ་རུབ་ནས་བྱུང་བའི་ཡུལ་ཤུལ་དང་དངོས་རྫས་སྐོར་ལ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། གདོད་མའི་ཁ་རུབ་གྲོང་ཚོ་དེ་ནི་རྫ་ཆུའི་ནུབ་ངོས་ཆུ་འགྲམ་དུ་གནས་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་སུམ་སྟོང་ཆིག་བརྒྱ་ཙམ་ཡོད། ཚོད་དཔག་ལྟར་ན། གནས་ཡུལ་གྱི་རྒྱ་ཁྱོན་ནི་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཆིག་ཁྲི་ཙམ་ཡོད་པ་ལས། ད་ཕན་སྔོག་ཐེངས་སྔ་རྟིང་གཉིས་ལ་བསྡོམས་རྒྱ་ཁྱོན་ངོས་སྙོམས་གྲུ་བཞི་མ་ཆིག་སྟོང་བརྒྱད་བརྒྱ་ཙམ་བསྔོགས་ཏེ་ས་འོག་ནས་ཐོན་པའི་གནའ་རྫས་རིགས་མི་འདྲ་བ་ནི། ཁང་བའི་རྗེས་ཤུལ་ཁག་ཉི་ཤུ་རྩ་དགུ་དང་། རྡོ་རྩིག་དུམ་བུ་གསུམ། རྡོ་རྩིག་གི་སྡིང་ཆ་སྒོར་མོ་གཉིས།   རྡོ་ཡི་རྭ་སྒོ་གསུམ། མེ་ཐལ་ཕུང་དོང་ཁག་བཞི་བཅས་ཡོད་པ་དང་། གནའ་རྫས་རྡོ་ཆས་ངོ་གྲངས་བདུན་སྟོང་དགུ་བརྒྱ་བདུན་དོན་བརྒྱད་དང་། རུས་ཆས་ངོ་གྲངས་སུམ་བརྒྱ་དྲུག་ཅུ་རེ་བརྒྱད། རྫ་ལེབ་ཉིས་ཁྲི་ལྷག་ཙམ་ཡོད་ཐོག་ལྷུ་སྒྲིག་ཐུབ་པ་ངོ་གྲངས་ཞེ་དྲུག   རྒྱན་ཆ་དངོས་རིགས་མི་འདྲ་བ་གཉིས་བཅས་ཡོད་ཅིང་། རྩྭ་བསྲེས་འདམ་པའི་ཁང་བ་ལའང་སྒོར་མོ་དང་། གྲུ་བཞི། ནར་མོ་སོགས་བཟོ་དབྱིབས་མི་འདྲ་བ་ཡོད་ལ་ཁང་བ་དེ་ཚོའི་དབུས་སུ་སྒྱིད་རྡོ་རྐང་གསུམ་སོགས་ཀྱི་ཐབ་ཀྱང་ཡོད།
    ས་འོག་ནས་ཐོན་པའི་རུས་ཆས་ནི་ཉུང་ཙམ་ཞིག་ཡིན་ཞིང་རུས་ཆས་ཀྱི་གྲས་སུ།   སྙུང་བུ་དང་།   ཁབ།   སྟ་རེ། རུས་ལེབ་སོག་ལེའི་ཁ་ཅན།   རྭ་སྙུང་སོགས་དང་། དེ་བཞིན་སེམས་ཅན་གྱི་རུས་པ་མང་བོ་ཐོན་པ་དང་། རུས་ཆས་མང་ཆེ་བ་ནི་བཟོ་དབྱིབས་ཞིབ་ཚགས་ཤིང་། རུས་ཁབ་ལ་ལར་ལི་རྨིད་ཉི་ཤུ་རྩ་བཞི་ཙམ་ལས་མེད་པ་ཁབ་མིག་ཀྱང་སྐྱོན་མེད་དུ་བསྡད་ཡོད་པས་མཐོང་བ་ཙམ་གྱིས་ཧ་ལས་དགོས་པ་ཡོད།
རྫ་ཆས་ནི་ཁོག་མ་དང་། སླ་ང་། ཕོར་བ་སོགས་རིགས་ཉུང་ཙམ་ལས་མེད་ཀྱང་། དེ་དག་གི་རི་མོ་ནི་ཧ་ཅང་ཕུན་སུམ་ཚོགས་པོ་སྟེ། བསྐོས་རིས་དང་། ཐག་རིས། ལེབ་ཤད་རི་མོ། འཚེར་ཅན་རི་མོ། སྨྱུག་གཟེབ་རི་མོ་སོགས་རིགས་ཧ་ཐང་མང་ཞིང་། རྫ་ཆས་ཀྱི་མདོག་ནི་དམར་བོ་དང་། སེར་བོ། ཐལ་མདོག   ནག་པོ་བཅས་ཡོད་ལ་རྫ་ཆས་མང་ཆེ་བ་འཇམ་ཤ་དོད་ལ་སྤུས་ཀ་དག་པོར་མཆིས།
