དངོས་བོའི་ལོངས་སྤྱོད་ཙམ་འཕེལ་བ་ལ་འཕེལ་རྒྱས་ཟེར་རུང་ངམ།

ཞོ་འོང་འཕྲིན་ལས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-08

མི་སྒེར་དང་ཚོགས་པ་གང་ཞིག་ཡིན་རུང་ཆེས་དམ་འཛིན་དང་དོན་སྙིང་འཛིན་དགོས་པ་ནི་མཐུན་སྒྲིལ་ཡིན་ཏེ། མཐུན་སྒྲིལ་མེད་ན་སྟོབས་ཤུགས་མེད་ལ་སྟོབས་ཤུགས་མེད་ན་འཕེལ་རྒྱས་མེད། འཕེལ་རྒྱས་མེད་ན་རྗེས་ལུས་ཡིན་པ་ཡང་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད་པ་རེད།  དེ་བས་འདིར་ངས་འཕེལ་རྒྱས་ཞེས་པའི་ཡིག་འབྲི་གཉིས་ཀྱི་གོ་དོན་སོགས་རགས་ཙམ་བཤད་པ་ལ་ཐོག་མར་འཕེལ་རྒྱས་ཞེས་པ་བསམ་དངོས་གཉིས་དཔལ་ཡོན་ཆུ་ཚད་ངེས་ཅན་ཞིག་ལ་ཐོན་པ་ལ་ཟེར་དགོས་པ་ལས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཕྱོགས་རེ་ཙམ་དར་ནའང་དེ་ནི་འཕེལ་རྒྱས་ཡང་ཕྱོགས་རེ་བ་ཙམ་ཞིག་ཡིན་པ་ལས་འཕེལ་རྒྱས་མཚན་ཉིད་པ་ཅིག་མ་རེད་སྙམ། དེས་ན་འཕེལ་རྒྱས་སུ་ཕྱིན་པར་འདོད་པ་དག་གིས་ཐོག་མར་རང་གི་རིག་གཞུང་དང་སྐད་ཡིག་སོགས་ལའང་གདེངས་འཇོག་དང་བལྟ་ཚུལ་བཟང་པོ་ཞིག་ཀྱང་མེད་དུ་མི་རུང་སྟེ་འདི་ནི་བསམ་དངོས་གཉིས་ཀྱི་དཔལ་ཡོན་གྱི་གཞི་རྩ་རྨ་མེད་པ་ཞིག་ཡིན་པའི་ཕྱིར་རོ།།

འགའ་ཞིག་གི་བསམ་པར་རིག་གཞུང་ངམ་ཆོས་ལུགས་ནི་དངོས་པོའི་དཔལ་ཡོན་དར་བ་ལ་མི་མཁོ་བར་མ་ཟད། དེའི་དངོས་པོའི་དཔལ་ཡོན་དར་བ་ལ་གནོད་བསྐྱལ་འདུག་ཟེར། འདི་ནི་གང་དྲན་བྱུང་རྒྱལ་དུ་སྨྲ་བའི་གཏམ་དུ་སྣང་སྟེ་མནོ་བསམ་ཅུང་བཏང་ཡོད་བ་ཞིག་གིས་འདྲི་འདྲ་སྨྲ་མི་སྲིད་དོ།།  དེའི་རྒྱུ་མཚན་ཡང་ཆོས་ལུགས་ཀྱི་གཞི་རྩའི་ཀུན་སྤྱོད་ནི་མཐའ་གཉིས་སྤང་སྤྱོད་ཞེས་གསུངས་པ་ལྟར།འདོད་པ་བསོད་སྙོམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤང་བ་ལ་བྱ་ཞིང། འདིའི་དོན་ཡང་རང་ལ་མཁོ་བའམ་ཐོབ་བའི་དངོས་རྫས་རྣམས་སྣང་མེད་དུ་བཞག་སྟེ་རང་ཉིད་སྡུག་བསྔལ་བར་འགྱུར་ཏུ་འཇུག་པ་དང་།ཡང་རང་གིས་ཇི་ལྟར་འབད་ཀྱང་ཐོབ་མི་ཐུབ་པའམ་ཡང་ན་ཅི་ཙམ་ཐོབ་རུང་དེ་ཙམ་གྱིས་ཚིམ་པ་མེད་པར་རང་ཉིད་སྡུག་བསྔལ་བར་གྱུར་ཏུ་འཇུག་པའི་ངན་སྤྱོད་རྣམས་དོར་ན་ད་གཟོད་ཆོས་ལུགས་པའི་ཀུན་སྤྱོད་རྣལ་མ་ཞིག་བརྩི་ཀྱིན་འདུག་པ་ལས་ཆོས་ལུགས་པ་ཞིག་ཡིན་ཕྱིན་ཟས་ངན་ངོན་ཙམ་ལ་བསྟེན་དགོས་པ་དང་།ལུས་ཀྱི་དཀའ་ཐུབ་ཁོ་མྱོང་དགོས་བ།ལག་དུ་ཟུར་གང་ཡང་བཟུང་མི་ཆོག་ཅེས་བཀའ་བསྟན་གང་ལས་ཀྱང་མ་བྱུང་ངོ་།།   དར་མ་ཟད་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་ལམ་གྱི་གཙོ་བོ་ཕྱིན་དྲུག་གི་གྲས་སུ་སྦྱིན་པའི་ཕར་ཕྱིན་བཞག་ཡོད་པ་འདིས་ཀྱང་མཚོན་ནུས་ཏེ།   ལོངས་སྤྱོད་མེད་པར་སྦྱིན་པ་ཇི་ལྟར་གཏོང་། གཞན་ཡང་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་མི་རྣམས་ཀྱིས་བདེ་བ་ངོ་ཐོག་པ་ཞིག་རོལ་དགོས་ན་དེ་ནི་ལོངས་སྤྱོད་ལས་བྱུང་བ་དང་ལོངས་སྤྱོད་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པར་སྦྱིན་པའམ་དབུལ་ཕོངས་ལ་རོགས་སྐྱོར་བྱས་པ་ལས་འབྱུང་བར་དགོངས་ནས་ཐོག་མར་སྦྱིན་པ་གལ་ཆེ་བར་གསུངས་ཕྱིར་ཏེ། དཔལ་ལྡན་ཟླ་པས། མི་རྣམས་བདེ་བ་ལོངས་སྤྱོད་མེད་མིན་ལ།།  ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ཐུབ་པས་དང་བོར་སྦྱིན་པའི་གཏམ་མཛད་དོ།། ཞེས་པ་ལྟར་རོ།།  འགའ་ཞིག་གིས་ཆོས་ལུགས་པ་ཡིན་མདོག་གིས་གོས་ལ་ཚིལ་དྲེག་ཆགས་སུ་འཇུག་པ་ཁང་བ་ཐོར་ཞིག་ཏུ་འགྲོ་རུ་འཇུག་པ་རྣམས་ཀྱིས་དཔལ་འབྱོར་གྱི་ཐད་ལ་གྱོང་གུད་ཐེབས་སུ་འཇུག་པའམ་ཡང་ན་རྨོངས་དད་ཅན་རེ་གཉིས་ཀྱི་མགོ་བོ་གང་འདོད་དུ་བསྐོར་བ་ལས་ཆོས་ཀྱི་དགོངས་པ་དངོས་གནས་པ་ཅི་འདྲ་ཞིག་ཡིན་པ་ཤེས་པ་རྣམས་ཀྱིས་བལྟས་ན་སྙིང་བོ་ཅི་ཡང་མེད་དོ།།  