ནམ་མཁའི་སྤྲིན་དང་བར་སྣང་གི་རླུང་ལ་བརྟགས་ནས་ཁ་ཆར་འབབ་མིན་ལ་དཔྱད་པ།

རྫ་ཤུལ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-17

      ཤེས་རབ་རྣོ་ཞིང་སྤྱང་གྲུང་ལྡན་པའི་བོད་མི་རིགས་ཀྱིས་ཉམས་མྱོང་གི་སྒོ་ནས་བརྟག་པའི་རྩིས་ལ་མཐའ་ཡས་པ་ཞིག་ཡོད་པ་ལས།འདིར་ནམ་མཁའི་སྤྲིན་དང་བར་སྣང་གི་རླུང་སོགས་ལ་བརྟག་ནས་ཁ་ཆར་འབབ་མིན་ཅུང་ཙམ་ཞུ་ན།དང་བོ་ནམ་མཁའི་སྤྲིན་ལ་བརྟག་ཚུལ།ལྷོ་སྤྲིན་ནག་པོ་བྱང་དུ་རྒྱུ་ནས་བྱང་སྤྲིན་མ་འཐོར་བར་འགྱིང་ནས་སྡོད་པ་དང༌། ཞོགས་སྤྲིན་དམར་སེར་ཤར་དུ་འགྱིངས་པ།  ཕྱི་དྲོ་མཐའ་སྤྲིན་དཀར་བོ་དབྱིབས་རུས་སྦལ་གྱི་མགོ་དང༌། རྟ་གླང་གི་མགོ་འདྲ་བ་བཅས་ཐོན་པ། ཕྱོགས་བཞི་ནས་སྤྲིན་དཀར་རྡོ་སྤུངས་དང༌།  འབྲུ་སྤུངས་འདྲ་བ་ལངས་པ

