ལོ་གསར་སྟོན་བཤད་ལས་མས་གཏམ་འཇིག་རྟེན་གྱི་རིམ་པ།

རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-10

མས་གཏམ་ལའང་སྟེང་ན་རྗེའི་གདུང་རབས།འོན་ན་འབངས་ཀྱི་མི་རབས།སྟོང་སྡེ་སྲིད་པའི་ཆགས་ཚུལ་དང་གསུམ་ལས་དང་བོའི་དབང་དུ་བཏང་ན།འཇིག་རྟེན་ཐོག་མར་ཆགས་ནས་ཡུན་རིང་མ་སོང་བའི་དུས་མི་ལ་ཕོངས་ཕྱུག་དང་ལོངས་སྤྱོད་ལ་གསོག་འཇོག་མེད་ཅིང་།དཔོན་གཡོག་གི་ཐ་སྙད་མེད་དེ་བསམ་གཏན་ལྷ་གནས་དང་ཆ་འདྲ་བའི་བདེ་སྐྱིད་ཆེན་པོས་འཚོ་ཡང་།བསྐལ་པ་མར་འགྲིབ་པས་བསོད་ནམས་རིམ་གྱིས་བྲི་སྟེ་འབྱུང་བ་དྭངས་མའི་ཟས་རྣམས་ནུབ།སྐྱེ་བོ་རྣམས་འབྲས་སྰ་ལུའི་ཞིང་ལ་སྤྱོད་པའི་སྐབས་སུ་ལོ་ཏོག་ལ་གསོག་འཇོག་དྲན་ཞིང་ང་ཁྱོད་ཀྱི་རིས་སུ་བཅད་དེ་ཕན་ཚུན་མི་མཐུན་པར་རྩོལ་པ་ན་རྒྱལ་པོ་ལ་སྔ་བ་མང་བོས་བཀུར་བ་བྱུང་སྟེ།དྲང་བོའི་གཞུང་ལམ་བཟུང་།ལོངས་སྤྱོད་ཆོས་བཞིན་བགོས།རྩོད་པའི་ཟུག་རྔུ་ཕྱུངས་པས་དྲིན་ལན་དུ་དྲུག་ཆའི་དཔྱ་ཐང་གིས་མཆོད།མི་ལ་མཐོ་དམན་ཕྱེ་སྟེ་རྗེ་དང་འབངས་སུ་བཞགདབང་རྗེ་ལ་གཏད་དེ་སྐྱིད་སྡུག་ཤེས་སུ་འཇུག་པའི་སྲོལ་བཏོད།དེའི་བུ་བརྒྱུད་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་སོགས་ནས་ཤྰཀྱའི་རྒྱལ་པོ་ཟས་གཙང་མ་མཆེད་བཞིའི་བར་དུ་རྒྱལ་པོ་དང་རྒྱལ་རིགས་འབུམ་ཕྲག་ལྷག་པའི་གདུང་རབས་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་བྱུང་།རྒྱལ་པོ་ཟས་གཙང་གི་སྲས་བཅོམ་ལྡན་འདས་དང་མཛེས་དགའ་བོ་གཉིས།བཅོམ་ལྡན་འདསཁབ་ན་བཞུགས་དུས་ཀྱི་སྲས་སྒྲ་གཅན་འཛིན་ཏེ།འདི་ཡན་ཆད་ཀྱིས་མང་བོས་བཀུར་བའི་རྒྱལ་རྒྱུད་དངོས་རྫོགས་པར་གསུངས།གཞན་ཡང་མ་ག་ངྷ་དང་།ཀོ་ས་ལ་དང་།ཀོ་ཤམྦྷའི་རྒྱལ་པོའི་རིགས་དང་།ལི་ཙྰ་བིའི་རིགས་སོགས་གྲགས་པ་ཅན་གྱི་རྒྱལ་པོའི་རིགས་མང་།དེའི་རྗེས་ཉི་མའི་རིགས་ལས་འཛམ་གླིང་གི་རྒྱལ་པོ་མྱ་ངན་མེད་དང་སྙིང་བོའི་ཐིག་ལེ་དང་སེང་གེ་ལྔ་བ་སོགས་དང་།ཙནྡྲའི་རིགས་ཀྱི་རྒྱལ་རབས་མང་བོ་སྔོན་དུས་སུ་བྱུང་ཞིང་།ཕྱི་རྒྱལ་པོའི་གྲུབ་ཐོབ་གོ་པྰ་ལ་དང་དེ་བ་པྰ་ལ་དང་ཆོས་རྒྱལ་མྱ་ངན་མེད་ལ་གཟི་བྱིན་འགྲན་པ་རྒྱལ་པོ་ཆེན་པོ་དྷརྨ་པྰ་ལའི་རིགས་ཀྱི་རྒྱལ་པོ་མང་དུ་མཆེད་པས་མཚོན།བསོད་ནམས་ལས་ཤུགས་ཀྱིས་ཡངས་པའི་ས་ཆེན་པོ་ལ་དབང་བསྒྱུར་ཞིང་།མངའ་ཐང་ལོངས་སྤྱོད་ཀྱིས་དཀོན་མཆོག་གི་གདན་ཁྲི་འདེགས་པ།དཔུང་སྟོབས་གཟི་བརྗིད་ཀྱིས་གཞན་སྡེའི་རྒོལ་བ་ཟིལ་གྱིས་གནོན་པའི་རྒྱལ་པོ་དང་རྒྱལ་ཕྲན་མང་བོ་འཕགས་ཡུལ་ཤར་ནུབ་ལྷོ་བྱང་དབུས་ལྔ་ཀུན་ཏུ་བྱུང་།

