དགེ་ཆོས་གསུང་འབུམ་ནང་གི《འཛམ་གླིང་རྒྱས་བཤད》ཅེས་པ་དགེ་ཆོས་ཀྱིས་བརྩམས་པ་མ་ཡིན།

རྡོ་སྦིས་བློ་བཟང་ཡོན་ཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-29

      ལོ་འགའ་ཤས་ཀྱི་སྔོན་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༼དགེའདུན་ཆོས་འཕེལ་གྱི་གསུང་རྩོམ་གསར་རྙེད་ཕྱོགས་སྒྲིག༽ཅེས་པའི་དཔེ་དེབ་ཅིག་པར་ཏུ་བཀོད་ནས་ཕྱོགས་ཀུན་ཏུ་ཁྱབ་སྤེལ་བྱས་ཤིང༌། དེའི་ནང་དུ་༼འཛམ་གླིང་རྒྱས་བཤད༽ཅེས་པའི་རྩོམ་ཞིག་འདུག་པ་ལ་ཁ་ཅིག་གིས་འུད་བསྟོད་ཆེན་པོས། འདི་ནི་དགེ་ཆོས་མ་གཏོགས་སུ་ཞིག་གིས་དུས་སྐབས་དེ་ལ་རྕོམ་སྲིད་ཀྱིན་མ་རེད་ཅེས་དང་།དེ་བས་ཀྱང་ཡ་མཚར་བ་ཞིག་ལ་རིག་པའི་སློབ་གླིང་དུ་བསྒྲགས་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ཉིས་སྟོང་གསུམ་ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་དགེ་ཆོས་འཁྲུངས་ནས་ལོ་བརྒྱ་དང་གསུམ་ལོན་པའི་རྗེས་དྲན་དུ་དགེ་ཆོས་ཀྱི་གསུང་རྩོམ་པོད་ལྔ་ཅན་གྱི་ནང་དུའང་དོགས་གཞིའི་སྒྲོས་ཙམ་ཡང་མེད་པར་འཛམ་གླིང་རྒྱས་བཤད་དེ་ཁོང་གི་གསུང་རྩོམ་གྱི་ནང་དུ་བཀོད་འདུག  དེང་དུས་ལྟ་བ་གསར་བ་ཞིག་དང༌། ཁྱད་པར་ནུབ་ཀྱི་ལྟ་གྲུབ་དང༌། ཚན་རིག་གི་ལྟ་བ་ཞིག་གླེང་ཡོང་དུས། བོད་ཀྱི་གཅམ་བུ་རྣམས་ཀྱིས་ཁ་གཅིག་གྲགས་ཀྱིས་དགེ་ཆོས་ལས་གཞན་པའི་མཁས་པ་སུས་ཀྱང་འདི་འདྲ་འབྲི་སྲིད་ཀྱི་མ་རེད་ཅེས་རང་ཉིད་ལྟ་རྒྱ་དང་ཐོས་རྒྱ་ཆུང་བ་མ་རྟོགས་པར་ད་དུང་ཡིན་མདོག་མདོག་གི་གཏམ་དེ་འདྲ་གླེང་པ་ནི་དེང་དུས་བོད་ཀྱི་རིག་གཞུང་གི་ཉག་ཕྲ་བ་དང༌། ཚན་རིག་སོགས་ཕྱིའི་རིག་གཞུང་སོགས་ལ་ཡང་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་མཚོན་རྟགས་སུ་སྣང་ཞིང། དེང་དུས་ཁོང་གི་རྣམ་ཐར་སོགས་ཀྱང་རིམ་གྱིས་ལྷ་སྒྲུང་དུ་བསྒྱུར་པའི་འགོ་ཚུགས་པ་དང༌། བཟང་བོ་ཐམས་ཅད་དགེ་ཆོས་ཀྱི་ཕྱོགས་སུ་དྲངས་བཞིན་པ་དང༌།  ངན་པ་ཐམས་ཅད་གཞན་གྱི་ཕྱོགས་སུ་བསྒྱུར་བཞིན་འདུག༌མོད། དོན་གྱི་ཚན་རིག་གི་ལྟ་གྲུབ་ཙམ་དང་། འཛམ་གླིང་གི་ལོ་རྒྱུས་དང་། ཁྱད་པར་ནུབ་ཕྱོགས་དང་བོད་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སོགས་ཅུང་ཙམ་ཞིག་ཤེས་པ་ཡིན་ན།འདི་ལྟ་བུའི་ཧམ་བཤད་སུས་ཀྱང་བཤད་མི་ཕོད། ཅི་ཕྱིར་ཞེ་ན་འཛམ་གླིང་རྒྱས་བཤད་འདི་བརྗོད་བྱ་དང༌རྗོད་བྱེད་གང་གི་ཆ་ནས་ཀྱང་དགེ་ཆོས་ཀྱི་གསུང་ཤིག་ཡིན་མི་སྲིད་ལ། དོན་གྱི་དགེ་ཆོས་ནི་འཛམ་གླིང་རྒྱས་བཤད་འདི་ལྟ་བུ་རྩོམ་ཐུབ་པ།རིག་གསར་དང༌། ས་གཤིས་སོགས་ལ་མཁས་པའི་བཟོ་མི་འདུག