      ལྷོ་ཕྱོགས་ནས་སྤྲིན་དཀར་ཞིང་འོད་འཚེར་བ་རིམ་པ་ལྔ་ཙམ་ལངས་ཏེ་སྤྲིན་རྩེ་མ་ཟིང་བ་བྱང་དུ་དལ་བུར་འཁྱིལ་བ། སྔ་དྲོ་ཤར་སྤྲིན་དར་དམར་འཕྱར་བའམ་བཙུགས་པ་འདྲ་བ་དང ༌།  ཡང་ན་སྤྲིན་ཁམ་ནག་གམ་དམར་ནག་ཉི་མ་འཆར་ཁར་བྱུང་བ  ཞོགས་པ་སྤྲིན་པ་ལུག་གི་ལྟོ་ཚུལ་འདྲ་བ་ནམ་མཁ་ཁྱབ་པ  དགོང་དྲོ་ལྷོ་ནུབ་དང་ནུབ་བྱང༌  བྱང་ཤར་བཅས་ནས་སྤྲིན་ནག་འཁོར་རྒྱུགས་ཆེ་བ  ཕྱི་དྲོ་ལྷོ་བྱང་གི་སྤྲིན་པ་གདོང་ཐུག་བྱེད་པ་བཅས་བྱུང་ན་ཉིན་རེ་གཉིས་ནས་མ་འགྱངས་པར་ཞོད་ཡོད་ཟེར  ། ཡང་ན། བོད་ཟླ་དྲུག་པ་དང་བདུན་པའི་ནང་ལོ་འབྲས་རིམ་བཞིན་སྨིན་པའི་དུས་དེར་ཉིན་ཕྱེད་ཡོལ་ནས་ནམ་ཕྱེད་མ་ཟིན་བར་གྱི་སྤྲིན་མདོག་ནི ། སྤྲིན་པ་ཁ་སེར་གཏིང་ནག་དཀར་གཤམ་ཅན་རིམ་བརྩེགས་འཆར་ན་སེར་དྲག་གཏོང་ཉེན་ཡོད   ། གོང་གི་སྤྲིན་མདོག་དེའི་འོག་ནས་རི་རྩེར་སེར་རྐང་བཙུགས་ན་སེར་དྲག་མགྱོགས་པོར་གཏོང་རྒྱུ་ཡིན།<<སེར་སྐག་ཆེན་མོའི་མདོ>>ལས“སེར་རྐང་ནུབ་ནས་འཚུབས། །ལྷགས་ཕྱོགས་ཤར་ལ་རྒྱག །ཐོག་སེར་ཤུགས་དྲག་ཆེ། །མེ་ལྕེ་དྲག་པོ་སྤར། །”ཟེར་བ་དེ་ནི་ལྷགས་ཕྱོགས་དེད་ནས་སེར་དྲག་ཉེ་བའི་དུས་སུ་སོག་སྤུངས་བརྒྱབ་ནས་མེ་སྤར་བ།སེར་བ་ཆར་བར་འགྲོ་བ་མང་ཟེར་སྲོལའདུགལྷགས་ཕྱོགས་དེ་ལས་ལྡོག་ན་སེར་བ་རི་རྩེར་འཁྱུད་པའམ་ཡང་ན་ཆུ་གཞུང་འགྲོ་བ་མང༌།  སད་ནི་ཉི་མ་བཞུད་ཁར“ལྷོ་འཐིབས་ནུབ་ཏུ་སྤྲིན་དམར་སེར་དམར་མདངས་འཁྱིལ།བྱང་གནམ་དྭངས་ཤིང་སྔོ་ལ་འོད་དཀར་བཀྲག”ཟེར་བའི་བཤད་རྒྱུན་ཡོད། ཡང་ན་ལྷོ་ནུབ་སྤྲིན་པའི་དུར་ས་ཡིན།ལྷོ་ཤར་སྤྲིན་པའི་ཕ་ཡུལ་ཡིན།ལྷོ་སྤྲིན་ནག་པོ་ཆུ་འཁྲིད་ཡིན། ལྷོ་སྤྲིན་བྱང་ལ་རྒྱུ་ན བྱང་ལྷ་གཡག་ཞོལ་བོའི་རྭ་ཅོ་སྦང༌།བྱང་སྤྲིན་ལྷོ་ལ་རྒྱུ་ན།  ལྷོ་ཙན་དན་སྡོང་བོ་མེ་ལ་བར། ཞེས་དང༌། ཡང་ན། སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །ཞེས་དང༌། སྤྲིན་རྩེ་དཀར་བ་དང་སྤྲིན་དཀྱིལ་དུ་ནག་ཐིག་ཡོད་ན་སེར་བ་འབབ་ངེས་པ་དང༌། སྤྲིན་པ་ནག་ཅིང་དེའི་མཐར་སེར་བོ་ཡོད་ན་ཡང་སེར་བ་འབབ་ངེས་པ་སོགས་སྤྲིན་པའི་རྒྱུ་ཕྱོགས་དང་ཁ་དོག དབྱིབས་ཆེ་ཆུང་སོགས་ལ་བརྟེན་ནས་གནམ་གཤིས་སྔོན་དཔག་བྱེད་སྟངས་མང་དུ་ཡོད་ཀྱང་འདིར་མ་བཀོད་པའི་ཞིབ་ཏུ་ལྟ་འདོད་ན་བདག་གིས་བྲིས་པའི<<སྐར་རྩིས་ཀྱི་འབྱུང་ཁུངས་དང་འཕེལ་རིམ་སྐོར་ལ་མདོ་ཙམ་དཔྱད་པ་སྔོན་མེད་གཏམ་གྱི་ཚངས་ཐིག>>ལ་གཟིགས་པར་ཞུ།

གཉིས་པ་བར་སྣང་གི་རླུང་ལ་བརྟག་ཚུལ།

       གོང་གི་སྤྲིན་གྱི་འཁོར་ཕྱོགས་ཀྱི་བྱང་དང༌།བྱང་ཤར། ཤར་ཕྱོགས་གསུམ་ནས་རླུང་ལྡང་ན་ཆར་ཆུང་འཕྲལ་དུ་འབབ། དེ་བཞིན་ཤར་ལྷོ་དང༌། ནུབ ། ནུབ་བྱང་ཉེ་བ་བཅས་ནས་རླུང་ལྡང་ན་འཕྲལ་དུ་ཆར་ཆེན་ནམ་ནམ་དྲག་འབབ། ལྷོ་དང་ལྷོ་ནུབ་ཀྱི་རླུང་ལྡང་ན་ཆར་འབྲིང་ངམ་ཡང་ན་འཐིབས་ཆེ  ། ཡང་རླུང་ཕྱོགས་གང་ས་གང་ནས་ལྡང་སྟེ་ལྷགས་འཛིངས་བརྒྱབ་ན་ཆར་སྤྲིན་འཐོར་བས་ཆར་དུམ་བུར་འགྱུར་ཟེར་བ་ཐ་ན་ཞོད་མི་སྙོམས་པ་ཡ་ཡུད་ཆེ་བཡོད།

དཔེར་ན  ལྷོ་རླུང་དྲག་པོ་བརྒྱབ་པ་ན ། །བྱང་ལྷགས་མྱུར་ཏུ་ཡོང་བར་ངེས། །བྱང་ལྷགས་ཆེན་པོ་བརྒྱབ་ན་གནམ་དྭངས་ཡོང་ངེས་ཡིན །ལྷོ་རླུང་ཆེན་པོ་བརྒྱབ་ན་ཆར་བ་འབབ་ངེས་རེད  ། ཡང་ནུབ་ལྷགས་བརྒྱབ་ན་ཆར་བ་མེད་པ་དང༌། བྱང་ལྷགས་བརྒྱབ་ན་ཐན་པ་འབྱུང་བ  ། ཤར་ལྷོའི་ངོས་ནས་ལྷགས་པ་བརྒྱབ་ན་ཆར་བ་རྫོགས་མེད་འབབ་པ། ཡུན་རིང་དྭངས་ནས་ཤར་ལྷགས་བརྒྱབ་ན་ཆར་བ་འབབ། ཡུན་རིང་ཆར་བ་བབས་ནས་ནུབ་ལྷགས་བརྒྱབ་ན་གནམ་དྭངས། དྲག་ཆར་རླུང་འཚུབ་ལྡང་ན་ཡུད་ཙམ་སོང་རྗེས་ཆར་བ་ཆད། ཅེས་དང༌། འབྲུག་སྐད་ཤུགས་ཆེན་རྒྱག་སྐབས་ཆར་བ་ཆུང་ཆུང་འབབ་པ་དང༌། འབྲུག་སྐད་གཏིང་ནས་གྲགས་ན་ཆར་བ་ཆེན་པོ་འབབ་པ། ཞོགས་པར་འབྲུག་སྐད་བརྒྱབ་ན་ཆར་བ་ཆུང་ཆུང་འབབ་རྒྱུ་དང༌། ཉིན་གུང་འབྲུག་སྐད་བརྒྱབ་ན་ཆར་བ་ཆེན་པོ་འབབ་རྒྱུ། སྔོན་ལ་ཆར་བ་བབས་ནས་རྗེས་ལ་འབྲུག་སྐད་བརྒྱབ་ན་ཆར་བ་ཆེན་པོ་འབབ་རྒྱུ།ལྷོ་ནས་གློག་འཁྱུགས་ན་ཆར་བ་མི་འབབ་པདང༌། བྱང་ནས་གློག་འཁྱུགས་ན་གནམ་མི་དྭངས་པ ། དཔྱིད་ཀྱི་འབྲུག་སྒྲ་སྔ་བ་ན ། །དབྱར་ཁ་སེར་བའི་ཉེན་ཁ་ལྡང༌། །ཞེས་དང༌ །ཡང་ན་དབྱར་གནམ་དྲོ་ཞིང་གྲངལ་འབབ། ། དགུན་གནམ་གྲངཞིང་དྲོད་ལ་འབབ། །དཔྱིད་ཀ་ཁ་བ་བབས་ན་ལེགས། །ཁ་རྗེས་ཉི་མ་མེ་གོང་འདྲ། །ཉི་ཁྱིམ་ཉིན་གསུམ་བཞི་འཁོར་ན། །ཆར་ཆེན་བསྟུད་མ་དམ་པོ་འབྲེལ། །ཤར་རླུང་མི་ལྡང་དབྱར་མི་ཚུགས ། །སྦལ་བས་ཆུ་ཁར་སྐད་བརྒྱབ་ན ། །ཡུན་རིང་མ་སོང་གནམ་གཤིས་འགྱུར ། །ཆར་རྗེས་གྲང་ངར་ཆེ་ན ། ཆར་བའི་འབབ་རྒྱུན་མི་ཆད ། ཁ་རྗེས་གནམ་གཤིས་དྲོ་ན།  ཁ་བའི་འབབ་རྒྱུན་མི་ཆད ། ཁ་བ་སྔ་མོར་བབས་ན། དགུན་དུས་ཁ་བ་ཆེའོ། །དགུན་གྲངན་དབྱར་ཆར་མང༌། དགུན་དྲོ་ན་དབྱར་ཐན་པ་འབྱུང༌། དགུན་གྲང་ན་དབྱར་སླེབས་པ་མགྱོགས། དགུན་དྲོ་ན་དཔྱིད་སླེབས་པ་འཕྱི། ཁ་བ་ཐོག་མ་སྔ་ན་དགུན་ཁ་བ་ཆེ། གནམ་གྲང་བ་སྔ་ན་དྲོད་སླེབས་པ་མགྱོགས  གྲང་ངར་ཟུག་ཆེ་ན་དབྱར་ཆར་ཆུ་མང ༌།  དགུན་རླུང་བུ་མང་ན་དབྱར་ཆར་བ་བཟང༌། དབྱར་སྟོད་འཇམ། དབྱར་སྨད་འཚུབ།དབྱར་སྟོད་འཚུབ། དབྱར་སྨད་འཇམ། དབྱར་གྲང་འབབ། དགུན་དྲོ་ལ་འབབ། ཞོགས་འཐིབས་བྱུང་ན་ཆར་མགྱོགས། ཤར་ལྷགས་བརྒྱབ་ན་ཆར་མགྱོགས། དགོང་མོའི་་དམར་མེ་ཡིན། ཞོགས་པའི་སྤྲིན་དམར་ཆུ་ཡིན། དགུན་ཁ་བ་མང་ན་དབྱར་ཆར་ཆུ་མང༌། སྟོན་ཁ་བ་མ་བབས་ན་དགུན་ཁ་བ་མང༌། སྟོན་ཁ་བ་ཤུགས་ཆེ་ན་དགུན་ཁ་བ་ཉུང༌། དཔྱིད་ཀ་གྲངན་དབྱར་སྨད་ཞོད་ཆེ། དགུན་དར་ཆེ་ན་དབྱར་ཆར་ཆུ་མང༌། དགུན་སྟོད་དྲོ་ན་དཔྱིད་གྲངཡོད། དགུན་རླུང་དམར་བརྒྱབ་ན་དབྱར་ཞོད་ཆེ། དགུན་རླུང་འབྲིང་ན་དབྱར་ཞོད་འབྲིང༌། དགུན་ལྷགས་པ་མ་བརྒྱབ་ན་དབྱར་ཐན་ངོ་ཆེ། དགུན་ལྷགས་པ་ཆེ་ལ་རླུང་དམར་ལངས། སྤྲིན་མང་ལ་གྲངན་དབྱར་ཞོད་བཟང་སོགས་བཤད་སྲོལ་མང་དུ་ཡོད།