བོད་གངས་ཅན་གྱི་ལྗོངས་འདིར་ནི་སྟོན་པས་འཇམ་དཔལ་རྩ་བའི་རྒྱུད་དུ་གསལ་བོར་ལུང་བསྟན་པ་ལྟར་འཕགས་ཡུལ་ལི་ཙྰ་བིའི་རིགས་ལས་མཚན་དང་ལྡན་པའི་གཞོན་ནུ་ཞིག་རྐང་འཁྱམ་སྟེ་རིམ་གྱིས་བོད་གཡོ་རུའི་ཡར་ལུང་ལྷ་རི་ཞོལ་བོའི་རྩེ་མོར་བྱོན་པ་ཕྱོགས་དེའི་རྫི་བོ་མང་བོས་མཐོང་ནས་གཉའ་བར་ཁྲི་བརྩེགས་ཏེ་རྗེ་བཀུར་བའི་ཆེ་མིང་བཙན་པོ་ཞེས་གསོལ་བ་མི་རྗེ་གཉའ་ཁྲི་བཙན་པོ་སྟེ།དེ་ནས་རིམ་པར་གནམ་ལ་ཁྲི་བདུན།ས་ལ་ལེགས་དྲུག ཚིགས་ལ་བཙན་ལྔ།ལེགས་ལ་ལྡེ་བརྒྱད།སྐྱིད་པའི་གདུང་རབས་བཅུ་གསུམ་སོགས་བྱུང་བའི་ནང་ཚན་མི་རྗེ་སྲོང་བཙན་སྒམ་པོས་དགེ་བ་བཅུའི་ཁྲིམས་བཅས་ཀྱང་ཁྲིམས་ཡིག་རྒྱས་པར་མ་མཛད་པ་ལ།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་འགོས་ཁྲི་བཟང་ལྷ་ལོད་རྗེ་བློན་གྱིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦོམ་ལ་ལྕི་བ་དང་།ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པ་གཉིས་སུ་ཕྱེ་སྟེ་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་བྲིས།འགྱུར་མེད་ཀྱི་ཕྱག་རྒྱས་བཏབ་སྟེ་ཁྲིམས་བསྡམས་པས་རྒྱལ་པོ་བཀའ་བཙན།ཁྲིམས་ལུགས་དྲང་ལསྙོམས།ཡུལ་མི་རྗེ་ལ་གུས་པས་རྒྱལ་ཁབ་བདེ་སྐྱིད་དང་ལྡན་པར་གྱུར།ཆོས་རྒྱལ་དྷརྨ་པྰ་ལ་དང་ཡང་ཕྲིན་ཡིག་གི་ལམ་ནས་མ་མཐོང་བའི་མཛའ་བོར་སྦྲེལ།ཕྱོགས་བཞིའི་འགྲན་ཟླ་ཆེ་དགུ་དབང་དུ་བསྡུས་ཏེ་ཆུ་བོ་གངྒའི་འགྲམ་དུ་རྡོ་རིང་བསླངས། སྲས་མུ་ཏིག་བཙད་པོས་རྒྱལ་ས་བཟུང་སྟེ་བོད་མིའི་ཕྱུག་དབུལ་ལན་གསུམ་བསྙམས།མངའ་བདག་རལ་བ་ཅན་གྱིས་དབོན་ཞང་གི་འཁྲུགས་པ་བསྡུམས་ཏེ་རྒྱ་རྒྱ་ཡུལ་དང་བོད་བོད་ན་སྐྱིད་པར་བྱས་པ་སོགས་མེས་དབོན་རྣམས་གསུམ་ཀྱིས་རྒྱལ་སྲིད་སྙིང་རྗེས་བསྐྱངས་པའི་མཛད་པ་རླབས་ཆེ།དེ་མཐར་རལ་བ་ཅན་གྱི་གཅུང་གླང་དར་མས་ཆོས་ཁྲིམས་བཤིག་པས་རྒྱལ་ཁྲིམས་རང་ཤུགས་ཀྱིས་ཞིགགདུང་རྒྱུད་སིལ་བར་འཐོར།དེ་ཕྱིན་མངའ་རིས་ཀྱི་བླ་མ་ཁུ་དབོན་སོགས་སྐྱེས་བུ་དམ་པ་མང་དུ་འཁྲུངས་ཀྱང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་།ཕྱིས་སུ་གནམ་སེ་ཆེན་རྒྱལ་པོས་མདོ་སྨད་རྟའི་ཆོལ་ཁ།མདོ་སྟོད་མིའི་ཆོལ་ཁ།དབུས་གཙང་ཆོས་ཀྱི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་དུ་ཕུལ་བས་བོད་ཁམས་མཐའ་དབུས་ཐམས་ཅད་དཔལ་ལྡན་ས་སྐྱ་བའི་ཆབ་འབངས་སུ་གྱུར་ཏེ་དཔོན་ཆེན་ཤྰཀྱ་བཟང་པོ་སོགས་བོད་སྤྱི་ལ་དབང་བའི་མི་དཔོན་རིམ་པར་བསྐོས་པ་རྣམས་ཀྱིས་ཧོར་ལུགས་དང་བསྟུན་པའི