རྣམ་དབྱེ་བཞི་པ་དགོས་ཆེད་ལ་དཔྱད་པ་ཀུན་བཟང་དགོངས་པའི་ཉིང་བཅུད།

གཙང་ཁ་བསོད་ནམས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-03-25

ཐུ་མི་ཞེས་གྲགས་གྲགས་པ་རབ་འབར་ཀུན་ཏུ་བཟང་པོའི་དགོངས་པའི་བཅུད།།
ལེགས་བཤད་དགོས་འདོད་འདོད་རྒྱུ་འབྱུང་གནས་བརྡ་སྤྲོད་གཞུང་གི་སྙིང་པོ་ལ།།
ཇི་བཞིན་སྤྱོད་མཁས་མཁས་པའི་ཚོགས་རྣམས་པད་མཚོར་ངང་མོ་འཇུག་པར་ལྟར།།
དཔྱོད་གསུམ་རིག་ལམ་ལམ་གྱིས་གཞུང་སྐྱོང་བརྒལ་རྟགས་རིགས་རྩལ་ངོམ་མཛོད་ཅིག།
   ཅེས་གཞན་སྐུལ་ཚིག་གིས་སྔུར་བསུས་ནས་སུམ་ཅུ་པའི་སྙིང་དོན་རྣམ་དབྱེ་བཞི་པའི་མིང་དང་། མཚན་གཞི།  ངོ་བོར་བཅས་ལ་རང་བློ་དང་མཐུན་པའི་དཔྱད་པ་མདོར་བསྡུས་རེ་བྱ་འདོད།   
   དེ་ཡང་དང་པོ་མིང་ནི།
   རྩ་བ་ལས།  ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།  །ཞེས་དང་།  རྟགས་འཇུག་ལས།  ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །ཞེས་ལས་མི་གསལ་ཡང་ཆེད་དང་སྦྱིན་ཞེས་པའི་ཚིག་དགོས་པ་གསལ་བྱེད་ལ་བསམ་ནས་རྣམ་དབྱེ་བཞི་པ་དགོས་ཆེད་ཅེས་བཏགས་སོ། ། རྩ་བ་ལས་གསལ་བ་འདི་ཙམ་ཡིན།      
   གཉིས་པ། མཚན་གཞི་ནི།
   སི་ཏུས།  རྣམ་དབྱེ་བཞི་པར། ཆོས་ཕྱོགས་སུ་དཀའ་བ་སྤྱད། དམན་པར་བརྩེ། བདུད་རྩི་རུ་བསྒྲུབ། ཤིང་གཅོད་དུ་སྟ་རེ་དགོས། གྲུབ་ཏུ་རེ། གར་ལྟ་བ་ལ་སྒྲོན་མེ་ཐོགས། ཤིང་ལ་ཆུ་འདྲེན། ཚོགས་ན་ནོར་འགྱེད། ལ་སོགས་པ་རྒྱ་ཆེར་སྦྱར་བ་བྱ་སྟེ། ཞེས་གསུངས། འདི་དག་ལ་རེ་རེ་ནས་དཔྱད་ན། ཆོས་ལ་དཀའ་བ་སྤྱད་པས་བྱ་ཡུལ་ཆོས་ལ་ཕན་ཐོགས་ན།  ཆོས་ལ་སྤྱོད་པས་ཆོས་ལ་ཕན་ཐོགས་དགོས་ལ།  དེ་ལྟར་ན་ཆོས་ལ་དད་པས་ཆོས་ལ་ཕན་ཐོགས་དགོས།  དེས་ན་ཤེར་ཕྱིན་དང་དཀོན་མཆོག་ལ་དད་པ་དང་ཕྱག་འཚལ་བས་དེ་ལ་མི་ཕན་པའི་རྒྱུ་མཚན་འཆད་རྒྱུ་དཀའ་སྙམ།  དེ་བཞིན་དམན་པར་བརྩེ་བས་དམན་པར་ཕན་ཇི་ལྟར་ཐོགས། བརྩེ་ནས་ནོར་སྦྱིན་པས་ཟེར་ན་ཧ་ཅང་ཐལ་ཆེས་སོ། །བདུད་རྩི་རུ་བསྒྲུབ་བཞི་པ་དང་། བདུད་རྩི་ལ་མོས་གཉིས་པར་འཇོག་པ་འདི་ཡང་ཕྱག་དང་མཐེ་མོས་ལག་ཆ་མ་བྱས་ན་ཁས་ལེན་མཁན་དཀའ་འོ། ། ཤིང་གཅོད་དུ་སྟ་རེ་དགོས་ལྟ་བུར་མཚོན་ན་བྱ་ཚིག་ཡོད་མེད་ཀྱི་རྩོད་གཞི་ལས་བཞི་པར་ཐག་བཅད་པ་ནི་ཁ་སྔ་གྲབས་པས་སྐྱོན་དུ་མཐོང་།  