གསུམ་པ་ཆར་ཐན་བརྟག་ཚུལ།

        སོས་ཀ་དང་དབྱར་དུས་སུ་སྔ་དྲོ་དྭངས་ལ། ཕྱི་དྲོའི་སྤྲིན་དཀར་རྒྱབ་ནག་སྣ་རིང་ཅན་རྒྱང་རིང་བོ་ནས་འཐོར་འགྲོ་བ་དང༌། ཉི་མ་ནུབ་ཁར་སྤྲིན་དམར་དར་ལྕེ་འཐོར་བའམ་ཆད་པ་འདྲ་བ་འཆར་བ།ཉིན་གུང་སྤྲིན་སྣ་རིང་འཕྱུར་ནས་དགུང་ལ་འཐོར་བ། ཕྱི་དྲོ་སྤྲིན་ནག་མཐའ་བྲལ་སྐྲ་ཟིང་བ་ལྟར་འཁོར་ནས་ཡལ་བ། སྔ་དགོང་མཐའ་སྤྲིན་ཐག་ཉེ་ས་ནས་འཁོར་ཀེ་རི་རྩེར་མ་འཁྱུད་པར་མཁའ་ལ་ཡལ་འགྲོ་བ་བཅས་བྱུང་ན་ཉིན་རེ་གཉིས་ནས་མ་འགྱངས་པར་ཐན་ངོ་ཡོད་ཟེར  །ཡང་“བྱང་དང་བྱང་ཤར་ཕྱོགས་ནས་ནམ་མཁའ་དྭངས  རླུང་རྫི་གྲང་མོ་བྱུང་ན་ཐན་ལྟས་ཡིན།”ཟེར་རོ། །སྤྱིར་ཉམས་མྱོང་རྒན་པོའི་ངག་རྒྱུན་ལ་བརྟེན་ནས་མྱོང་རྩིས་མང་དུ་ཡོད་ཀྱང་འདིར་དཔྱད་པའི་སྒོ་ཙམ་བསྟན་པའོ། །

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའི་སྤྲིན་དང་བར་སྣང་གི་རླུང་ལ་བརྟགས་ནས་ཁ་ཆར་འབབ་མིན་ལ་དཔྱད་པ།

2010-04-17 རྫ་ཤུལ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།