་ཁྲིམས་ཀྱིས་བཟང་ལ་གཏང་རག་དང་ངན་ལ་ཆད་པ་བྱས།དེའི་རྗེས་སུ་ལྷ་གཟིགས་རླངས་ཀྱི་གདུང་ལས་ཏྰའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ནས་ཕོ་བྲང་སྣེ་གདོང་རྩེ་བཟུང་།སྔོན་གྱི་བོད་ཆོས་རྒྱལ་མེས་དབོན་གསུམ་གྱི་ཁྲིམས་ཡིག་ལ་གཞི་བླང་བའི་བཀའ་ཁྲིམས་བཟང་བོ་གསར་དུ་བཅོས་ཏེ་བོད་ཁམས་བདེ་བར་བསྐྱངས།རབ་བྱུང་བཅུ་བའི་ནང་དུ་ཆེན་པོ་ཧོར་གྱི་ཡུལ་ནས་ཇིང་གིར་བསྟན་འཛིན་ཆོས་རྒྱལ་བྱུང་སྟེ་བོད་ཤིང་སྒོ་ཅན་མཐའ་དག་དཔུང་གིས་མནན།དབུས་གཙང་གི་སའི་ཆ་ཐམས་ཅད་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡབ་སྲས་ལ་ཕུལ།མི་རིང་བར་གནམ་བསྐོས་གོང་མའི་ཡུང་ལོ་རྒྱལ་པོས་ཀུན་མཁྱེན་ལྔ་བ་པེ་ཅིང་དུ་སྤྱན་དྲངས་ནས་ཏི་ཤྲིར་མངའ་གསོལ།གནམ་འོག་གི་སྐྱེ་བོ་མཐའ་དག་བསྟན་པ་གཅིག་ཏུ་གྱུར་པའི་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་མཚན་དང་།ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་ཕུལ་བ་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་དབུ་འཕང་དགུང་ལ་རེག་ཅིང་ལུགས་གཉིས་ཀྱི་བཀའ་ཁྲིམས་དྲང་བོར་བསྲང་པས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕྲིན་ལས་འོ་མཚོ་ལྟར་ཁ་གཏིང་མེད་པར་དཀའ་བའི་རྒྱུན་སླར་ཡང་འཕྱུང་ཏེ་བོད་ཁམས་ཐམས་ཅད་དཀར་ལ་མདངས་ཆེ་བར་བྱས།

སྣེའུ་གདོང་གོང་མ་གྲགས་པ་རྒྱལ་མཚན་ཁུ་དབོན་གྱི་རིང་ཙམ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གུང་བློན་ཆེན་པོ་བཞིའི་མཆོག་ཏུ་གྱུར་པ་མགར་སྟོང་བཙན་ཡུལ་བཟུང་གི་མི་རྒྱུད་ལས་བདེ་ཆེན་བསོད་ནམས་བཟང་བོ་ཞེས་བྱ་བ་ཁམས་སུ་བྱོན་ནས་ཆེན་པོའི་ལས་ཀ་བཟུང་བ་ན་མི་ཀུན་གྱིས་སྡེ་དགེ་ཞེས་འབོད་པར་བྱུང་སྟེ།སྡེ་རིས་དགེ་བར་སྐྱོང་བའི་རྟེན་འབྲེལ་དུ་གནམ་གྱིས་མིང་བྱིན་པར་གྲགས།དེའི་འོག་ཏུ་སྡེ་དགེ་བོ་ཐར་གྱིས་རྣམ་འབྱོར་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བཀའ་བཞིན་རྒྱལ་ཁབ་ལྷུན་གྲུབ་སྟེར་བཟུང་བ་ནས་བརྩམས་ཏེ་མེས་ལས་ཚ་དང་།ཚ་ལས་ཡང་ཚ་ལྷག་པའི་ཚུལ་གྱིས་མངའ་ཐང་ཇེ་ཆེར་རྒྱས་ཤིང་།གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་ཀྱང་ལུང་ལས་ཀ་ལག་རྟགས་དང་བཅས་པས་གཟེངས་བསྟོད་དེ་སྟོད་སྨད་ལྷོ་བྱང་སྟོང་སྡེ་ཁྲི་ཤོག་མང་བོ་ལ་དབང་བསྒྱུར།ལྷ་ཆོས་ལ་གཞི་བཅོལ་བའི་རྒྱལ་ཁྲིམས་འཇལ་ལ་ནོན་ཆེ་བ་བཅས་ཏེ།ལུགས་གཉིས་ཀྱི་སྲོལ་བཟང་སྔར་ཡོད་རྒྱུན་གསོས་ཤིང་སྔར་མེད་གསར་དུ་བཙུགས།ཁྲིམས་མཐུན་གྱི་ལེགས་བྱེད་གཏང་རག་གིས་སྤེལ།ཁྲིམས་འགལ་གྱི་དཔེ་ངན་ཆད་པས་བསྣུབས།མཐོན་པོའི་གོང་མནན།དམའ་བ་ཐབས་ཀྱིས་བསྐྱངས།འགྲན་ཟླ་དཔུང་ཤེད་ཀྱིས་བཏུལ།རྒྱལ་པོ་བཞུགས་གདན་དང་མ་བྲལ་ཡང་ས་མཐའ་སྙན་གྲགས་ཀྱིས་ཁེབས་ཏེ།ཕ་ཡུལ་ཐག་རིང་གི་མི་སྡེ་སྐྱིད་པའི་ལུང་འོག་ཏུ་བབས་ཀྱིས་འདུ་བ་བྱུང་།ཆོས་རྒྱལ་བསྟན་པ་ཚེ་རིང་གི་དུས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་མདོ་ཁམས་མི་ཉག་གི་ཡུལ་ནས་དབུ་རུ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་གདན་འདྲེན་པའི་མཐུན་གྱུར་ཞབས་ཏོག་བསྒྲུབས་པ་ནས་བཟུང་སྟེ་དབུས་ཀྱི་གཞུང་ས་ཆེན་པོ་དང་ཡང་ད་ལྟའི་བར་དུ་པད་མ་དང་ཉི་མའི་དཔེ་བཞིན་མཆོད་ཡོན་གྱི་འབྲེལ་ཟབ་ཐུན་མོང་མ་ཡིན་པ་གོང་འཕེལ་དུ་གནས་པ་འདི་བཞིན་ལགས།

འབངས་མིའི་གནས་ཚུལ་གྱི་དབང་དུ་བྱས་ནས།སྟོད་རྒྱ་གར་གྱི་ཡུལ་རྣམས་སྐལ་བ་བཟང་བོའི་གྲོང་ཁྱེར་ཡིན་པས་མིའི་མཆོག་དང་ལོངས་སྤྱོད་ཀྱི་རྩེ་མོ་འབྱུང་།སྡེ་མང་ལ་འབྱོར་བ་ཆེ།གཙུག་ལག་གི་གཞུང་དང་སྒྱུ་རྩལ་གྱི་རྣམ་གྲངས་མང་།ཚོང་འདུས་ཀྱི་ལྟད་མོ་དང་བཟོ་གནས་ཀྱི་འཕྲུལ་མོད།མི་རིགས་བཞིའི་རྣམ་དབྱེ་གསལ། མཐོ་དམན་གྱི་ཁྱད་སྤྱོད་པས་དབྱེ། ཕྱུག་པོ་ལས་མཁས་པ་བཀུར། ཟོང་ལས་རིག་པ་བྲིན། ཞིབ་ལ་བརྟག་དཔྱད་རྣོ། སྔོན་གྱི་དྲང་སྲོང་ཕྱི་རྗེས་རིང་བོར་གཟིགས་པ་མང་དུ་བྱོན་པས་བྱ་བཞག་ཐམས་ཅད་ལ་བསྟན་བཅོས་ཡོད།ལས་དང་བྱ་བ་ཅི་བྱེད་བསྟན་བཅོས་དཔང་བོར་འཇོག་པས་དུས་བཟང་གི་ལུགས་སྲོལ་མི་འགྱུར།ཕ་མེས་ཀྱི་རིགས་ཆོས་གཞུང་སྲོང་བས་གནའ་བོའི་ལག་རྗེས་མི་ནུབ་ཅིང་མིའི་གོ་རིམ་མི་འཆོལ།མགོ་ནག་མི་ལ་ཆགས་སྔ་ཞིང་འཛམ་གླིང་ཡུལ་དབུས་ན་གནས་པས་སྣེ་མང་ནས་ཕུད་དུ་བརྩི་བ་དེ་ལགས།

བོད་ཁ་བ་ཅན་འདི་དང་བོད་མི་མིན་འདྲེའི་རྒྱལ་ཁབ་སུ་ཡོད་པ་ལས།ཐུགས་རྗེ་ཆེན་པོའི་དགེ་བསྙེན་འཕགས་པ་སྤྲེལ་སྒོམ་དང་།སྒྲོལ་མའི་སྤྲུལ་བ་བྲག་སྲིན་མོ་འདུས་ཏེ།རིགས་དྲུག་ནས་འཕོས་པའི་ལས་ཅན་གྱི་འགྲོ་བ་དྲུག་སྲས་སུ་བསྐྱེད་པ་ལས་མང་བོར་འཕེལ་ནས་བློ་ལྡན་རང་བཞིན་བཟང་བ་རྣམས་ཕའི་རིགས་དང་།གཤིས་ངན་སྤྱོད་པ་གྱོང་བ་རྣམས་མའི་རིགས་སུ་བྱིན་གྱིས་བརླབས།དེ་དག་ལས་རུས་ཆེན་སྡེ་ལྔ།རེ་རེ་བཞིན་གྱེས་པའི་རྣམས་གྲངས་མང་བོ་དང་བཅས་བོད་ཁམས་མཐའ་དབུས་ཀྱི་མི་རྣམས་རིམ་གྱིས་མཆེད།དེའང་བོད་ལ་བོད་དང་བོད་ཆེན་པོ་གཉིས་ལས།བོད་ཡུལ་དབུས་ཀྱི་རྒྱལ་ཁམས།དབུས་ཁྲི་སྐོར་དྲུགགཙང་ཁྲི་སྐོར་དྲུགཡར་འབྲོག་ཁྲི་སྐོར་གཅིག་སྟེ་སྡེ་ཁྲི་སྐོར་བཅུ་གསུམ།སྐད་ཆོས་སྐད་དུ་སྨྲ།ཡོན་ཏན་གང་ཆེའི་སྐྱེ་བོ་འཚོགས།རིགས་གང་མཐོའི་ཆེ་དགུ་གནས།མཐའ་བཞིའི་ནོར་སྣ་འདུ།ཕྱོགས་བཞིའི་མི་སྣ་འཛོམས།འཇིག་རྟེན་ལུགས་ཀྱི་བསྟན་བཅོས།བོད་རྗེ་གོང་མའི་ཡིག་ཚང་།ཁྲིམས་སྲོལ་ཡུལ་དུས་ཀྱིས་བསྒྱུར་བའི་ཁྱད་པར་སོགས་ལ་མཁས་ཤིང་མཐོང་རྒྱ་ཆེ།སྐྱེས་བུའི་ལུས་ཀྱི་རྩལ་གསུམ་ཞེས་མཐེབ་ཀྱི་ཤ་ནོན་པ།རྐྱལ་གྱིས་ཆུ་ཆེན་བརྒལ་བ།ཡང་རྩལ་བྱ་ལ་འགྲན་པ་རྣམས་དང་།ལོ་རྒྱུས་ཀྱིས་དགེ་ཐོན་པ།གཏམ་གྱིས་བཞད་གད་ཐོན་པ།ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ།མཛངས་ལ་བློ་འགྱུ་བ།དཔའ་ས་བསྲན་ཚུགས་པ།ཁ་གསལ་ཞིང་གཏིང་མི་རྟོགས་པ་རྣམས་ཡིད་ཀྱི་རྩལ་གསུམ་སྟེ་ཕོ་རྩལ་སྣ་དགུ་དང་།གཏམ་ཡིག་རྩིས་གསུམ།མདའ་རྡོ་མཆོང་གསུམ།བང་རྐྱལ་ཤེད་གསུམ་སྟེ་རྩེད་མོ་སྣ་དགུ་སོགས་སྒྱུ་རྩལ་གྱིས་ཤེས་པ་མང་བོས་རང་སྲིད་འཛིན་མཁས་ཤིང་།གཞན་སྡེ་འདུལ་མཁས།བོད་ཁམས་ཕན་བདེའི་རྩ་ལག་ཆོས་འཁོར་རྣམ་གསུམ་སོགས་ལ་ཞབས་ཏོག་སངས་རྒྱས་བསྟན་པའི་རྒྱ་མཚོ་ཆོས་སྡེ་རྣམ་བཞི་སོགས་ལ་བསྙེན་བཀུར།འཕགས་ཆེན་སྤྲུལ་བའི་རྒྱལ་བ་རྣམས་ཀྱི་དགེ་བཅུའི་བཀའ་ཁྲིམས་ལ་བརྩི་འཇོག་སོགས་ལས་ཐབས་ཆོས་ཕྱོགས་སུ་སྨིན་ཅིང་།ལག་རྗེས་ཆོས་ལ་ཆེས་བས་དབུས་གཙང་ཆོས་ལྡན་གྱི་ཡུལ་གྲུར་གྲགས་པ་དོན་ལ་གནས།བོད་ཆེན་པོ་སྟེ་མདོ་ཁམས་ལ།ཁམས་སྟོད།བར་ཁམས། མདོ་སྨད་དེ་གསུམ་མོ།ས་ཁ་རྒྱ་ཆེ། ལུང་བ་ཕུ་ཐག་རིང་། མི་སྡེའི་རྣམ་གྲངས་མང་། མི་རིགས་དང་སྐད་རིགས་མི་གཅིགཆ་ལུགས་དང་སྤྱོད་ཡུལ་མི་འདྲ་བའི་སྡེ་ཤོད་ཐ་དད།ལ་ལ་ཐང་མ་ལྟར་བརྡལ་ཆེ།ལ་ལ་ཚོམ་བུ་ལྟར་སྤུངས་ལེགས།གང་ཡང་དབྱར་ཁའི་མེ་ཏོག་ལྟར་སྣ་ཚོགས་སུ་བཀྲ་བའི་ཚུལ་དུ་ཡོད་པ་ལས།མདོ་ཁམས་ཡུལ་གྱི་ལྟེ་བ།དགུ་གླིང་སའི་མདུད་འཛོམས།སྡེ་དགེ་བྱང་ཆུབ་སེམས་དཔའི་མངས་རིས་ལ།ལྷོ་རོང་སྡེ་ཁང་ཞིང་ཅན་གྱི་བདག་པོ།དཔའ་མཛངས་ཡ་རབས་རྒྱུད་ལས།རྒྱལ་ཁྲིམས་ཀྱི་ལུགས་ཤེས་ཤིང་།སྤྱོད་པ་སོ་ཟིན།གོང་རྗེའི་མདུན་བློན་དུ་འོས་ཤིང་།སྡེ་རང་ཐོབ་ཀྱི་ཆུས་ཚུགས་ཐུབ་པ་རྫོང་དཔོན་ཉི་ཤུ་རྩ་ལྔ།བྱང་འབྲོག་སྡེ་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོ།གདུང་ཞལ་དཀར་ཅན་གྱི་མི་རྒྱུད།མཛངས་ལ་བློ་བརྟན།རྗེ་ལ་སྙིང་ཉེ་ཞིང་།འབངས་ལ་ཁྲེལ་གཞུང་ཆེ་བའི་དཔོན་ཁག་སུམ་ཅུ་སོ་ལྔ།དེ་དག་གང་ཡང་ཆོས་ཀྱི་རྒྱལ་པོ་རིམ་བྱོན་རྣམས་ཀྱིས་ལེགས་པར་བསྐྱངས་པས་མི་ཐམས་ཅད་རང་བཞིན་གྱིས་དུལ་ནས།རྗེ་བྱམས།འབངས་སྐྱིད།ཡུལ་འཇམ།རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་སྤྱོད་པས་ཕྱུག་པོས་སྐྱོང་སླ།མེད་པོས་བཙལ་སླ།སློང་མོ་བས་རྙེད་སླ།མི་ལ་མཁས་པ་མང་།ལྷ་ཆོས་ལ་གོ་བ་བཟང་།རིག་གནས་ལ་རྣམ་དཔྱོད་ཞིབ།སྤྱོད་པ་ཁྲིམས་ལུགས་དང་མཐུན།ཡོན་ཏན་ཅན་གྱི་རྒྱལ་ཁམས་སུ་བྱུང་བ་ལས།ལྷོ་རོང་གི་བྱེ་བྲག་གདུང་རྒྱ་མཁར་སྲས་པོའི་རྫོང་འོགསྡེ་ཀུ་སེ་རྒྱལ་མོ་ཚོ་དྲུགདེའི་ནང་གསེས་ཀུ་སེ་སྨད་པའི་མི་རིགས།ཁ་ཆོས་འདོན་ལ་མཁས།ལག་ཡིག་རིགས་ལ་བྱང་བ།བློ་རིག་པ་ལ་གོམས་པ། སྡེ་དགེ་ཆོས་རྒྱལ་རིམ་བྱོན་རྣམས་ཀྱི་བཞེད་སྲོལ་སྐྱོང་བ།ཁྱུང་བོ་གཡུ་ཁྲི་སོགས་སྔོན་གྱི་བཟོ་བོ་འཕྲུལ་གྱི་རྣམ་དཔྱོད་ཅན་རྣམས་ཀྱི་ལག་རྒྱུན་འཛིན་པ།བཀའ་བསྟན་འགྱུར་རོ་ཅོག་གི་བསྟན་སྲོག་གི་ནུབ་པའི་སྲོག་ཤིང་འཛུགས་པ།རྟེན་བཞེངས་ལ་བྱས་པ་ཆེ་བས་རྗེའི་ཐུགས་སུ་འཐད་པ།ལོངས་སྤྱོད་བཟོ་གནས་ཀྱིས་འགྲུབ་པས་རྐུན་ཇག་སྲོལ་ངན་ཉུལ་བ།རྩལ་འགྲན་ཡོན་ཏན་ལ་བྱེད་པས་ལོ་བཅུའི་བྱིས་པ་ཡན་ཆད་བསླབ་ཤེས་མཁན་པོར་འགྲོ་བ།ཨེ་ཡུལ་རིག་པའི་འབྱུང་གནས་ལྟ་བུའི་མི་སྡེ་སྟེ་འོག་ན་འབངས་ཀྱི་མི་རབས་ཞེས་བྱ།

ཡུལ་སྡེའི་ཆགས་ཚུལ་ལྟར་བཤད་ན།འཇིག་རྟེན་དང་པོར་ཆགས་དུས་འབྱུང་བཞིའི་ཁམས་རབ་ལས་རབ་རིན་ཆེན་བཞིའི་རབ་བཞིན་དང་།འབྲིང་ལས་གསེར་གྱི་རི་བདུན་གསེར་འབའ་ཞིག་ལས་བརྩམས་པ་གཉིས་མཐོ་རིས་ལྷའི་ཡུལ་དུ་བྱུང་།ཁམས་ཐ་མ་ས་རྡུལ་ལས་གླིང་བཞི་མིའི་ཡུལ་དུ་གྲུབ་སྟེ།ཁམས་རབ་དང་འདྲེས་པའི་རྟེན་འབྲེལ་ལས་རིན་པོ་ཆེའི་འབྱུང་ཁུངས་མང་བར་བྱུང་།གླིང་བཞིའི་ནང་ནས་ལྷོ་གླིང་ནམ་མཁའ་སྔོན་པོའི་ཁེབ་འོག་ལོངས་སྤྱོད་འཛམ་བུ་པྲིཀྵའི་ཤིང་ཏོག་མཚོར་ལྷུང་བ་གསེར་དུ་འགྱུར་བའི་ཆ་ལས་འཛམ་བུའི་གླིང་དུ་མིང་བཏགས།གླིང་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་འབྱོན་པས་གླིང་གཞན་ལས་ཁྱད་པར་འཕགས།

དེ་ཡུལ་ཆེན་ཡུལ་ཕྲན་གྲངས་ཀྱིས་མི་ཆོད་པ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ་རྒྱ་གར་འཕགས་པའི་ཡུལ་ན་བྷང་ག་ལ་དང་ཨོ་ཌི་བི་ཤ་དང་ཁ་ཆེ་སོགས་རེ་ར་བཞིན་མི་ཁྱིལ་འབུམ་ཕྲག་མང་པོ་དང་བཅས་པ་དང།འཕགས་ཡུལ་དངོས་ལ་མི་གཏོགས་ཀྱང་དེའི་ཕྱོགས་སུ་བསྡུ་བ་གསེར་གླིང་དང་སིང་ག་ལའི་ཝྰ་རྰ་ཎ་སི། ཡངས་པ་ཅན།མཉན་ཡོད།གནས་བཅས། ཙམ་པ་ཀ རྒྱལ་པོའི་ཁབ་སྟེ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས།དེ་དག་གི་དབུས་ན་སྟོན་པ་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ་དང་།ནུབ་ཨོ་རྒྱན་མཁའ་འགྲོའི་གླིང་ན་རང་བྱུང་ཧེ་རུ་ཀའི་ལྷ་ཁང་སོགས་ངོ་མཚར་ཅན་མང་བོ་དང་།དཔལ་འབྱོར་ལོངས་སྤྱོད་ཀྱི་ཁྱད་པར་ལྷ་ཡུལ་ལ་འགྲན་པ་ཡོད།