    ཕྲན་གྱིས་ལོ་གཅིག་ཙམ་ལ་དགེ་ཆོས་ཀྱི་གསུང་རྩོམ་གསར་རྙེད་ནང་གི་༼འཛམ་གླིང་རྒྱས་བཤད༽དེ་བཙན་པོ་ནོ་མོ་ཧན་གྱིས་མཛད་པའི་༼ཆེན་པོའི་སྣོད་བཅུད་ཀུན་གསལ་མེ་ལོང་ངམ༌འཛམ་གླིང་བཤད་པ་ཐག་རིང་གསལ་བར་མཐོང་བྱེད་དམ།བསྡུས་མིང་དུ་འཛམ་གླིང་རྒྱས་བཤད༽ཟེར་བ་དེ་ཡིན་པར་སྙམ་ཞིང༌། ༢༠༠༧ལོར་བོད་དུ་ལོག་སྟེ་དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་ལག་ཏུ་འབྱོར་ཏེ་ཞིབ་ཀློག་བྱས་དུས། གཞི་ནས་དེ་ནི་བཙན་པོའི་འཛམ་གླིང་རྒྱས་བཤད་མ་ཡིན་པ་གསལ་བོ་རྟོགས་ཤིང༌། དངོས་གནས་དགེ་ཆོས་གསུང་ཡིན་མིན་དང༌། འདིའི་བརྗོད་བྱ་དང༌རྗོད་བྱེད་གང་ནས་དགེ་ཆོས་ཀྱི་གསུང་ཡིན་མིན་སྐོར་དཔྱད་སྐབས། བདག་གིས་ཁ་གཅིག་གྲགས་ཀྱིས་འདི་ནི་དགེ་ཆོས་ཀྱི་གསུང་ཤིག་ཀྱང་མ་རེད་ཅེས་བརྗོད་ཐུབ།

     དགེ་ཆོས་ཀྱི་གསུང་ཡིན་པར་རློམ་པའི་འཛམ་གླིང་རྒྱས་བཤད་འདི་ནི༌དབྱིན་ཇིའི་ཡི་གེ་དང༌།ཚན་རིག་གི་གོ་ལའི་ཁ་བྱང་དང༌།ལྟ་བ།བོད་དང་ནུབ་ཕྱོགས་བར་གྱི་ལོ་རྒྱུས་འབྲེལ་བ་ལ་མཁས་པའི་མཁས་པ་ཤིག་གིས་བྲིས་པ་ཡིན་པ་ལས། བོད་དང༌ལེགས་སྦྱར་གྱི་སྐད། རི་མོ་ཙམ་ཞིག་ལ་མཁས་པའི་དགེ་ཆོས་ལྟ་བུ་ཞིག་གིས་བྲི་མི་ཐུབ་སྙམ། དྲང་པོར་བརྗོད་ན༌དགེ་ཆོས་ནི་བོད་ཀྱི་རིག་གཞུང་དང༌། ལེགས་སྦྱར་གྱི་སྐད། རི་མོ་ཙམ་ལ་མཁས་པ་ལས།  ནུབ་ཀྱི་ཚན་རིག་གི་ལྟ་བ་དང༌། ལོ་རྒྱུས་སོགས་མཐོང་རྒྱ་ཆུང་བར་སྙམ་ཞིང༌། དེའི་སྐོར་མང་པོ་བྲིས་ཡང་མི་འདུག་ཅིང༌། ཡོད་པ་རྣམས་ཀྱང་ནོར་འཁྲུལ་མང་བ་གཞན་གྱིས་བལྟས་ན་དགོད་བྲོ་བ་མང་པོ་འདུག དེ་ལྟར་བརྗོད་དེ་ད་ནི་གཞུང་དངོས་སུ་ཅུང་ཟད་ཞུགས་ཏེ་བརྗོད་ན།

    ཐོག་མར་༼འཛམ་གླིང་རྒྱས་བཤད༽ཅེས་པའི་རྩོམ་ཐུང་འདི་ལས་འཛམ་བུ་གླིང་འདི་གཡོ་བའི་དོན་ནི། ཁྱེད་བོད་མི་རྣམས་ལ་ནན་ཏན་ཟེར་མཁན་གཅིག་ཀྱང་མི་འདུག་ཅེས་རྩོམ་པ་པོ་ཉིད་ནི་བོད་པ་ཤིག་མ་ཡིན་པ་གསལ་བོ་བཤད་འདུག  བོད་ཀྱི་མཁས་པ་ཞིག་གིས་ཁྱེད་བོད་མི་རྣམས་ཞེས་བརྗོད་ན་མི་འོས་པ་དང༌། ཀློག་མཁན་རྣམས་ལ་རྩོམ་པ་པོ་ཉིད་བོད་མི་མ་ཡིན་པ་ཤིག་གི་སྣང་པ་ཏན་ཏན་སྟེར་པ་ཟད༌། ལྷག་པར་ཁྱེད་ཅག་གིས་འདོད་པའི་རྒྱལ་གཅེས་ཀྱི་མཁས་བ་སྔར་མེད་ཅིག་གི་དེ་འདྲ་གསུང་མི་སྲིད་སྙམ།
    ཆེད་རྩོམ་འདིའི་ནང་དུ་སའི་གོ་ལའི་རྣམ་བཞག་དང༌། ཁྱད་པར་ཚན་རིག་གི་འདོད་པ་ལྟར་གྱི་འཛམ་གླིང་གཡོ་བའི་རྒྱུ་མཚན་ལྟར་གསལ་བོ་བཀོད་འདུག  དཔེར་ན་འཛམ་བུ་གླིང་འདི་རིལ་འོག་རྟེན་པ་མེད་པར་སྣང་ལས་ཆགས་ཡོད་པས་རྐྱེན་གཡོ་བཞིན་ཡོད་པ་དང། གཟའ་འཛིན་བྱུང་དོན་ནི་དངོས་གནས་སའི་གོ་ལའི་གྲིབ་མ་ཟླ་བ་ལ་ཕོག་པ་དེ་ནས་བྱུང་བ་ཡིན་པ། རིལ་མོའམ་ཟླུམ་པོ་ཡིན་པའི་རྒྱུ་མཚན་ཡང་སའི་གོ་ལའི་གཟུགས་ཟླ་བ་ཕོག་དུས་གྲིབ་མ་སྒོར་སྒོར་ཡིན་པ་སོགས་སྒྲུབ་བྱེད་ལྔ་བཀོད་འདུག  དེ་བཞིན་སའི་གོ་ལའི་སྤྱི་འཁོར་དང༌རང་འཁོར་གཉིས་དང་། དུས་བཞིའི་རྣམ་བཞག་སོགས་ཚན་རིག་གི་ལུགས་ལྟར་གསལ་བོ་བཀོད་འདུག  འདི་དང་བསྡུར་ན་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་རྩོམ་ཐུང་བོད་ཀྱི་གསར་འགྱུར་མེ་ལོང་ཐོག་བཀོད་པ་ཁ་བྱང་དུ་༼འཇིག་རྟེན་རིལ་མོའམ་ཟླུམ་པོ༽ཞེས་པའི་ནང ༼དེང་དུས་འཛམ་གླིང་ཡོངས་དང༌།  སིངྒལ་དང༌། འབར་མ་སོགས་ནང་བའི་རྒྱལ་ཁམས་དག་གིས་ནང་དུ་ཡང་སའི་གོ་ལ་ནི་རིལ་རིལ་ལས་ལེབ་ལེབ་ཏུ་མི་འདོད་ཅེས་གཏམ་རྒྱུད་ཙམ་ལས༌། ཟླུལ་པོ་ཡིན་པའི་རྒྱུ་མཚན་སོགས་ཅི་ཡང་བཀོད་མེད༌།  