དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དང་འབྲེལ་བའི་གཏམ།

རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-23

   དེ་ཡང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་། མཁས་པའི་གྲགས་པ་གངས་ཅན་ལྗོངས་སུ་ཁྱབ་པའི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུའི་སྟོད་ཀྱི་ཆར་སྐུ་བལྟམས་ཤིང་། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ནི་རྒན་གཞོན་བར་མ་མཐའ་དག་གི་ཁ་ན་རླུང་ལྟར་རྒྱུ་བཞིན་ཡོད་པས་འདིར་བསྐྱར་དུ་བརྗོད་པའི་ངལ་བ་ནི་མ་བསྟེན་པ་ལགས། དེ་ན་འདིར་སྐབས་སུ་བབས་པའི་བརྗོད་བྱ་ནི་མཁས་དབང་གང་དེའི་ལྟ་བ་སྟོན་པའི་གཞུང་གཅིག་པུར་འདོད་པའི་དབུ་མའི་ཟབ་གནད་སྙིང་བོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན་དང་འབྲེལ་ཏེ་ཅུང་ཟད་འཆད་པ་ལ།
   གཅིག དབུ་མ་ཀླུ་སྒྲུབ་དགོངས་རྒྱན་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ཡིན་མིན་གྱི་སྐོར།
    ཁ་ཅིག་གི་འདོད་པ་ལ། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་ནི་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་མ་ཡིན་ཏེ། དེ་ནི་རྗེས་ཀྱི་མཁས་པ་ག་གེ་མོས་མཁས་དབང་ཁོང་གི་མི་གཡར་ཏེ་བརྩམས་གྲུབ་གནང་བ་ཞིག་རེད་ཅེས་གསོལ་བཞིན་འདུག ཡིན་ནའང་འདི་ལ་དཔྱད་པར་བྱ་བའི་གནས་འདི་ལྟར་ཡོད་དེ། གཞུང་དེའི་མཆོད་བརྗོད་ལྟར་ན། བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།།འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།ཞེས་པའི་ཚིག་བཅད་ཤོ་ལོ་ཀ་འདི་ཚར་གཅིག་བཀླགས་མ་ཐག གལ་ཏེ་མཁས་དབང་ཁོང་གི་གསུང་རྩོམ་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཚེ་ཁོང་གི་རྩོམ་ཉམས་འབུར་དུ་ཐོན་འདུག་པའི་ངེས་ཤེས་ནི་འདྲོངས་ཁོ་ཐག་ཡིན། གལ་ཏེ་ཚིགས་སུ་བཅད་པ་གཅིག་གིས་བསྟན་བཅོས་དེ་མཁས་དབང་ཁོང་གིས་བརྩམས་པར་བསྒྲུབ་མི་ནུས་ཟེར་ན། གཏམ་རྒྱུད་གསེར་ཐང་ལ་ཞིབ་ཏུ་གཟིགས་དང་ཁྱེད་ལ་ངེས་པ་བསྐྱེད་པའི་གནད་མང་དུ་འོང་ངེས་སོ།
   གཉིས། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་དགོངས་པ་དེ་མཁས་དབང་དགེ་ཆོས་ཀྱི་དགོངས་པ་ཡིན་མིན་གྱི་སྐོར།