དེ་ལས་བྱང་གི་ཕྱོགས་ན་གནས་པ་བོད་ཁ་བ་ཅན་གྱི་ཡུལ་གྲུ།རི་ཐམས་ཅད་གངས་ཀྱིས་གཡོགས་པ།ཆུ་ཐམས་ཅད་བསིལ་ལ་དྭངས་པ།སྔོ་ཐམས་ཅད་སྨན་དུ་སྐྱེ་བ།རི་བྲག་ལ་སྤྲུལ་བའི་རང་བྱོན་འབྱོན་པ།ཚད་པའི་དབལ་ཆུང་བ།གདུག་པའི་སྲོག་ཆགས་ཉུང་བ།དུས་བཞིའི་རྣམ་འགྱུར་གསལ་བ།ཡུལ་བཀོད་སྣ་ཚོགས་སུ་བཀྲ་བ་སྟེ།སྟོད་མངའ་རིས་ཞང་ཞུང་།བྲུ་ཤ།པུ་རང་སོགས་སྐོར་གསུམ་ལ་དབྱིབས་དགུ་རྫི་ང་གི་ཚུལ་དང་།བར་དབུས་གཙང་གཉིས་ཀྱི་དབུས་ན་དབུ་རུ་དང་གཡོ་རུ་གཉིས།གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་རུ་བཞི་ཡུར་བའི་ཚུལ།སྨད་མདོ་ཁམས་ཚ་བ་སྒང་།སྤོ་འབོར་སྒང་།འབྲི་རྫ་ཟལ་མོ་སྒང་སོགས་སྒང་དྲུག་གི་ཁོངས་སུ་ཆུད་པ་ཞིང་གི་ཚུལ་ཏེ།དེ་དག་ལ་ལྷ་གཅིག་ཆུའི་པད་མས་སའི་དཔྱད་གཟིགས་པས་སྲིན་མོ་གན་རྐྱལ་དུ་ཉལ་བའི་དབྱིབས་སུ་འདུག་ནས་དེའི་ཁ་གནོན་དུ་བཞེངས་པའི་མཐའ་འདུལ།ཡང་འདུལ།རུ་གནོན་གྱི་ལྷ་ཁང་བཞི་གསུམ་བཅུ་གཉིས་དང་།དབུས་ན་ལྷ་ལྡན་དགའ་བཞི་འཕྲུལ་གྱི་ལྷ་ཁང་ངམ།དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་།འཕགས་པ་ཐུགས་རྗེ་ཆེན་པོའི་བདེན་སྟོབས་ཀྱིས་རྒྱ་མཚོ་བསུབས་པའི་སྟེང་ན་ཆགས་ཤིང་།རྫུ་འཕྲུལ་སྤྲུལ་བའི་བཟོ་བོས་དངོས་སུ་བཞེངས་པ།རྟེན་གཙོ་ཇོ་ཤྰཀ་རྣམ་གསུམ་དང་འོད་ཟེར་འཕྲོས་པའི་ལྷ་བརྒྱད་སོགས་སངས་རྒྱས་སྤྲུལ་བའི་སྐུ་དངོས་དང་ཁྱད་པར་མེད་པ་མང་བོ་བཞུགས་པས།དགའ་ལྡན་ལྷ་ཡུལ་ན་ཡང་ངོ་མཚར་གྱི་གླེང་གཞིར་བྱེད་པ།རྒྱ་ཕིབས་ཀྱི་དབུ་རྩེ་མཐོང་བས་ཀྱང་རྒྱུད་ལ་བྱིན་རླབས་འཇུག་པ་དང་།དེའི་ལྷོ་རྒྱུད་གཡོ་རུའི་ས་ཆ་ན་དཔལ་བསམ་ཡས།སྟེང་ཁར་རྒྱ་གར།བར་ཁང་ལི་ཡུལ།འོག་ཁང་རྒྱ་ནག་གི་ལུགས་སུ་བཞེངས་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།གླིང་བཞི།གླིང་ཕྲན།ཡཀྵ་ལྟག་འོགཇོ་མོ་གླིང་གསུམ་དང་བཅས་པ།རྟེན་གཙོ་བྱང་ཆུབ་ཆེན་པོ་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་།མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་ས་རབ་ཏུ་གནས་པའི་མེ་ཏོག་འཐོར་བས་ཉི་འོག་གི་རྒྱལ་ཁམས་ན་བྱིན་རླབས་ཆེ་བ།མཐོང་ཐོས་ཀྱི་འབྲེལ་བ་ཐོབ་ཚད་ཕྱིར་མི་ལྡོག་པའི་སྐལ་ལྡན་དུ་བྱོན་པ།དེ་སོགས་རྟེན་གསུམ་དང་གཙུག་ལག་ཁང་གི་རྣམ་གྲངས་མཐའ་ཡས་པ་ཡོད།གཞན་ཡང་སྟོད་མངའ་རིས་ན་གངས་བྲག་ཉི་ཤུ། བར་དབུས་གཙང་ན་སྒྲུབ་གནས་ཉེར་གཅིགསྨད་མདོ་ཁམས་ན་གནས་ཆེན་ཉེར་གཅིགགངས་ཆེན་བཞི།གྲགས་པའི་མཚོ་ཆེན་བཞི།སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། གླིང་དྲུག