ཡང་༼འཛམ་གླིང་རྒྱས་བཤད༽ཅེས་པའི་རྩོམ་འདིའི་ནང་དུ་སའི་གོ་ལའི་འཐེན་ཤུགས་དང༌། བར་སྣང་ནས་མི་ལྷུང་བའི་རྒྱུ་མཚན་ཡང་འཛམ་གླིང་གི་ཤུགས་ཀྱིས་འཐེན་པས་ལྷུང་མི་ཐུབ་ཅེས་དང། ཇི་ལྟར་ང་ཚོས་འཛམ་གླིང་གཡོ་བ་མི་ཤེས་བ་ནི་དཔེ་ཆུ་བསྐོར་ལ་བཞག་ན་དེ་ལ་སྲོག་ཆགས་འབུ་སྲིན་ཞིག་འབྱར་བ་དེས་ཆུ་བསྐོར་འཁོར་བ་ཤེས་པ་མེད་དོ་ཅེས་གསུང་ཡོད་པ་དང་། དགེ་ཆོས་ཀྱི་རྩོམ་ཐུང་དེའི་ནང་འཛམ་གླིང་གཡོ་བའི་སྐོར་ཟུར་ཙམ་ཡང་གླེང་མི་འདུག་ལ། སའི་གོ་ལ་བསྐོར་ཀྱང་འཁོར་བ་དང༌། བདག་ཅག་རྣམས་ཕྱོགས་གཅིག་ནས་ཕྱོགས་གཅིག་ཏུ་མི་ལྷུང་བའི་རིགས་པ་འདི་སའི་གོ་ལ་རིལ་རིལ་ཡིན་པ་དང༌། བསྐོར་ནས་འགྲོ་བའི་རིགས་པ་གཙོ་ཆེ་བ་ཞིག་ཡིན་མོད། དགེ་ཆོས་ཀྱི་དེའི་སྐོར་གཅིག་ཀྱང་མ་བཤད་པ་ནི་ཅི་བས་ཀྱང་ཡ་མཚར། འཛམ་གླིང་རྒྱས་བཤད་ནང་འཛམ་གླིང་གི་སའི་ཆགས་ཚུལ་དང༌། གླིང་ཆེན་དྲུག་དང། རྒྱ་མཚོ་ཆེན་པོ་ལྔ་སོགས་ས་དབྱིབས་སོགས་དང༌། སའི་གོ་ལའི་ཐོག་འོག་གི་འཁྱག་རོམ་སོགས་ཀྱི་སྐོར་དང༌།  དེ་ལས་ཀྱང་ཡ་མཚར་བ་ཞིག་ལ་༼ས་བཀྲ་འདི་ལ་གཟིགས་དང༽ཞེས་འཛམ་གླིང་གི་ས་ཁྲ་ཞིག་ཀྱང་ཡོད་མདོག་འདྲ་བ་ཞིག་གསུངས་འདུག་ལ།  དགེ་ཆོས་ཀྱི་རྣམ་ཐར་གང་དུ་ཡང་འཛམ་གླིང་གི་ས་ཁྲ་ཞིག་ཡོད་པ་མ་མཐོང་ངོ། །

     ཡང་འཛམ་གླིང་རྒྱས་བཤད་འདིའི་ནང་དུ༌གཟའ་བདུན་ཡོད་པ་དེ་ལ་འོད་མེད་པ་དང༌། དེ་དག་གི་འོད་ཡོད་པ་ནི་ཉི་མའི་འོད་ཕོག་པ་ཡིན་པ་དང༌། ཉི་མའི་འོད་ཆེ་བ་དང༌ཉི་མ་དང་སའི་གོ་ལའི་བར་ཐག་དང་། འོད་ཀྱི་རྒྱུ་ཚད་སོགས་ཀྱང་གསལ་བོར་གསུང་འདུག་ཅིང་།  འདི་ལྟ་བུའི་ཚན་རིག་གི་ལྟ་བ་ནས་འཕྲོས་ནས་བརྩམས་པའི་ཆེད་རྩོམ་ལ༌དབྱིན་ཇིའི་ཆུ་ཚད་དང༌ཚན་རིག་གི་སློབ་སྦྱོང་བཟང་བོ་དགོས་པས།  ལར་ཏུ་ཕྲན་གྱིས་བསམ་པར་དགེ་ཆོས་ནི་བོད་ཀྱི་རིག་གཞུང་དང༌དཔྱད་སྟོབས་ཀྱི་རིག་པ་ཆེ་བ་ཙམ་ལས་ནུབ་ཀྱི་ཚན་རིག་སོགས་ལས་སློབ་སྦྱོང་དེའི་འདྲའི་རྩལ་ཏུ་ཐོན་པ་ཞིག་མ་ཡིན་སྙམ།

       དཔེར་ན་དགེ་ཆོས་ཀྱིས་གྷི་རིག་གི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་ Alexander Greatསྐོར་གླེང་སྐབས།  དམག་དཔོན་དེའི་དགེ་རྒན་གྷི་རིག་གི་མཁས་པ་ཆེན་པོ་ཨིས་ཏོལ་Aristotleགྱི་ཡིན་པ་སྐོར་གང་ཡང་གླེང་མི་འདུག་པ་མ་ཟད།  ཁྱད་མཚར་བ་ཞིག་ལ༌གྷི་རིག་གི་སྟོན་པ་ཨིས་ཏོལ་ནི་སངས་རྒྱས་ཀྱི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་གི་གོང་རོལ་ན་སྐྱེས་པ་དང༌། རྒྱུ་སྐར་ཉེར་བརྒྱད་དང་། ཁྱིམ་བཅུ་གཉིས། སྒྲ་གཅན།  དུས་མེ་ལ་སོགས་པའི་གཟུགས་དང་རྒྱུ་སྟངས། དབང་ཐང་། སྐར་འབྲས་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་ཞེས་གཞན་དུ་མ་གྲགས་པ་ཞིག་གསུང་ཡོད་མོད། གྷི་རིག་གི་ལོ་རྒྱུས་ཅུང་ཟད་ཤེས་མཁན་ཞིག་ཡིན་ན༌སྟོན་པ་ཨོས་ཏོས་ནི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་གྱི་སློབ་དཔོན་ཡིན་པ་དང༌། འཁྲུངས་ལོ་ཡང་སྟོན་པ་མ་སྐྱེས་པའི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་ཅིག་མ་ཡིན་པར་བདག་ཅག་གི་སྟོན་པ་འཁྲུངས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་ཞིག་གི་རྗེས་སུ་འཁྲུངས་པ་དང།  