དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡༡

  སྒྲུབ་བྱེད་དངོས་སྟོབས་ཀྱི་རིགས་པ་མ་རྙེད་པར་སེམས་འཛིན་གྱི་ཉམས་མྱོང་ལ་ཞལ་འཕེན་གནང་དགོས་བྱུང་བ་ཡང་སྡུག་རྟགས་མ་གཏོགས་ཡག་རྟགས་ཤིག་ག་ལ་ཡིན། འདི་དག་ཁོ་བོ་མི་སྒེར་གྱི་བསམ་འཆར་ཙམ་ཡིན། གཞན་བདག་དང་བདག་འཛིན་འཚོལ་སྟངས་དང་རྙེད་སྟངས་ཁྱད་མཚར་ཅན་དེ་ཚོ་ལ། ཡར་ལངས་མེད་པའི་དགག་པ་ཞིག་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དུ་བྲིས་འདུག་པ་དེས་ཆོག་པར་འདུག་པས་དེ་ཉིད་འདིར་བཀོད་ན། གལ་ཏེ་ནམ་རྒྱུན་གྱི་ངའོ་སྙམ་པའི་བློ་འདི་ཚད་མ་ཡིན་ན། ཁྱོད་རྐུན་མ་ཡིན་ནོ་ཞེས་བརྗོད་ཚེ་ངའོ་སྙམ་པའི་བློ་སྐྱེས་པ་དེའང་ཚད་མ་ཤུགས་ཆེ་རུ་སོང་བ་ཙམ་ཡིན་གྱི་བདེན་འཛིན་དུ་འགྲོ་དོན་ག་ལ་ཡོད། གལ་ཏེ་དེ་བདེན་འཛིན་ཡིན་ན། མི་ཞིག་གིས་སངས་རྒྱས་ནི་སྐྱབས་གནས་མ་ཡིན་ཞེས་བརྗོད་ཚེ། སྐྱབས་གནས་ག་ལ་མིན་སྙམ་པའི་བློ་སྐྱེས་པ་དེའང་བདེན་འཛིན་ཅིའི་ཕྱིར་མིན། དེ་བཞིན་འདི་བུམ་པ་མིན་ཞེས་བརྗོད་ཚེ། བུམ་པ་མིན་ན་གཞན་ཅི་ཞིག་ཡིན། བུམ་པ་ཡིན་པར་ཐག་ཆོད་སྙམ་པའི་བློ་དེ་ཡང་བུམ་པའི་བདེན་འཛིན་ཡིན་གྱི་ཚད་མ་ག་ལ་ཡིན། དེས་ན་ཁོང་ཅག་གི་ལུགས་ལྟར་ན་བློ་ཤུགས་ཆུང་བ་རྣམས་ཚད་མ་དང༌། བློ་དེ་ག་རང་ཤུགས་ཆེ་རུ་སོང་ཚེ་རླུང་ལོག་པ་བཞིན་བདེན་འཛིན་དུ་འགྲོ་བར་འདུག་པས་ཡ་མཚན། ཞེས་སོ། །འདི་ཡར་ལངས་མེད་པའི་དགག་པ་ཡིན་མིན་ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་ཡིག་མི་འཇིགས་སེང་གེའི་ང་རོ་ནས་བཟུང་སྟེ། དེང་སང་གི་ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེའི་མེ་ཆར་གྱི་བར་དུ་ཞིབ་ཏུ་ཀློག་དང་ཧ་གོ་བར་འགྱུར་རོ། །

  འདི་དག་ཀྱང་གསར་དུ་བཤད་པ་གཅིག་ཀྱང་མེད་ལ།  རྗེ་ཙོང་ཁ་བས་གཞུང་མང་པོ་ནས་རང་བཞིན་གྱིས་ཡོད་མེད་དང་།   ཡོད་མེད་ཁྱད་པར་གསལ་བོར་བཤད་པ་དག་མ་གོ་བར།  རིགས་ཤེས་ཚད་མས་རྙེད་པ་དང་ཁེགས་པ་དོན་གཅིག་ཏུ་འཁྲུལ་བ་དང་།   རིགས་པས་དཔྱད་བཟོད་དང་རིགས་པས་ཁེགས་པ་སོགས་ཕྲ་མོའི་དོན་རྣམ་པར་མ་ཕྱེས་པ་སོགས་ཡིན་ལ།   འདི་སྔོན་ལ་བཤད་པ་ལྟར་རོ་གསོད་པའི་དགོས་པ་མེད་པས་རེ་ཞིག་འཐུས་པར་བྱས་སོ།།  
 དེ་བཞིན་དུ་ཆོས་དང་གང་ཟག་བདེན་པར་མེད་པར་བཤད་པ་ལས།  ཆོས་དང་གང་ཟག་གཏན་མེད་མ་ཡིན་ལ།   སོ་སྐྱེས་ཀྱིས་ཉམས་མྱོང་མངོན་སུམ་གྱི་སྟེང་ནས་སྣང་སྟོང་གི་ལྟ་བ་རྟོགས་མི་ཐུབ་ནའང་།   ལུང་དང་རིགས་པ་ལ་བརྟེན་ནས་དོན་སྤྱིའི་ཚུལ་དུ་རྟོགས་ནུས་ལ།     དེ་ལྟར་རྟོག་པའི་སྣང་ཡུལ་དེ་དོན་སྤྱི་ཡིན་ནའང་དེའི་ཞེན་ཡུལ་དོན་དམ་ཡིན་པས་ན་ཐ་སྙད་བདེན་པ་ལ་བརྟེན་ནས་དོན་དམ་རྟོགས་ནུས་པར་བསྒྲུབ་པ་ཡིན་ལ།   བདེན་འཛིན་ཟེར་བའང་སོ་སྐྱེས་རྒྱུད་ཀྱི་ཤེས་པ་ཆོས་དང་གང་ཟག་བདེན་པར་ཡོད་པའི་སེམས་འདི་ཡིན་པར་བཤད་པ་ལས།    ཆགས་སྡང་གི་ཆེ་ཆུང་ཞིག་ཏུ་བཤད་པ་མེད་པས།   དགེ་ཆོས་ཀྱི་ཅི་གསུང་མགོ་ཐོག་གི་བུམ་པ་དང་ལྕེ་ཐོག་གི་བདུད་རྩིར་ཤར་བའམ་ཅོལ་ཆུང་གི་རྟགས་སུ་འདུག    