དེ་བཞིན་གྲུབ་ཏུ་རེ་ཞེས་པ་འདི་ཡང་སྣ་འཐེན་ནས་ཁ་ནང་འཟག་ཐབས་རང་རེད།  གར་ལྟ་བ་ལ་སྒྲོན་མེ་ཐོགས་ལྟ་བུ་ནི་དེ་འབྲེལ་གྱི་ལས་ལ་ཕན་ཐོགས་པའི་བཞི་པ་དང་། ཤིང་ལ་ཆུ་འདྲེན་ནི་བྱ་ཡུལ་ལ་ཕན་ཐོགས་པའི་བཞི་པ།  ཚོགས་ན་ནོར་འགྱེད་ཅེས་པ་འདི་ཡང་སྐྱོན་གྱིས་མ་གོས་པ་ཞིག་མ་མཐོང་བས།  རྗེ་སི་ཏུ་རང་གིས་བཞག་པའི་བཞི་པའི་དོན་དང་དཔེ་བརྗོད་གཉིས་འགལ་འདུའི་ཕུང་པོ་ཞིག་ཏུ་གྱུར་ཡོད། འདི་དག་ནི་སི་ཏུ་ཚང་གིས་བཞག་པའི་ངོ་བོ་བཞིན་བྱས་ན་གནོད་པ་བབ་པའི་དཔེ་མཚོན་ཙམ་ཡིན། པྲ་ཏིས། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ལ་ཡིག་བཞི་པར་འཇོག་པར།   སྔོན་དང་དེང་གི་དྲན་དབང་འགས་ལྷ་བབ་བབ་དང་འདྲེ་གྲག་གྲག་གིས་བླ་རྡོལ་བའི་སྐད་རེ་འཇོག་པ་མང་ཡང་སྐབས་འདིར་དཔེར་མཚོན་ཙམ་བཀོད་ན།
     མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ལས།    ཨ་ལགས་ཞབས་དྲུང་ཚང་ཁོང་ང་ཚོའི་སྲོལ་རྒྱུན་རིག་གཞུང་ལ་མཁས་པ་ཆེན་པོ་ཞིག་ནི་དངོས་གནས་ཡིན་མོད། ཕྱོགས་ཞེན་ཆེ་དྲག་པའི་དབང་གིས་སྐབས་རེར་ཁོང་གི་སྤྱན་གཉིས་ཀ་ནག་ཐོམ་མེར་ལོངས་འགྲོ་ཡི་ཡོད། དཔེར་ན་རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་དུ་ཕྱག་འཚལ་བ་ལ་རྣམ་དབྱེ་བཞི་པ་འཇུག་པར་གསུངས་པ་དེ་ཁོ་ནར་ཞེན་ཕྱོགས་མཛད་དེ། སུམ་རྟགས་ཀྱི་མཆོད་བརྗོད་གང་ལ་ཡོན་ཏན་མཆོག་མངའ་བའི། ཞེས་པའི་ལ་དོན་དེ་ཉིད་རྣམ་དབྱེ་བཞི་པ་རུ་ནན་གྱིས་བཀྲལ་ཞིང༌། དེ་ལ་དགོས་ཆེད་ཀྱི་གོ་དོན་འཆད་རྒྱུ་མ་རྙེད་པར་འུ་ཐུག་པའི་ཚེ། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་རྣམ་གཞག་འདི་ལ་གོ་བ་ཆེན་པོ་ཞིག་ཡོད་པར་སྣང་ངོ༌། ཞེས་སྒམ་ཚིག་དཔེ་མེད་པ་ཞིག་གསུངས་ཏེ་བཞག་ཡོད་པ་ལྟ་བུ་རེད།  ཅེས་ཟེར་བ་ནི་ངོ་མ་དགོད་བྲོ་བ་ཞིག་རེད།  འོ་ན།  འདི་བཞི་བ་མིན་པར་གཉིས་པ་ཡིན་པའི་ཤེས་བྱེད་རྡོ་རྗེའི་བྲག་དང་། སྒྲུབ་བྱེད་གནམ་ལྕགས་ཐོག་སེར་ལྟ་བུ་ཅི་ཞིག་ཡོད། ཉིད་ཀྱིས་མུ་ཏིག་ཕྲེང་མཛེས་ལ་ཁུངས་གཏུགས་ནས་ཡིན་ན། དེ་ལ་ཡང་ཡིད་གཏན་འཕེལ་བའི་ཁུངས་ལུང་ཅི་ཡང་མེད་པར་འོག་ཏུ་བཤད།  