སྤྱིར་རྒྱ་གར་འཕགས་ཡུལ་གྱི་སྐར་རྩིས་ལ་གྷི་རིག་དང༌བ་བྷེ་ལོན་གྱི་ཤན་ཞུགས་པ་ངེས་པར་ཏུ་ཡོད་མོད།རྒྱུ་སྐར་ཉེར་བརྒྱད་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་པ་དགེ་ཆོས་རང་གི་རང་བཟོ་དང༌། གྷི་རིག་དང་སྐར་རྩིས་ལོ་རྒྱུས་སོགས་ལ་མཁྱེན་རྒྱ་ཆུང་བའི་རྟགས་ཡིན། དེ་ལས་འཕྲོས་ཏེ་དགེ་ཆོས་ཀྱིས་གྷི་རིག་གི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་གྱིས་ཏ་ཟིག་དབང་དུ་བསྡུས་པའི་ལོ་ཚུགས་དང།  རྒྱ་གར་ཏུ་བྱོན་པའི་ལོ་ཚིགས། དམག་དཔོན་དེ་འདས་པའི་ལོ་ཚིགས་སོགས་ཀྱང་དཔྱད་པ་བྱ་བ་མང་དུ་འདུག་མོད།  བརྗོད་བྱ་མ་ཡིན་པས་རེ་ཞིག་བཏང་སྙོམས་སུ་བཞག་པར་བྱའོ།།
      དེ་ལས་ཀྱང་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་པ་ནི། ཆེད་རྩོམ་འདིའི་ནང་གླིང་ཕྲན་རྣམས་དང༌།  རྒྱབ་ཁབ་སོ་སོའི་ལོ་རྒྱུས་སོགས་གླེང་བའི་སྐབས་སུ་གསལ་བོ་བཀོད་འདུག  དཔེར་ན་བྱང་ཨ་རིའི་གླིང་གི་སྐོར་གླེང༌སྐབས༼འཁོ་ལོམ་འབོག་དེས་ལོ་བཞི་བརྒྱ་དང་སུམ་བཅུ་སོང་ཟེར༽དེ་ན་ལོ་ཚིགས་ཀྱི་གོང་ཞིག་སྒྲིག་ན་དགེ་ཆོས་ཀྱི་གསུང་མ་ཡིན་པ་ཐག་ཆོད། རྩོམ་དེའི་ནང་འཁོ་ལོམ་འབོག་དེས་བྱང་ཨ་རི་རྙེད་ནས་ལོ་སུམ་བརྒྱ་དང་སུམ་བཅུ་སོང་བ་ཡིན་ན།  འཛམ་གླིང་རྒྱས་བཤད་འདི་བརྩམས་པའི་ལོ་ནི་༡༩༢༢ལོ་ཡིན་དགོས་ཤིང༌།  ཡོངས་གྲགས་སུ་འཁོ་ལོམ་འབོག་གིས་བྱང་ཨ་རི་ནི་༡༤༩༢་ལོ་རྙེད་པ་ཞིག་ཡིན་པར་བཤད།  ཡང་ཤོག་གྲངས་༢༩༦སྟེང་ཨེན་ལན་སྟེ་དེང་དུས་ཡོངས་ཁྱབ་ཏུ་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྐོར་རྗོད་སྐབས་ཨ་རིའི་རང་བཙན་གྱི་དམག་འཁྲུག་དང༌།  ཐོག་མར་ཆར་བྱང་ཨ་རི་འདི་དབྱིན་ཇིའི་མངའ་འོག་ཡིན་ཚུལ་དང༌།  དེ་ནས་དམག་དཔོན་ཆེན་མོ་ལྦ་ཤིང་ཐོན་(George Washington-1732- 1799) གྱིས་དབུ་ཁྲིད་ཏེ་ཨ་རི་ལ་རང་བཙན་ཐོན་པ་ཡིན་ཚུལ་དང༌།  ༼ཨ་རི་ལ་རང་བཙན་ཐོན་ནས་ད་ཕན༽ཞེས་འཛམ་གླིང་རྒྱས་བཤད་འདི་བརྩམས་པའི་ལོ་ནི་ལོ་བརྒྱ་དང་བཞི་བཅུ་ཞེ་དྲུག་ཅེས་ལོ་ཚིགས་༡༩༢༢ཡིན་པ་བསྟན་ཡོད།  ཨ་རི་ནི་༡༧༧༦ལོར་རང་བཙན་ཐོབ་པ་ཡིན།

      ཡང་ཆེད་རྩོམ་དེའི་མཇུག་རྩོམ་ལྟ་བུ་ལ།  བོད་དུ་ནུབ་ཀྱི་མཁས་པ་དང༌།  ཡེ་ཤུ་ཆོས་སྤེལ་མཁན་པ།  ཚོང་དོན་པ།  དམག་དཔོན་སོགས་སླེབས་པའི་ལོ་ཚིགས་བཀོད་འདུག་པ་དང༌།་དེ་དག་གིས་ཀྱིས་ཀྱང་ཆེད་རྩོམ་འདི་༡༩༢༢ཡས་མས་ཤིག་ལ་བརྩམས་པ་གསལ་བོ་བཀོད་འདུག༌།་་དཔེར་ན་ཤོག་གྲངས་༣༠༥་ནང་དུ་བོད་དུ་ཕེབས་པའི་ཡོ་རོབ་པའི་མི་ཐོག་མ་ནི་བླ་མ་ཨོ་རྡོག་ཨིག་ Franciscan Odoric ཕྱི་ལོ་༡༣༣༢ཙམ་ལ་བོད་དུ་སླེབས་པ་དང༌།  མུ་མཐུད་དུ༌ཡེ་ཤུ་ཆོས་སྤེལ་བ་གུར་སྦེད་ John Grueber ཟེར་བ་དང༌། སྡེའུ་སྦེར Albert d'Orville