    ཁ་ཅིག་ན་རེད། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་དགོངས་པ་དེ་མཁས་དབང་དགེ་ཆོས་ཀྱི་དགོངས་པ་ཡིན་དགོས་ཏེ། རྒྱུ་མཚན་ནི་མཁས་དབང་ཁོང་ལ་ལྟ་བ་སྟོན་པའི་གཞུང་དེ་གཅིག་པུ་ལས་མེད་ཟེར། གསུང་འདི་ནི་རིགས་པ་ལྟར་སྣང་ཡང་ཞིབ་ཏུ་སོམས་དགོས་པ་ཡིན་ཏེ། ལྟ་བ་སྟོན་པའི་གཞུང་གཅིག་པུ་ཡིན་ན་རྩོམ་མཁན་གང་དེའི་དགོངས་པ་ཡིན་པས་མ་ཁྱབ་སྟེ། རྒྱུ་མཚན་ནི་གསུང་པ་པོའི་དགོངས་པ་དང་གསུང་རབ་ཀྱི་དགོངས་པ་གཉིས་མི་འདྲ་བའི་ཕྱིར་རོ།། དེ་ཡང་ང་ཚོའི་འདོད་པ་ལ། འཕགས་པ་ཐོགས་མེད་ཀྱིས་བརྩམས་པའི་བསྟན་བཅོས་ཡིན་ཕྱིར། འཕགས་པ་ཐོགས་མེད་ཀྱི་དགོངས་པ་ཡིན་པའི་ཨེ་ཁྱབ་ཅེས་ན། འདི་ལ་མ་ཁྱབ་ཅེས་པའི་ལན་གདབ་སྲིད་དེ། རྒྱུ་མཚན་ནི་ནང་བ་པ་ཞིག་ཕྱིར། རྩོམ་མཁན་གང་དེའི་བསྟན་བཅོས་རྩོམ་པའི་སྐབས་སུ་ རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས་ཞེས་དང་། རང་ཡང་བློ་རིག་རྒྱས་ཕྱིར་ངས་འདི་བརྩམས་ཟེར་ནས་ཁེངས་སྐྱུང་གི་སེམས་ཀྱིས་རྟིང་མནན་སྟེ་མ་རིག་ལིང་ཏོག་གིས་སྒྲིབ་པའི་སེམས་ཅན་དེ་དག་ཁ་ན་མ་ཐོ་བ་ལས་སྐྱོབ་པའི་ཕྱིར་དུ་ཡིག་འཇོག་མཛད་པ་ལས། ང་རྒྱལ་དང་ཁེངས་དྲེགས་ཀྱི་སེམས་ཀྱིས་ཡིག་འཇོག་གནང་བའི་སྲོལ་ནི་མེད་པ་རེད། དེའི་སྟབས་ཀྱིས་མཁས་པ་གང་དེའི་བརྩམས་པའི་བསྟན་བཅོས་ཡང་ཕ་རོལ་བའི་   རིག་པའི་རྩལ་དང་ཤེས་བྱའི་ཆུ་ཚད་སོགས་ལ་དམིགས་ནས་བརྩམས་པ་ལས་རང་གི་ཡོན་ཏན་གྱི་ཟབ་རྒྱ་ངོམས་སོ་བྱེད་པའི་ཆེད་དུ་མ་ཡིན་པས་ན། རྩོམ་པ་པོ་དེའི་བརྩམས་པའི་བསྟན་བཅོས་ཡིན་ན་དེའི་དགོངས་པ་ཡིན་དགོས་ཞེས་པ་ནི་ཕྱོགས་སུ་ལྷུང་བའི་གཏམ་ཙམ་དུ་ཟད་དོ།།
   གསུམ། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱིས་དབུ་མའི་གཞུང་ལ་གསར་གཏོད་བྱས་ཡོད་མེད་ཀྱི་སྐོར།
    ཁ་ཅིག་གི་འདོད་པ་ལ། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱིས་དབུ་མའི་གཞུང་ལ་གསར་གཏོད་ཐེངས་ཤིག་བྱས་ཞེས་དང་། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱིས་ཤཱཀྱ་ཐུབ་པའི་དཀར་ཡོལ་བཅགས་སོགས་ཀྱི་ངོ་མཚར་བའི་གཏམ་མང་དུ་བཤད་བཞིན་པ་འདི་ནི་ཁས་འཆེས་དཀའ་བའི་གནད་ཅིག་ཏུ་འདོད་དེ། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་བསྒྲུབ་བྱ་གཙོ་བོ་ནི་ཐལ་འགྱུར་བས་ཐ་སྙད་ཚད་གྲུབ་འདོད་མི་འདོད་ཡིན་ལ། དེའི་ཁོངས་གཏུགས་ས་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