དེ་མིན་རང་གིས་བསམ་ཚུལ་ཡིན་ན་ཁྱི་རྒྱག་སྐར་མར་ཟུག་པའི་ངང་ཚུལ་དོར་ནས་གསལ་བཤད་རེ་གྱིས་དང་དོན་སྙིང་ལ་དཔྱད་ཅོག  ཡང་ལོག་རྟོགས་སྙིང་སྟོབས་ལས།  སྤྱིར་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་རྣམ་གཞག་དེ་ལ་གོ་བ་ཆེན་པོ་ཞིག་ཡོད་ཤས་ཆེ་ཡང༌། སྐབས་དེའི་ཕྱག་གི་ཡུལ་དེ་རྒྱུའི་སྐྱབས་གནས་མིན་པར་འབྲས་བུའི་སྐྱབས་གནས་ཡིན་ཟེར་སྲོལ་ག་ལ་ཡོད་དེ། སུམ་རྟགས་རྩོམ་པ་ལ་བར་ཆད་མེད་ཅིང་བརྩམ་པ་མཐར་ཕྱིན་པ་སོགས་ཀྱི་ཆེད་དུ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་དགོས་པའི་ཕྱིར། སྐབས་དེར་རྩོམ་པོའི་ཐུགས་རྒྱུད་དུ་དེ་འདྲའི་དགོས་དོན་སྒྲུབ་ནུས་ཀྱི་དཀོན་མཆོག་ཅིག་མེད་དགོས་པའི་ཕྱིར་རོ། །ངོ་མ་སྐབས་འདིར་འབྲས་སྐྱབས་ལ་སྐྱབས་བཅོལ་བ་ནི་འུ་ཐུག་ཐག་ཆོད་པ་ཡིན་ཞིང༌། ཁོང་གི་གསུང་རྩོམ་ནང་དུ་འདི་འདྲའི་ཞེན་ལྟ་མཁྲེགས་འཛིན་གནང་བ་ཁ་ཅིག་ཡོད་མོད་སྐབས་དོན་མིན་པས་བཞག ཅེས་ཟེར། འདི་ནི་རང་ཉིད་ཀྱིས་ཨ་ལག་ཚང་གི་དགོངས་དོན་མ་ཤེས་པས་དབང་གིས་སྙིང་སྟོབས་རེ་སྐྱེས་ནས་ཁ་ཕོ་སྒྲོག་པ་ལས། ཨ་ལག་ཚང་གིས་དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ་ལ་དོན་འཇུག་ཡུལ་ལམ་བྱ་ཡུལ་དཀོན་མཆོག་འབྲས་སྐྱབས་ཀྱི་དབང་དུ་བྱས་ནས་དེ་ལ་ཕན་ཐོགས་མིན་གྱིས་སྒོ་ནས་མིན་པར།  ཕྱག་འཚལ་བ་དེ་དགོས་པ་འབྲས་སྐྱབས་དཀོན་མཆོག་གི་ཆེད་དམ།  དེ་འཐོབ་པའི་དོན་དུ་སྦྱར་དགོས་སོ། །པྲ་ཏི་རིན་པོ་ཆེས་ཀྱང་།  དེས་ན་ཡོན་ཏན་གྱི་ཁྱད་པར་མཆོག་ཏུ་གྱུར་པ་གང་ལ་མངའ་བའི་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལས་ཀྱང་ཤེས་སོ། །
   དེ་མིན་བྱ་ཡུལ་གཞན་རྒྱུད་ལ་གྲུབ་ཟིན་པའི་སྐྱབས་དང་། རང་གི་ཐོབ་བྱ་མཐར་ཐུག་གི་སྐྱབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པས་དཀོན་མཆོག་དེ་ལ་ཞེས་པའི་ལ་ཡིག་བཞི་པར་འཇོག་པ་ནི་གཉིད་ཀྱི་རྨི་ལམ་དུ་ཡང་འཁོར་མི་སྲིད་པའི་གནད་དོན་འབབ་ཞིག་ཡིན་ཏེ།  དེ་ལྟར་ན་རྡོ་ཡི་མཆོད་རྟེན་ལ་ཕྱག་འཚལ་རྗོད་ཚེ་རང་གི་འཐོབ་བྱར་རྡོ་ཡི་མཆོད་རྟེན་ཡོད་པར་ཐལ་བའི་སྐྱོན་སོ་ན་གནས་སོ།།