ཟེར་བ་གཉིས་ལྷ་ས་རུ་ཐོན་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་ལྔ་བདུན་ཞེས་བརྩམས་པའི་ལོ་ནི་༡༩༡༩ཞེས་༡༩༢༢ལས་ཀྱང་ཉུང་བར་བྱས་འདུག   རྒྱུ་མཚན་ནི་ཡེ་ཤུ་ཆོས་སྤེལ་བ་དེ་གཉིས་༡༦༦༡ལོར་པེ་ཅིན་ནས་ཆས་ཏེ་ཟི་ལིང་བརྒྱུད་ཕྱི་ལོ་ལྷ་ས་རུ་འབྱོར་བ་དང༌།  དེ་དུས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་ནས་ལོ་ཉི་ཤུ་ལྷག་མ་གཏོགས་མ་འགོར་བར་བཤད་ཅིང༌།  དབྱིན་ཇི་བ་མ་ནིང་ལྷ་ས་ལ་བྱོན་ནས༡༨༡༡ལོ་བརྒྱ་དང་བཅུ་གཅིག་ཅེས་དང་། དབྱིན་ཇི་བ་སྤུ་སྒེལ་ཟེར་གཙང་དུ་སླེབས་ནས་ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་སོང་ཞེས་བརྩམས་པའི་ལོ་ཚིགས་ནི་༡༩༡༨བྱས་འདུག  དབྱིན་ཇི་བ་འདིའི་སྐོར་དགེ་ཆོས་ནས་ཀྱང༌གཏམ་རྒྱུད་གསེར་ཐང་ཏུ་མདོར་བསྡུས་ཤིག་གསུང་འདུག་སྟེ། དཔེར་ན་གསེར་ཐང་ལས༼པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐབས་ཕྱི་གླིང་བའི་ཕོ་ཉ་བྷོ་གིལ་བུ་བ་ཞིག་འབྲུག་བརྒྱུད་ནས་གཙང་དུ་སླེབས་ཏེ་ཡིན་རིང་བསྡད༌། པཎ་ཆེན་མཆོག་ནས་སྤྱན་གཟིགས་ཆེ་བྲ་མཛད༽ཅེས་ལོ་རྒྱུས་ཐར་ཐོར་ཅིག་ཀྱང་གསུང་འདུག  དེ་ལྟར་རྩོམ་འདིའི་ནང་གི་ལོ་རྒྱུས་ཁ་ཤས་ལ་གཞིར་བཞག་ན༼འཛམ་གླིང་རྒྱས་བཤད༽འདི་བརྩམས་པའི་ལོ་ནི་༡༩༡༨་དང༌། ཡང་ན་༡༩༡༩དང༌། ཆེས་ཡིད་ཆེས་བྱས་ཆོག་པའི་ལོ་ནི་༡༩༢༢ཡིན་པར་ངེས། ལོ་ཚིགས་དེ་དག་གིས་དགེ་ཆོས་ཀྱི་མ་བརྩམས་པའི་སྒྲུབ་བྱེད་དུ་ཇི་ལྟར་འགྲོ་ཞེ་ན།  དེ་ཉིད་དགེ་ཆོས་ཀྱི་མི་ཚེ་ལོ་རྒྱུས་སུ་གཟིགས་ན་གསལ་བོ་འགྲོལ་ངེས་ཏེ།  གོང་གསལ་ལྟར་དགེ་ཆོས་ནི་༡༩༠༣ལོར་འཁྲུངས་ཤིང༌དགུང་ལོ་བཅུ་དགུ་སྟེ་༡༩༢༢་ཙམ་ལ་བླ་བྲང་དུ་ཆོས་གྲྭར་ཞུགས་པ་དང༌།་༡༩༢༧ལོར་ལྷ་ས་དང༌།  ༡༩༣༤ལོ་ལ་རྒྱ་གར་ཕེབས་པ་དང༌། ༡༩༤༨ལོ་ཕྱིར་བོད་དུ་ཕེབས་པ་དང༌།  རབ་བྱུང་༡༦པའི་ལྕགས་ཡོས་སྟེ་༡༩༥༡ལོར་འདས་པར་བཤད།  དེ་ལྟར་ལོ་ཚིགས་ཀྱི་གོང་བསྒྲིགས་ཏེ་༼འཛམ་གླིང་རྒྱས་བཤད༽འདི་དགེ་ཆོས་ཀྱིས་བརྩམས་པ་ཡིན་ན་དགེ་ཆོས་བླ་བྲང་དུ་ཕེབས་པའི་ལོ་དེར་ངེས་པར་ཏུ་རྩོམ་དགོས་པས་ན་གོང་གསལ་ལོ་ཚིགས་ལས་ཤེས་ཟིན་པ་ལྟར་རྩོམ་མི་སྲིད་པ་ཅིག་རེད། དགེ་ཆོས་ཀྱིས་ཨ་རི་བ་ཤེས་རབ་བསྟན་འཕེལMarion Griebenowགྱི་དྲུང་ནས་དབྱིན་ཇི་སྦྱངས་ཟེར་བའང་སྐྱག་རྫུན་ཡིན་པ་རྗེས་སུ་རིམ་གྱིས་ཡོང་མུས་དང༌།་གལ་སྲིད་དེ་འདྲ་ཡིན་དུ་ཆུག་ཀྱང་བླ་བྲང་དུ་ཡོང་བའི་རྗེས་སུ་སྦྱངས་པ་ཡིན་པ་ལས། ཁོང་གི་སྔོན་གྱི་ཆོས་གྲྭ་ལྡི་ཚ་དང༌།  ཞོ་འཕོང་སོགས་ནས་སྦྱངས་པ་ག་ལ་ཡིན།  བོད་མིང་དུ་ཤེས་རབ་བསྟན་འཕེལ་ཟེར་བའི་ཨ་རི་བ་དབྱིན་ཇི་བ་ཟེར་བ་དེས་བརྒྱབ་པའི་པར་དང༌། བསྐུར་བའི་ཡི་གེ་ཤུལ་བཞག་རྣམས་དེང་དུས་ཨ་རི་རུ་མཐོང་རྒྱུ་ཡོད་པ་མ་ཟད།  ཁོང་ནི་འཛམ་གླིང་གི་ས་རྒྱུས་ལ་རྒྱུས་མངའ་དེ་འདྲ་ཡོད་པ་དང༌། བོད་ཡིག་ལ་དེ་འདྲ་ཡག་པོ་ཡོད་པའི་ཚིག་ཤིག་མེད་ཁར།  ཁོང་རང་དགེ་ཆོས་དང་འཕྲད་པའི་སྐད་ཆ་ཚིག་གཅིག་ཀྱང་མི་འདུག  ཤེས་རབ་བསྟན་འཕེལ་ནི་ཕྱི་ལོ་༡༩༢༡ཙམ་ལ་བླ་བྲང་དུ་ཕེབས་པ་དང༌།  ༡༩༤༩ བར་ཏུ་བླ་བྲང་དུ་བསྡད་པ་ཤིག་ཡིན།   སྒྲུབ་བྱེད་རྣལ་མ་ནི༌དགེ་ཆོས་བླ་བྲང་དང་།  ཐ་ན་དབུས་སུ་བཞུགས་སྐབས་སུ་དབྱིན་ཇིའི་ཡག་པོ་ཤིག་ཤེས་མེད་པ་ནི་༡༩༣༦ལོའི་ཟླ་༣ཚེས་༡༢ཉིན་ཡི་གེ་ཞིག་བསྐུར་བའི་ནང་༼ང་དབྱིན་ཇིའི་སློབ་བཞིན་ཡོད༽ཅེས་བྲིས་ཡོད་ལ།  ཡང་ལོ་དེའི་ཕྱི་ཟླ༢ནང་ཁོང་གིས་བསྐུར་བའི་དབྱིན་ཇིའི་ཡི་གེ་ཤིག་ཡོད་པ་དེ་གཤམ་གསལ་ལྟར་ཏེ།“I learned some English since last year. Now I am able to wrote some words hardly, but my pronunciation is still worse as English the opposite to བོད་སྐད”ཞེས་དབྱིན་བོད་སྐད་གཉིས་འདྲེས་མ་ཞིག་བྲིས་འདུག  བལྟས་ཙམ་གྱིས་ཡི་གེ་འདི་འདྲ་ནི་བྱིས་པ་ལོ་གསུམ་ཅན་ཤིག་གིས་བྲིས་པ་ལས༌སྲིད་ན་འགྲན་ཟླ་བྲལ་བའི་ལོ་ཙྰ་བ་ཆེན་པོའམ་ལོ་འགའི་རྗེས་སུ་༼དེབ་སྔོན༽སོགས་དབྱིན་ཇི་ལ་བསྒྱུར་བའི་མཁས་པ་ཆེན་པོ་དགེ་ཆོས་ཀྱིས་བྲིས་པ་ཞིག་རེད་ཅེས་ན་སུས་ཀྱང་རྣར་མི་འགྲོ་མོད།  དེ་ནི་དགེ་ཆོས་རང་བྲིས་དངོས་མ་ཡིན་པ་སུས་ལའང་བསྙོན་དུ་མེད་པ་ཞིག་རེད།

      ཡང་༼འཛམ་གླིང་རྒྱས་བཤད་དུ༽ཕྱི་གླིང་བའི་མི་ནག་འཕྲོག་པ་ནི་ས་ཡ་གཉིས་ཞེས་གྲངས་ཀ་ཞིག་གསལ་བོ་གསུངས་ཡོད་པ་དང༌།  དགེ་ཆོས་ཀྱིས་ཀྱང་གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་ཏུ༌།༼ཨ་ཕི་རི་ཀའི་ཡུལ་གཅིག་པུ་ནས་ཀྱང་མི་ལྟར་བཟུང་བ་ཐེར་འབུམ་ལྷག་ཙམ་དང༌།  རྒྱ་མཚོར་གཡུགས་པ་གྲངས་ཀྱིས་མི་ལོངས༽ཞེས་གྲངས་ཀ་ཞིག་གསུང་ཡོད་པ་དེ་ལས།   གྲངས་ཀ་གཉིས་རྩ་བ་ནས་མི་འདྲ་བ་གསུང་བ་དེས་ཀྱང་རྩོམ་འདི་གཉིས་མི་གཅིག་གིས་གསུང་བ་མ་ཡིན་པ་ཐག་ཆོད།

       ཡང་རྗེས་རབས་པས་འུར་བསྟོད་ཆེན་མོས་བོད་དུ་དགེ་ཆོས་ལྟ་བུ་སྔོན་དུ་བྱོན་མ་མྱོང་ལ༌ཕྱིས་ཀྱང་འབྱོན་དཀའ་བའི་ཚད་དུ་སྣང་ཞེས་དང༌། ཁ་ཅིག་གི་སྔོན་གྱིས་རྣམས་ནི་མི་རང་རང་སྙིང་ཁུངས་སུ་འཕྱུར་བའི་ལྟ་གྲུབ་གསར་བ་དང༌།  འདོད་ཚུལ་གསལ་ཅི་ཡང་ཕྱི་ལོགས་སུ་སྟོན་མ་ནུས་པའི་མཁས་པ་སྡར་མ་སོགས་དང༌། བོད་དུ་ཚན་རིག་གི་ལྟ་བ་དར་བར་བྱེད་མཁན་ཐོག་མར་ཡིན་པ་སོགས་གསུངས་མོད།  ལར་ཏུ་གོང་དུ་བཤད་པ་བཞིན་བོད་ཀྱི་གཅམ་བུ་བ་ཚོ་ཚན་རིག་དང་ནུབ་ཀྱི་ལྟ་གྲུབ་སོགས་ལ་མཁྱེན་རྒྱ་སོགས་ཅི་ཡང་མེད་ཁར་བོད་ཀྱི་རིག་གནས་དང་།  ལོ་རྒྱུས་སོགས་ལའང་མཁྱེན་རྒྱ་ཉུང་ཙམ་ལས་མེད་པའི་རྟགས་སུ་མངོན།  དེ་མིན་དགེ་ཆོས་ཀྱི་སྔོན་དུ་མཁས་པ་གྲངས་མང་པོ་བྱུང་ཡོད་པ་མ་ཟད།   བོད་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌བཙན་པོ་ནོ་མོན་ཧན།  ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན།  མ་ཡང་བཟོད་པ།  སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར་གྱི་སྤྲུལ་སྐུ་སོགས་རིགས་པའི་རྣམ་དཔྱོད་དང་ལྡན་ལ་ནུབ་ཀྱི་ཚན་རིག་དང་འཕྲུལ་ཆས་སོགས་ལ་འདྲིས་པ་གང་ཆེར་ཡོད་པའི་མཁས་གང་མང་མང་བྱོན་ཡོད་པ་མ་ཟད༌།་་དངོས་སུ་ནུབ་ཀྱི་ཚན་རིག་གི་ལྟ་བ་དང༌།་་རང་གི་ལྟ་བ་གསར་བ་བཏོན་པ་གང་ཐད་ནས་དགེ་ཆོས་ཀྱི་ལྡབ་འགྱུར་གྱིས་མཁས་བ་ལས༌།་མི་དམན་པ་ཡོད་ཅིང།་བློ་ཞིབ་པོའི་དཔྱད་པ་བྱས་ཚེ༌།་དགེ་ཆོས་ཀྱི་ནུབ་ཀྱི་ཚན་རིག་གི་ལྟ་བའི་སྐོར་ལ༌།་་མགོ་འབུས་ཙམ་ལས་ཤེས་ཡོད་མི་སྙམ་པ་དང༌།་དེ་བས་ཁོང་གི་ཚན་རིག་གི་ལྟ་བ་འདི་ཚེགས་ཆེ་དྲགས་པ་དང་ཀུན་གྱི་མོས་བ་ལོག་པས་དོན་མེད་དུ་འགྱུར་སྙམ་དུ་ལུས་་་ཞེས་གསུང་འདུག་དེ་ལ་ཐུག་པར་སྙམ།་དཔེར་ན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་དུ༌།འོད་ཀྱི་རླབས་མིག་འཛུམ་གཅིག་ལ་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་འཆར་ཞིང།་བཞི་བརྒྱ་གཡོ་བ་ལ་སེར་པོའི་སྣང་བ་སོགས་འཆར་བ་ལས༌།་ཁ་དོག་ཙམ་གཞིའི་ཕྲ་རབ་རྣམས་ལ་ཁ་དོག་གི་ཁྱད་ཅི་ཡང་མེད་པར་མཐོང༌།་་་ཅེས་གསུང་མོད།་དོན་གྱིས་་འོད་དང་ཁ་དོག་ནི་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བ་ཞིག་ལས་རང་རྐྱ་ཐུབ་པའི་རྫས་ཡན་གར་བ་ཞ?ག་མ་ཡིན་ཞིང༌། ཁ་དོག་རྣམས་འོད་ཀྱི་་རྡུལ་ཕྲན་གྱིས་འོད་རླབས་རྒྱུ་བའི་ཚད་ལས་པྱུང་བ་ཞིག་ཡིན་ཞིང༌། ང་ཚོས་མིག་དབང་དུ་མཐོང་དུ་ཡོད་པའི་ཁ་དོག་མི་འདྲ་བ་སྟེ༌། དམར་པོ་དང༌། ལི་ཁྲིའི་མདོག༌། ལྗང་ཁུ་དང་སྔོན་པོ༌། མཐིང༌། མུ་མེན་མདོག་རྣམས་་རྡུལ་ཕྲན་གྱི་འོད་རླབས་རྒྱུ་བའི་ཚད་དང་རྒྱུ་བའི་ནུས་བ་མི་འདྲ་བ་དེ་ལ་བརྟེན་ནས་པྱུང་བ་ཡིན༌།༌།་གཤམ་ཏུ་ཤེས་གསལ་ལྟར༌།་དགེ་ཆོས་ཀྱིས་ཚན་རིག་གི་་འོད་དང་ཁ་དོག་གི་ཁྱད་པར་ཙམ་ཡང་མ་ཤེས་པར།་་་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་འཆར་ཞིང།་བཞི་བརྒྱ་གཡོ་བ་ལ་སེར་པོའི་སྣང་བ་སོགས་གསུང་མོད༌།་་དོན་གྱི་རིམ་པ་བཞིན་འོད་ཀྱི་རླབས་བཞི་བརྒྱ་ཙམ་གཡོ་བ་ནི་མུ་མེན་གྱི་མདོག་དང༌།་་བརྒྱད་བརྒྱ་ཙམ་གཡོ་བ་ནི་དམར་པོ་མཐའ་ཟད་སྟེ༌།་མིག་གི་མཐོང་མི་ཐུབ་པའི་འོད་ཀྱི་རིགས་ཡིན་པས༌།་དམར་པོའི་སྣང་བ་འཆར་མི་སྲིད་པ་ཞིག་ཡིན༌།

      དགེ་ཆོས་ཀྱིས་འཛམ་གླིང་རྒྱས་སུ་ཚན་རིག་གི་འོད་དང་ཁ་དོག་གི་ལྟ་་བ་འདིགཟུགས་དང་གཟུགས་འཛིན་པའི་ཚད་མ་གཉིས་རྫས་གཅིག་ཏུ་འདོད་པའི་སེམས་ཙམ་པའི་ལུགས་ལྟ་བུ་ཞིག་ཏུ་བཞག་འདུག་མོད།་དོན་གྱིས་།་མདོ་སྡེ་བའི་ལུགས་དང་ཤིན་ཏུ་མཐུན་པ་མ་ཟད།་ཚན་རིག་པ་མང་ཆེ་བས་སེམས་ཞེས་གཟུགས་ཕྲ་རགས་གཉིས་ཀྱི་མ་གྲུབ་པའི་དངོས་བོ་ཤིག་ལོགས་སུ་མེད་པར་འདོད་ཅིང༌།་་དགེ་ཆོས་ཀྱིས་དངོས་བོ་ཐམས་ཅད་གློག་གི་རྦ་ཀློང་ནང་དུ་རྒྱུག་ཀྱིན་ཡོད་པ་དང༌།་གཅེར་བུ་བ་ལྟར་ལྗོན་ཤིང་སེམས་ལྡན་དུ་ཁས་ལེན་པ་སོགས་པ་ཚན་རིག་གི་ལུགས་འདྲ་བ་ཞིག་དྲངས་ཡོད་པ་ཡང་དགེ་ཆོས་རང་གིས་གསར་བཟོ་ཡིན་པ་ལས༌། ཚན་རིག་གི་གཞུང་རྣལ་མ་ཞིག་མིན།