དེས་ན་སེར་སྐྱ་ཕོ་མོ་སུ་ཡིན་རུང་བསམ་དངོས་གཉིས་ཀྱི་དཔལ་ཡོན་ཟུང་འབྲེལ་དུ་དར་བ་ལ་བརྩོན་དགོས་པ་ལས་བསམ་དངོས་གང་རུང་གི་གཤོག་པ་གཅིག་ཆད་ན་དེ་འདྲའི་གང་ཟག་དེ་འཕེལ་རྒྱས་ཀྱི་ནམ་མཁར་འཕུར་ཏེ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་འཚོ་བ་ཅི་ཡང་ལོངས་སུ་སྤྱོད་ཐབས་མེད་དོ།། འདིར་རྩོམ་པ་པོཞོགས་དུང་ལགས་ཀྱིས།  འཕེལ་རྒྱས་ཞེས་པ་ནི་འགྲོ་མིའི་འཚོ་གནས་ཀྱི་ཉེར་མཁོ་འམ་དངོས་བོའི་ལོངས་སྤྱོད་ལ་ཟེར་གྱི་ཡོད་ཟེར”འདི་རྩིངས་བྱེད་དུ་སྣང་སྟེ་ཚན་རིག་གི་ལག་ལེན་ཉིན་རེར་ཕར་ཚུན་འགྲན་པ་བཞིན་དར་བས་སྐྱི་གཡའ་བའི་མཚོན་ཆ་མང་པོ་བཟོས་ཏེ་ཕན་ཚུན་བར་ཕྲག་དོག་དང་འགྲན་སེམས་དྲག་ཏུ་འཕྱུར་ཞིང་ཕན་སེམས་དང་མཛའ་མཐུན་ཤིན་དུ་ཆུང་བའི་དུས་མཐའ་འདིར་ལྷག་པར་མེད་མི་རུང་བའམ་འཕེལ་རྒྱས་སུ་མི་བརྩི་ཐབས་མེད་ཞིག་དུ་གྱུར་སྙམ། དེར་མ་ཟད་བསམ་པའི་དཔལ་ཡོན་ཅུང་ཟད་ཀྱང་མ་དར་བའི་མི་ཞིག་ལ་མཚོན་ན་ཐོག་མར་དངོས་བོའི་དཔལ་ཡོན་དར་བ་ནི་སྡུག་བསྔལ་གྱི་རྨང་གཞི་བརྟན་པོ་ཞིག་གསར་དུ་བཟོས་པ་རེད་སྙམ་སྟེ་གཞན་ལ་རོགས་སྐྱོར་བྱེད་རྒྱུ་ཕར་ཞོག་རང་ཉིད་ཀྱི་ཁ་ལ་ཟ་མི་ཐུབ་རྒྱབ་ལ་གྱོན་མི་ཐུབ་པར་མ་ཟད། ད་དུང་ཡོད་ཀྱི་ཁ་གསོག་འདོད་ཞེས་པའི་དཔེ་ལྟར་སྟོང་ཁྲི་དང་ཁྲི་འབུམ་དུ་གཏོང་འདོད་ཀྱི་བསམ་པའི་ཧེབ་ཀྱིས་ཁུག་ཆེན་གྱི་ཁ་འདུག་ལྷུང་པར་གྲོལ་ཏེ་ཉིན་མཚན་དུས་དྲུག་ཏུ་སྡུག་བསྔལ་བར་གྱུར་ཏུ་འཇུག་པར་དགོངས་ནས་མཁས་དབང་དགེ་ཆོས་ལགས་ཀྱིས། ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།། དབུལ་བོ་དབུལ་བོའི་ས་ནས་སྨྲེ་སྔགས་འདོན།། མི་རེའི་སེམས་ན་སྡུག་བསྔལ་ཁུར་བོ་རེ།། འཁོར་བའི་གནས་ན་བདེ་བའི་སྐབས་མ་མཆིས།། ཞེས་གསུངས་ཕྱིར། གལ་ཏེ་དངོས་བོའི་ལོངས་སྤྱོད་ཙམ་དར་བ་འཕེལ་རྒྱས་ཡིན་ན་ཕྱུག་པོ་རྣམས་ཀྱི་སྨྲེ་ངག་ཅི་ལ་འདོན། འཕེལ་རྒྱས་ཞེས་པ་གོ་བདེ་པར་བརྗོད་ན་སྔར་གྱི་འཚོ་བ་རོལ་སྟངས་དང་བསམ་པའི་འཛིན་ཚུལ་གྱི་ངོ་བོ་འགྱུར་སྟེ་བསམ་པ་རྒྱ་ཇེ་ཆེར་གྱུར་བ་དང་།འཚོ་བ་རོལ་སྟངས་སྔར་ལས་ཇེ་སྐྱིད་དུ་སོང་བ་ལྟ་བུ་ལ་བྱེད་དགོས་པའི་ཕྱིར།དེ་ལྟར་བཤད་ན་དངོས་བོའི་དཔལ་ཡོན་ཙམ་དར་བ་འཕེལ་རྒྱས་ཀྱི་དོན་དུ་མ་བཤད་ཅིག། དེས་ན་འཕེལ་རྒྱས་ཅེས་པ་ནི་བསམ་དངོས་གཉིས་ཀའི་ཆ་ནས་བཤད་དགོས་པ་དང་བསམ་དངོས་གཉིས་ཀའི་དཔལ་ཡོན་དར་བ་ལའང་མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་ཆེས་གལ་ཆེན་དུ་ཤེས་པར་བྱའོ།། རིགས་གཞུང་ངམ་ནང་ཆོས་ལས་ཚན་རིག་ལས་ཀྱང་ལྡབ་འགྱུར་གྱི་མིའི་སེམས་ཞི་བྱེད་ཀྱི་མན་ངག་གམ་ཐབས་གང་ལ་གང་འཚམ་གྱི་རྒྱ་ཆེར་གསུངས་ཡོད་པའི་ཕྱིར། འཛམ་གླིང་སྤྱིའི་ཁ་ཕྱོགས་དང་མི་རིགས་ཀྱི་བདེ་སྐྱིད་ལ་མནོ་བསམ་ཅུང་ཙམ་ཡང་མི་གཏོང་བར་རང་གི་ཕོར་བ་ཁོ་ན་བསྲུངས་ཐབས་ཙམ་ལ་བརྩོན་པ་འགའ་ཞིག་གིས་སྔོན་གྱི་མཁས་དབང་རྣམས་མ་ཟད་དེང་རབས་ཚན་རིག་པ་རྣམས་ཀྱིས་ཀྱང་ཆེས་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་པའི་ནང་བའི་ཆོས་ལུགས་ཀྱི་གཞི་རྩའི་བསམ་བློ་འཚེ་མེད་ཀྱི་སྙིང་རྗེ་བསམ་པའི་དཔལ་ཡོན་གྱི་རྩ་བ་འདི་ལ་དགག་བཞག་བྱེད་པ་རྣམས་ཀྱིས་ཐོག་མར་རང་གི་བུ་དང་བུ་མོ་སྤུན་དང་ཆུང་མ་སོགས་ཀྱི་མཛའ་བརྩེ་དང་ནང་ཉམས་ལ་རྡོག་བརྫིས་སུ་གཏོང་དགོས་པ་དང་། ཁྱོད་རང་ཉིད་བསྐྱེད་པའི་མ་ཡུམ་ལ་ཡང་ཁྱོད་རང་བཙལ་དུས་སུ་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བསྐྲུན་ཡོད་པ་བསྙོན་མི་ནུས་པས་ཁྱེད་རང་ཡང་སྐྱེས་མ་ཐག་ནས་མེད་བརླགས་སུ་བཟོ་དགོས་པ་སོགས་ཡ་ང་བའི་གནས་ཚུལ་གང་བྱུང་ཐམས་ཅད་ཕན་ཚུན་ལ་བརྩེ་སེམས་སམ་སྙིང་རྗེ་མེད་པའི་ལན་པ་མིན་ནམ། ཡིན་ན་སྙིང་རྗེ་ལ་ཁ་རྡུང་གཏོང་དོན་ཅི་ཡིན། གཞན་ནང་བ་བའི་སྙིང་རྗེ་འདི་འདྲ་ཞིག་ཡིན་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་ཡོད་དམ།སྤྱིར་ན་ངེད་ཅག་ནང་བའི་ཆོས་གཞུང་རྣམས་སུ་སྙིང་རྗེ་དང་སྙིང་རྗེ་ཆེན་པོ་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཆེན་པོ་གསུམ་དུ་ཕྱེ་ཡོད་པས་དང་པོ་ནི་དུད་འགྲོ་སོགས་ཀྱི་རྒྱུད་ན་འང་ཡོད་པ། མ་བུ་ཕན་ཚུན་དང་རང་གི་ཉེ་འབྲེལ་སོགས་ལ་བརྩེ་བའི་སེམས་ཤིག་དང་། གཉིས་པ་ནི་ཉན་རང་གི་རྒྱུད་ཀྱི་སྙིང་རྗེ་སྟེ་རང་ཁོ་ན་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་སྙིང་རྗེའམ་རང་ཉིད་ཁོ་ན་ལ་བརྩེ་བའི་སེམས་ཤིག་དང་།ཐ་མ་ནི་གཞན་གྱི་སྡུག་བསྔལ་རང་གི་ཐོག་ཏུ་ལེན་ཐུབ་པ་དཔེར་གཞན་གྱི་སྲོག་ཚབ་ཏུ་རང་གི་སྲོག་ཀྱང་གཏོང་ཐུབ་པ་ལྟ་བུའི་བརྩེ་སེམས་ཤིག་ལ་བྱེད་ཀྱིན་ཡོད་པས། སུའི་རྒྱུད་ལ་འདི་འདྲའི་སེམས་མངའ་ན་དེ་ནི་སུ་དང་འགྲོགས་ན་མི་མཐུན་པ་མེད་པ། ཡོད་ཚེ་གྲོགས་སུ་གྱུར་པ་དང་ཀུན་གྱིས་བཀུར་བ་ཞིག་ཏུ་འགྱུར་སྲིད་པས་དེ་བཞིན་དུ་དེ་འདྲའི་སེམས་ཏེ་མི་རིགས་ཤིག་དང་། རྒྱལ་ཁབ། འཛམ་གླིང་གི་མི་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་ཐུབ་པ་བྱུང་ན་འཛམ་གླིང་ཞི་འཇགས་ངང་གནས་ཐུབ་པས་སྙིང་རྗེ་ནི་ཆེས་ཤིན་ཏུ་གལ་ཆེ་བར་འདུག་པས་དེ་ལ་སྐྱོན་གཏོང་མཁན་རྣམས་ནི་འཛམ་གླིང་སྤྱི་ལ་གནོད་བསྐྱལ་མཁན་གྱི་གཤེད་མ་ལྟ་བུར་གྱུར་ཡོད་པས། དེ་འདྲའི་བླུན་པོ་ཞིག་འཛམ་གླིང་གི་སྟེང་ན་མེད་ཅེས་སྨྲ་བར་སྤོབས་སོ།། དེས་ན་འཚེ་མེད་ཀྱི་སྙིང་རྗེ་ནི་འཕེལ་རྒྱས་ཀྱི་རྩ་བ་དང་མཐུན་སྒྲིལ་གྱི་ལམ་ཆེན་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་དེ་ལ་དགྲར་འཛིན་གྱི་རྣམ་པ་རིང་དུ་དོར་ན་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་སོགས་གང་ཐད་ནས་མྱུར་ཏུ་ཡར་རྒྱས་སུ་འགྲོ་ཐུབ་པས་དེ་ལྟར་བྱ་རྒྱུ་གལ་ཆེའོ།། །།

རྩོམ་ཁུངས། རིག་གཞུང་དགའ་ཚལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངོས་བོའི་ལོངས་སྤྱོད་ཙམ་འཕེལ་བ་ལ་འཕེལ་རྒྱས་ཟེར་རུང་ངམ།

2010-03-08 ཞོ་འོང་འཕྲིན་ལས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།