   ཀུན་བཟང་དགོངས་རྒྱན་ལས།  རྣམ་དབྱེ་བཞི་པ་དགོས་ཆེད་ལ། དཔེར་ན། མཐོ་རིས་སུ་སྨོན་ལམ་ཐོབ། ཐར་བ་ཐོབ་པ་རུ་བདག་མེད་བསྒོམ། གྲལ་གྱི་ཆེད་དུ་འཚངས། འགྱེད་ཀྱི་ཕྱིར་དུ་བསྒྲིམས། སྐལ་བའི་དོན་དུ་འཐབ། རྒྱན་དུ་གསེར་བརྡུབས། ཚོགས་ན་མང་ཇ་བསྐོལ། ཐར་པ་བསྒྲུབ་ཏུ་ངེས་འབྱུང་བསྐྱེད།  ཅེས་གསུངས།  དཔེར་ན།  མཐོ་རིས་སུ་སྨོན་ལམ་ཐོབ་ཅེས་པ་ཡང་མཐོ་རིས་འཐོབ་ཕྱིར་དུ་དང་། ཐར་པ་བསྒྲུབ་ཏུ་ངེས་འབྱུང་བསྐྱེད་ཅེས་པ་ཡང་དེ་བཞིན་ཤེས་པར་བྱ་དགོས། མི་སོ་སོས་མངོན་འདོད་དང་འབྲེལ་ནས་བཞག་ཡོང་དུས་འདི་ཡིན་འདི་མིན་གྱིས་ཁྱད་འབྱེད་དགོས་པར་ཁག་པོར་སྣང་།  པྲ་ཏིས་རིན་པོ་ཆེས།  གྲལ་གྱི་ཆེད་དུ་འཚངས།  འགྱེད་ཀྱི་ཕྱིར་དུ་བསྒྲིམས་སོགས་བཞི་པར་འཇོག་ཚུལ་ལ་གཞིག་ན། སྐབས་དེར་གྲྭ་ཚང་ལ་གཙུག་ལག་ཁང་ཆེན་པོ་མེད་པས་གྲལ་གྱི་ཆེད་དུ་འཚངས་ཀ་བརྒྱགས་དགོས་པ་དང་། འགྱེད་ཐོབ་པ་ལ་ཡང་དཀའ་ངལ་མི་ཆུང་བ་ཞིག་ལ་གདོང་ལེན་གྱིས་བསྒྲིམས་ནས་བཞུགས་དགོས་ཡོད་ཚད།  དེའི་ཕྱིར།  གྲྭ་ས་ལ་ཁང་པ་བརྩིགས་བཞི་པར་འཇོག་པ་ལྟ་བུའོ། །ཡུལ་དུས་གནས་བབ་སོགས་གསལ་བོར་མ་ཤེས་ན་དཔེ་བརྗོད་ཁག་ཅིག་གིས་དགོངས་ཚུལ་གསལ་བོ་བླངས་ཐུབ་ཁག་པོར་སྣང་།
   སྐབས་འདིར་དམིགས་བསལ་ཞུ་འདོད་པ་ཞིག་ལ། ཐབ་ལ་མེ་བཏང་གཉིས་པ་དང་།   མགྲོན་པོར་མེ་བཏང་བཞི་བར་འཇོག་པའི་ཁྱད་པར་ནི། ཐབ་ལ་མེ་བཏང་ཞེས་པའི་ལ་དོན་འཇུག་ཡུལ་ཐབ་དེ་བྱ་བ་དངོས་སུ་བྱ་ཡུལ་ཡིན་པས་གཉིས་པ་དང་།  མགྲོན་པོར་མེ་བཏང་ལབ་དུས་བྱ་བ་དངོས་སུ་བྱ་ཡུལ་མ་ཡིན་ཡང་མགྲོན་པོར་དམིགས་ནས་དེའི་ཆེད་དུ་ཡིན་པས་བཞི་པ་དགོས་ཆེད་ལ་འཇོག  འོན་ཏེ། རྣམ་པ་གཅིག་ཏུ་ཁྱབ་པ་ནི་འཛིན་མི་རིགས་ཏེ། སློང་མོ་བ་ལ་ཟས་སྦྱིན་ལྟ་བུ་ནི་བཞི་པ་ཡིན་པ།  དེ་བཞིན་དགྲ་ལ་དུག་སྦྱིན་ལྟ་བུ་ཡང་དགོས་པ་གང་ཞིག་གི་ཆེད་དུ་བྱ་བར་བྱེད་པར་བསྟན་པས་བཞི་པ་ཡིན། དེ་མིན་ཆེད་ཕྱིར་སླད་དོན་གྱི་སྒྲ་ཡོད་ན་ཐེ་ཚོམ་མི་དགོས་པར་བཞི་པར་འཇོག་ཆོག