མཛེས་རྒྱན་དངོས་ཆས་གྲས་སུ་སྐྲ་གཟེར་དང་། མོ་ཀོར། རྣ་ལོང་། ཕྲེང་རིལ། མགུལ་རྒྱན། ཕྲུལ་ཕྲུལ། འགྲོན་བུ་སོགས་ཡོད་པ་དང་། དེ་དག་གི་རྒྱུ་ཆ་ནི་རྡོ་དང་། གཡང་ཊི། རུས་པ་སོགས་ཡིན་ལ་མཛེས་ཤིང་སྤུས་ཀ་དག་པ་དང་སྣ་མང་ཕུན་ཚོགས་པོ་ཡོད།
     ས་འོག་ནས་ཐོན་པའི་དངོས་པོ་མང་ཆེ་བ་ནི་རྡོ་ལས་གྲུབ་པའི་ཐོན་སྐྱེད་ལག་ཆ་མ་ཡིན་ཞིང་། དེའི་ནང་རྡོ་ཆས་ཕྲ་མོ་དང་།   བརྡར་བཟོས་རྡོ་ཆས་བཅས་རིགས་གསུམ་ཡོད་ལ། ལག་ཆ་དེ་རྣམས་ཀྱི་རྣམ་གྲངས་ནི་སྦྱག་མ་དང་། སྟ་རེད། འཇོར། གཤོལ། མདུང་རྩེ། མདའ་རྩེ། འབྲེག་བཏུབ་ཀྱི་ལག་ཆ་དང་། གཙབས་གཅོད་ཀྱི་ལག་ཆ་སོགས་ཁྱོན་བསྡོམས་རྣམ་གྲངས་དྲུག་སྟོང་བརྒྱད་བརྒྱ་ལྷག་ཙམ་ཡོད། ཅེས་སོགས་གསལ་བོ་ངོ་སྤྲོད་གནང་ཡོད་པའི་དངོས་པོ་འདི་དག་ནི་བོད་ཀྱི་ཡིག་རྙིང་དག་ལ་འཁོད་པའི་རྒྱལ་བོ་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་དུས་རབས་དེ་རྣམས་ལྷ་སྒྲུང་དང་གཏམ་རྒྱུད་ཙམ་མ་ཡིན་པ་མི་ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཀྱི་དོན་དངོས་ཡིནཔ་འི་བདེན་དཔང་གི་ར་སྤྲོད་ཅིག་རེད།
 ༼༣ ༽ རིག་པས་བརྟག་ནའང་གྲུབ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་ལ་ལོ་༢༢༤ བོད་སིལ་བུའི་དུས་རབས་༤༡༡ ས་སྐྱ་བའི་དུས་རབས་ལ་༩༦ སྔ་ཕྱི་བསྡོམས་པའི་བཀའ་བརྒྱུད་པའི་དུས་རབས་༢༩༤ དགེ་ལྡན་པའི་དུས་རབས་༣༡༧རེ་ཟིན་ཡོད་པ་འདི་དག་བསྡོམས་པས་ལོ་ངོ་༡༣༤༢སོང་།   དེ་དག་དུས་རབས་ལྔ་ལ་ཆ་སྙོམས་བྱས་ན་༢༦༨རེ་ཐོབ་ཡོད།
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོང་བཙན་སྒམ་པོའི་གོང་གི་དུས་རབས་ལོ་ཚིགས་དང་དོན་རྐྱེན་འགའ་ཞིག་ལ་དཔྱད་པ།

2011-01-03 ཐུབ་བསྟན་ཕུན་ཚོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།