་བརྩམས་པའི་རྩ་བ་ཤེས་རབ་ཡིན། སྤྱིར་ཐལ་འགྱུར་བས་ཐ་སྙད་ཚད་གྲུབ་འདོད་མི་འདོད་ཀྱི་རྩོད་པ་དེ་མཁས་དབང་དགེ་ཆོས་ཀྱི་ཡར་སྔོན་ལའང་བྱུང་མྱོང་སྟེ། མི་འདོད་པའི་ཚུལ་སྨྲ་མཁན་ནི་བོད་རིག་པའི་སྒང་ནས་ཚ་ཚ་འུར་འུར་དུ་གྲགས་མྱོང་བའི་གོ་ཤག་སྟག་གསུམ་ཡིན་ལ། འདོད་པའི་ཚུལ་སྨྲ་མཁན་ནི་རྗེ་ཙོང་ཁ་བས་གཙོས་པའི་སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་སོགས་ཡིན། དེ་ན་མཁས་དབང་དགེ་ཆོས་ཀྱིས་ཐ་སྙད་ཚད་གྲུབ་དེ་ཐལ་འགྱུར་བས་མི་བཞེད་ཚུལ་དེ་དབུ་མ་རྩ་ཤེས་ཁོངས་གཏུགས་སར་བྱས་བསྒྲུབ་པས་ལས་དབུ་མའི་གཞུང་ལ་གསར་གཏོད་བྱས་པ་ནི་ག་ལ་ཡིན། གལ་ཏེ་དབུ་མའི་གཞུང་ལ་གསར་གཏོད་བྱས་ཡོད་པའི་དབང་དུ་བྱས་ཚེ། གོ་ཤག་སྟག་གསུམ་གྱིས་ཐལ་འགྱུར་བས་ཐ་སྙད་ཚད་གྲུབ་མི་བཞེད་པར་བསྒྲུབ་པའི་བསྟན་བཅོས་དེ་དག་ཅིའི་ཕྱིར་དབུ་མའི་གཞུང་ལ་གསར་གཏོད་བྱས་པའི་བསྟན་བཅོས་ཀྱི་གྲས་སུ་མ་བགྲང་པ་ཡིན། ཡང་གཅིག་བཤད་ན། དབུ་མའི་གཞུང་ལ་གསར་གཏོད་བྱས་ཡོད་མེད་ནི་བསྟན་བཅོས་དེའི་མཚན་དོན་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཞེས་པའི་དོན་ལ་བསམ་པས་ཀྱང་རྟོགས་སླ་པ་ཡིན་ནོ། ཡིན་ནའང་། བསམ་དགོས་པ་ཞིག་ནི་ཀླུ་སྒྲུབ་དགོངས་རྒྱན་ལ་གསར་གཏོད་ཀྱི་ཆ་ནི་ངེར་པར་ཡོད་དེ། རྒྱུ་མཚན་ནི་དེའི་རིགས་པའི་བསྒྲུབ་ཐབས་དང་དཔེ་འགོད་ཐབས་སོགས་ལ་མཁས་པ་རང་གི་བླ་ན་བྲལ་བའི་གསར་གཏོད་ཀྱི་ཆ་ཞིག་མངོན་ཡོད་པ་རེད།
   བཞི། མཇུག་བསྡུ་བའི་གཏམ།
       ལར་ད་ལྟའི་དུས་ཀྱི་ང་ཚོས་གངས་ཅན་པའི་དགེ་ཆོས་ཟེར་ནས་ངོམས་སོ་དང་ང་རྒྱལ་སྐྱེས་རྒྱུ་མེད་ལ། དེའི་ནང་ནས་ཀྱང་ཨ་མདོ་བ་ཚོས་དེ་ལྟར་བྱེད་པ་ལ་ངོ་གནོང་དགོས་པ་ཞིག་རེད། རྒྱུ་མཚན་ནི་ཁོང་གིས་བོད་དང་ བོད་མི་དམངས་ཀྱི་ཆེད་དུ་བརྒྱབ་པའི་དཀའ་སྡུག་དེ་དག་ལ་བོད་ཁམས་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་ཁུར་མཛད་མེད་ལ། དེའི་ནང་ནས་ཀྱང་ཨ་མདོ་བ་ཚོས་རྒྱབ་སྐྱོར་དང་ཐུགས་ཁུར་ཕར་ཞོགས་དེ་ལས་ལྡོག་སྟེ་ ཕྲག་དོག་དང་འཕྱ་དམོད་ཀྱི་མདུང་ཁ་གཏད་མྱོང་ཡོད་པ་ནི་བླ་བྲང་ལ་བསྐུར་བའི་ཀ་རྩོམ་ལས་ཀྱང་རྗེན་པར་མཐོང་ཐུབ་བོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དང་འབྲེལ་བའི་གཏམ།

2013-11-23 རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།