   གསུམ་པ། ངོ་བོ་ནི།
   མུ་ཏིག་ཕྲེང་མཛེས་ལས། བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་སྟོན་པའི་ཕྲད།  བཞི་པ་དགོས་ཆེད་ཀྱི་ངོ་བོ་ལ་འཇོག་པ་ནི།  ཁོ་བོ་ལྟ་བུ་ཞིག་གིས་ངོས་ནས་བསམ་ན་ཧ་ཅང་གིས་དཀའ་གནད་ཅིག་རེད། ཅིའི་ཕྱིར་བཞི་བ་དགོས་ཆེད་ལ་བྱ་བའི་ཡུལ་ལམ་དེ་འབྲེལ་གྱི་ལས་གང་རུང་ལ་ཕན་ཐོགས་དགོས་པ་རིགས་པས་མ་གྲུབ་ཅིང་། སུམ་རྟགས་གཉིས་ནའང་གསལ་ཁ་མེད་ཅིང་། དེ་བཞིན་ལོ་ཙྭ་བ་ཆེན་པོ་ལྕེ་ཁྱི་འབྲུག་གི་གནས་བརྒྱད་རྩ་འགྲེལ་སོགས་སྔ་རྩོམ་ཚད་ལྡན་གྱི་གཞུང་ཁུངས་ཐུབ་གང་ན་ཡང་མི་གསལ་ལོ། །
   དེ་ལས་བཟློག་ཏེ།   གནས་བརྒྱད་འགྲེལ་བ་ལས།  བཞི་པ་འགྲུབ་པར་བྱེད་པ་ནི། དེ་བྷྱི་བྷྱས། སྒྲ་གང་ལ་འདི་གསུམ་གྱི་རྟོགས་དང་ལྡན་ན།གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར་ཞེས་པ་བཞི་པ་གཅིག་གི་ཚིག་དང༌། བཞི་པ་གཉིས་ཀྱི་ཚིག་དང༌། བཞི་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། གང་ལ་དགོས་ཆེད་དམ། དོན་ནམ་གང་ལ་མཆོད་སྦྱིན་དང་ཕྱག་འཚལ་བས་ཁ་ཅིག་ཡུལ་དེ་ཉིད་ཀྱི་ཆེད་དུ་སྦྱོར་བ་ཡང་ཡོད། །ཁ་ཅིག་མཆོད་སྦྱིན་གྱི་ཡུལ་དུ་སྦྱོར་བ་ཡང་ཡོད་དེ། དོན་གྱིས་ན་བྱེད་པ་པོའི་ཆེད་ཡིན་པར་སྦྱར་བར་བྱ་སྟེ། ལའི་དོན་འདི་བརྒྱུད་པར་བྱའོ། །དེའི་ཕྱིར་བཞི་པ་སྦྱིན་པ་དང་ཕྱག་འཚལ་བ་ཞེས་བྱ་བ། ཤིང་གི་ཕྱིར་ཆུ་འདྲེན་པ་ཡང་ཤིང་ཉིད་རྒྱས་པ་དང༌། སྨིན་པའི་ཕྱིར་སྦྱོར་ཡང༌། དོན་གྱིས་ཆུ་འདྲེན་པའི་བྱེད་པ་པོའི་ཆེད་ཡིན་པར་འགྱུར་བ་དང༌།མཆོད་རྟེན་ལ་ཕྱག་འཚལ་བ་ཡང༌། མཆོད་རྟེན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེད་ཡིན་པར་འགྱུར་བ་བས་བཞི་པ་བྱ་འམ་ཆེད་ཀྱི་དོན་དུ་དྲང་ངོ། །དོན་གྱི་དབང་འདིས་ལ་ཕྱིར་དུ་བསྒྱུར་བ་ཡིན་ནོ། །ཞེས་དང་།  
སྨྲ་སྒོ་ལས།  ཆེད་ནི་ཤིང་གི་ཆེད་དུ་ཆུ་འདྲེན་ཞེས་པ་ལྟ་བུའོ། །ཞེས་དང་། བཞི་པར་འགྱུར་བ་ནི། ཤིང་ལ་ཆུ་འདྲེན་ཞེས་པ་ལྟ་བུའོ།།ཞེས་གསུངས།
   རྗེ་བླ་མའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས། ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ། །ཞེས་དང་།