       འོ་ན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་ན༌།་སུས་བྲིས་བ་རེད་དམ་ཟེར་ན༌།་་དགེ་ཆོས་མ་ཡིན་པའི་མཁས་བ་ཆེན་པོ་བོད་ཀྱི་ཡི་གེ་དང༌།་ཁྱད་པར་ནུབ་ཀྱི་ལྟ་གྲུབ་ལ་མཁས་བ་ཞིག་གིས་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་བརྩམས་པར་ངེས་མོད༌།ཉེ་ལམ་མཐའ་ཅིག་ཏུ་འདིའོ་ཞེས་དཀའ་བ་ཤིག་ཏུ་སྣང་ཡང༌།་་གོང་ཏུ་ཁྱེད་བོད་པ་ཚོར་ཞེས་བོད་མ་ཡིན་པ་འདྲ་བོ་ཤིག་དང༌།་རྗེས་སུ་ཡང་རྨའི་མིང་ཅན་གྱིས་སོགས་བྲིས་ཡོད་སོགས་ལ་བརྟེན་ན་བོད་རིགས་མ་ཡིན་པའི་མཁས་བ་ཆེན་པོ་ཡིན་ནམ་སྙམ༌།་ཡིན་ནའང་དེའི་སྐོར་ཕྲན་གྱིས་༢༠༠༧ལོའི་དབྱར་ཁར་དེབ་དེའི་ཐོག་མའི་རྩོམ་སྒྲིག་པ་རྣམ་དཔྱོད་ཅན་རེབ་གོང་བ་རྡོ་རྗེ་རྒྱལ་ལ དོགས་གཞི་བཅར་འདྲི་ཞུ་སྐབས། ཁོང་གིས་འདི་ལྟར་གསུང་བྱུང་། དགེ་ཆོས་ཀྱིས་ངག་བཅོལ་ལྟར་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་།མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།

       དེ་ན་དོགས་པ་སློང་པ་དང་བཞད་གད་བྱས་དགོས་བ་འདི་ཡོད་ཏེ་། དགེ་ཆོས་ཀྱིས་ཅི་ཕྱིར་གཞན་གྱིས་བྲིས་བའི་རྩོམ་ཞིག་རང་རྩོམ་གྲས་སུ་འཇོག་དགོས་སམ་། བཞན་མཁས་བ་དག་གིས་རྗེས་སུ་མ་ཆོད་། ་རང་མཁས་བ་མིན་པའི་མིང་ཁུར་མ་འདོད་། དེ་ནས་བཞན་གྱིས་མ་ཤེས་བ་དང་ཉམས་མ་བཞག་པ་འགའ་ཞིག་རྒྱུ་མཚན་དུ་བཟུང་ནས་གླེགས་བམ་དུ་བཀོད་། མཁས་པའི་ཆོ་ལོ་ལེན་མཁན་ཞིག་ཡིན་སྲིད་དམ། ལར་ཏུ་དགེ་ཆོས་ལ་འུད་བསྟོད་བྱས་མཁན་དག་གིས་དགེ་ཆོས་ནི་དུས་རབས་གསར་པའི་མི་ཞིག་དང༌།་མ་འོངས་བ་གཟིགས་པའི་བོད་ཀྱི་མཁས་བ་ཆེན་པོ་་ཤིག་ཡིན་པར་བཤད་མོིན།ད།་་སེམས་རྣལ་དུ་ཕབ་ནས་སྐད་ཆ་དྲང་བོ་བརྗོད་ན༌།་དགེ་ཆོས་ཀྱིས་ཁོང་བཞུགས་པའི་དུས་རབས་དེའི་ནང་འཛམ་གླིང་ནང་ཚན་རིག་དང༌།་སྲིད་དོན༌།་་མི་རྣམས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་འགྱུར་ལྡོག་བྱུང་ཡོད་པ་དང༌།་ལྷག་པར་འཛམ་གླིང་དུ་འཁྲུག་ཆེན་གཉིས་དང།་རྡུལ་ཕྲན་མཚོན་ཆ་དང༌།་ཡ་དབྱིན་སི་ཐིན་གྱི་དུས་རྟེན་འབྱུང་གི་ལྟ་བ་སོགས་གསར་ཏུ་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པ་དང༌།་་བོད་དུ་དབུས་སུ་རྒྱལ་དབང་བཅུ་གསུམ་པའི་དབུ་ཁྲིད་འོག་ཆོས་སྲིད་གཉིས་ཀྱི་ཐད་ལ་བཅོས་སྒྱུར་བྱས་ནས་ཅུང་མ་འགོར་བ་དང།་མདོ་སྨ་ཁུལ་དུ་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་དང།་ཨ་ཕ་ཨ་བློ་སོགས་ཀྱི་དབུ་ཁྲིད་ཀྱི་འོག་དེང་རབས་ཀྱི་སློབ་གྲ་དང༌།་འཛམ་གླིང་གི་སའི་གོ་ལ་སོགས་བཞེངས་བའི་སྐབས་ཡིན་མོད།་་དགེ་ཆོས་གྱིས་དེ་དག་གི་སྐོར་ལ་སྐད་ཆ་ཅི་ཡང་བཤད་མེད་པ་མ་ཟད༌།་བོད་ཀྱི་སྔོན་གྱི་མཁས་བ་ལྟར༌།་་བོད་ཀྱི་ཆོས་དང༌།་རིག་གཞུང༌།་དེ་དག་ལ་དཔྱད་པའི་གླེགས་འགའ་བརྩམས་ཡོད་པ་ལས༌།་་སྔོན་གྱི་མཁས་བ་ཆེན་པོ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ལྟར་།་བོད་དུ་རིག་པའི་གཞུང་གསར་བ་རང་རྐྱ་ཐོན་པ་ཤིག་གསར་ཏུ་བཏོན་མེད༌།་་དེ་བས་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ༌།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་གསུང་འབུམ་ནང་གི《འཛམ་གླིང་རྒྱས་བཤད》ཅེས་པ་དགེ་ཆོས་ཀྱིས་བརྩམས་པ་མ་ཡིན།

2009-12-29 རྡོ་སྦིས་བློ་བཟང་ཡོན་ཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།