ཡུལ་ཕྲན་བརྒྱ་རྩ་སོགས་ཡོད།  སྟོད་སྨད་ཀྱི་ལྷོ་རྒྱུད་ཐམས་ཅད་དྲོ་ལ་འབྲུ་སྨིན།ཡུལ་གྱི་དགེ་བཅུ་ཚང་ཞིང་སའི་བཙན་བརླིང་འཛོམས།མཁར་ཁང་དང་རྨོས་ཞིང་འབྲེལ་བར་ཁྱབ།བྱང་རྒྱུད་ཐམས་ཅད་བསིལ་ལ་དཀར་བཅུད་འཕེལ།སྤྱོད་ཡུལ་ཁྱོན་ཡངས་ཤིང་།ཕྱོགས་བཞིའི་མགྲོན་ལམ་བདེ།སྦྲ་ཁྱིམ་དང་ཕྱུགས་འབྲོག་སྦྲེལ་མས་འཛིན།གང་ཡང་སའི་དཔྱད་བཟང་དགུ་འཛོམས།གྲུབ་ཐོབ་ཀྱི་གདན་ས་དང་དགོན་གནས་མང་བོས་བརྒྱན་པ་སྟེ།རོང་འབྲོག་སྦྲ་དང་ཆོན་ཐག་གི་ཚུལ།དགོན་གྲོང་གོས་དང་གོང་བའི་ཚུལ་དུ་ཆགས།

རང་ཡུལ་ཀུ་སེ་ལུང་བ་ལ་དཔེར་བརྗོད་ན།སྔོན་སློབ་དཔོན་བེེ་རོ་ཙ་ན་ཁམས་རྒྱལ་མོ་རོང་ནས་བྱོན་དུས་ཀུ་སེ་འཕགས་ལུང་ཐང་ཞེས་པར་ཡི་གེ་བྲི་བའི་ཕྱག་སྨྱུག་ལྷུང་བ་ལས་གསེར་གྱི་ལྗང་བུ་སྐྱེས་པའི་ཤུལ་དུ་ཕྱིས་དགོན་གནས་བཏབ་པ་ལ་དེང་སང་ཡང་གསེར་ཐང་དགོན་དུ་གྲགས་ཏེ།ཡུལ་འདིར་ཡི་གེའི་རིག་པ་ལ་མཁས་པ་མང་དུ་འབྱུང་བ་དེའི་བྱིན་རླབས་ཀྱིས་ཡིན་བར་གླེང་།གཞན་ཡང་རྨུགས་སང་གི་གནས་ན་བྱ་ཁྱུང་རང་བྱོན་གྱི་ལྟད་མོ་དང་།རྨུ་བ་ཆོས་ཉིད་རྡོ་རྗེ་ཟེར་བའི་གྲུབ་ཐོབ་ཆེན་པོ་ཞིག་གི་སྒྲུབ་གནས་རྨུ་ཕུག་སོགས་དང་།རོང་བཙན་ཁ་བ་དཀར་པོའི་གནས་ལག་ཏུ་གྲགས་པ་སྒམ་བུ་གནས།རྗེ་གྲུབ་ཐོབ་ཆེན་པོས་བྱིན་གྱིས་རླབས་པར་གྲགས་པའི་རྡོ་ཟམ་ཡ་མཚན་ཆེ་བ་སོགས་ངོ་མཚར་བའི་མཚན་རྟགས་མང་བོས་ཁྱད་པར་དུ་མཚོན་ཏེ།མདོར་ན་བསིལ་ལྡན་གངས་རིས་བསྐོར་བའི་ཡུལ་འདི་སྔོན་རྒྱལ་བ་ཉིད་ཀྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་བཀས་གཏད་པས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྒྱུན་མི་ཆད་པར་འབྱུང་ཞིང་།མདོ་རྒྱུད་ཐམས་ཅད་ཀྱི་སྙིང་བོའི་ཟབ་དོན་ཡི་གེ་དྲུག་ཏུ་བསྡུས་ནས་གདུལ་བྱའི་སྙིང་ལ་རྒྱས་བཏབ་པས་བྱིས་པ་ལོ་གསུམ་གྱི་དུས་ནས་མ་ཎི་པདྨེ་རང་ཤེས་སུ་འོང་བའི་ངོ་མཚར་ཅན།རིའི་རྒྱལ་པོ་ཏ་ལ་དང་རྣམ་དབྱེར་མ་མཆིས་པའི་ཞིང་མཆོག་ཁྱད་པར་ཅན་ཡིན་པས་དེའི་ཡོན་ཏན་དང་ལོ་རྒྱུས་མཐའ་དག་བརྗོད་པར་དཀའ་ཡང་ད་དུང་མ་འོངས་པའི་གནས་ཀུན་ཏུ་བཀྲ་ཤིས་དགའ་སྟོན་དང་འབྲེལ་བར་ཡང་ཡང་གླེང་བའི་རྟེན་འབྲེལ་བྱེད།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་གསར་སྟོན་བཤད་ལས་མས་གཏམ་འཇིག་རྟེན་གྱི་རིམ་པ།

2009-11-10 རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།