   པྲ་ཏིའི་ཀུན་བཟང་དགོངས་རྒྱན་ལས། དེས་ན་ཡོན་ཏན་གྱི་ཁྱད་པར་མཆོག་ཏུ་གྱུར་པ་གང་ལ་མངའ་བའི་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་སོགས་ཀྱི་དགོངས་གནད་གཅིག་ཏུ་བསྡུས་ན།
དགོས་པ་གང་ཞིག་གིས་ཆེད་དུ་བྱ་བ་བྱེད་པར་སྟོན་པའི་ལ་ཡི་དོན་ཅན་གྱི་ཕྲད་ཅིག་ལ་རྣམ་དབྱེ་བཞི་པ་དགོས་ཆེད་ཟེར། འདི་ནི་དཔེ་བརྗོད་རིགས་འདྲ་བས་རྒྱུ་མཚན་བགྲང་མི་རིགས་པར་དོན་གནད་ལ་གཞིག་གལ་ཧ་ཅང་ཆེའོ། ། པྲ་ཏི་རིན་པོ་ཆེའི་རྗེས་སུ་འབྲང་འདོད་པ་དག་གིས་ངེས་པར་དུ་བློ་ལ་འཛིན་དགོས་པའི་གསང་བའི་མན་ངག་ཅིག་ཡིན། དེ་མིན་པྲ་ཏི་རིན་པོ་ཆེའི་རྗེས་འབྲང་རློམ་བཞིན།  སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་འཇོག་པའི་རྣམ་དབྱེ་བཞི་པའི་ངོ་བོ་དེ་བློ་ལ་བཟུང་ནས་པྲ་ཏི་རིན་པོ་ཆེས་བཞག་པའི་དཔེ་བརྗོད་ཁག་ལ་འགྲེལ་བཤད་བྱེད་པ་ནི། ཐག་ནགས་སྐེ་ལ་གོན་ནས་ཤི་ལམ་དུ་འགྲོ་བ་རང་རེད་དོ། །འདིའི་ཁྱད་པར་འཇོག་མ་ཤེས་པར་མཁས་མིང་འཛིན་པ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དངོས་སུ་མཐོང་བས་ཅུང་ཟད་ཕན་རེ་དང་བཅས་ཏེ་བྲིས་སོ། །
   ཞེས་པ་འདི་ཡང་འཆད་རྩོད་རྩོམ་གསུམ་པ་མཁྱེན་སྤྱན་ཡངས་པའི་ཟུར་གསར་འཛིན་གྲྭས་ལོ་ངོ་དྲུག་རིང་སེར་བྱེས་ཏྲེ་ཧོར་ལྔ་རིག་རོལ་མཚོ་གླིང་སློབ་གྲྭར་སློབ་སྦྱོང་གྱིས་སློབ་མཐར་ཕྱིན་ལོར། རྗེས་དྲན་ཆེད་དེབ་ཅིག་པར་བསྐྲུན་ཞུ་འཆར་གྱིས་རྩོམ་ཡིག་དགོས་པའི་བཀའ་ནན་ཆེ་བ་བཟློག་ཏུ་མ་ནུས་པར།  ཕྱི་ལོ་2013/  ལོའི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་གྲུབ་པ་དང་དུས་བྲེལ་ངང་།  ཕྱི་ཟླ  9 / ཚེས 4-5/ སྟེ་དབྱར་གྱི་བག་ཡངས་སམ་ཆབ་ཞུགས་ཀྱི་ཉིན་གཉིས་རིང་། གྱི་ན་བ་གཙང་ཁ་བསོད་ནམས་རྡོ་རྗེ་རུ་འབོད་པས་བྲིས་པ་དགེའོ། །

                  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་དབྱེ་བཞི་པ་དགོས་ཆེད་ལ་དཔྱད་པ་ཀུན་བཟང་དགོངས་པའི་ཉིང་བཅུད།

2014-03-25 གཙང་ཁ་བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།