  མདོར་ན་བདག་དང་གང་ཟག་སོགས་ཡོད་པ་མྱོང་བ་མངོན་སུམ་ཡིན་པས། སངས་རྒྱས་པ་ཚོས་བདག་དང་གང་ཟག་ཡོད་མེད་དམ། ཡང་ན་བདེན་གྲུབ་ཏུ་ཡོད་མེད་དཔྱོད་ཁུལ་བྱེད་པ་ནི་དོན་མེད་པའི་བྱ་སྤྱོད་ཡིན་ལ། ཡོད་ཚུལ་ཇི་ལྟར་ཡིན་པའི་སྐོར་ལ་གནའ་ནས་བཟུང་སྟེ་མཚན་ཉིད་རིག་པ་པ་ཚོས་དཔྱད་པ་བྱས་ཡོད་ཅིང༌། རིག་པའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན་དེ་ཉིད་གལ་འགངས་ཆེ་བའི་བྱ་གཞག་ཅིག་ཡིན་ཤས་ཆེ་ཡང༌། ཡོད་ཚུལ་འདི་འདྲ་ཡིན་ཞེས་ད་བར་སུས་ཀྱང་གསལ་པོར་མ་ཤོད་པར་སྣང་ངོ༌། །གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་སོགས་མུ་སྟེགས་པའི་གྲུབ་མཐའ་ཚང་མས་གང་ཟག་གི་བདག་ཏུ་སྨྲ་བ་ན། སྟོན་པ་ཤཱཀྱ་ཐུབ་པས་དེ་དག་གི་ཁ་གཏད་དུ་ལངས་ཏེ་གང་ཟག་གི་བདག་མེད་སྨྲ་བའི་ཆོས་ལུགས་གསར་པ་འདི་སྲོལ་གཏོད་པ་ཡིན་པས། ལྟ་བའི་ཐད་ནས་གང་ཟག་གི་བདག་མེད་འདི་སངས་རྒྱས་ཆོས་ལུགས་ཀྱི་སྙིང་ལྟ་བུ་ཡིན།

  སྐབས་དེ་དག་ཏུ་ཆོས་ཀྱི་བདག་མེད་ཀྱི་སྐོར་ལ་སྐད་ཆ་ཅི་ཡང་མེད་མོད། ཕྱིས་སུ་མཁས་པ་མང་པོས་གང་ཟག་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་དངོས་པོ་གཞན་དག་ལ་ཡང་ཁ་སྤོ་རྒྱུ་ཡོད་པར་ཧ་གོ་ནས། རྣམ་རིག་པ་དང་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་པའི་གྲུབ་མཐའ་གསར་པ་གཉིས་བཙུགས་ཏེ་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་པ་རེད། དབུ་སེམས་གཉིས་ཀྱི་གཞུང་ལུགས་ཕལ་མོ་ཆེ་བོད་དུ་འགྱུར་ཞིང༌། བསྟན་པ་སྔ་དར་གྱི་སྐབས་ནས་བཟུང་སྟེ་ད་ལྟའི་བར་གྱི་མི་ལོ་ཆིག་སྟོང་ལྷག་གི་རིང་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་ཀྱང་རྒྱུན་ཆད་མྱོང་མེད། འོན་ཀྱང་གཞུང་ཆེན་དེ་དག་ལ་འགྲེལ་བཤད་བསྐྱོན་སྐབས་བཤད་སྟངས་རྩ་བ་ནས་མི་འདྲ་བ་གཉིས་བྱུང་ཡོད། བོད་ཀྱི་དབུ་མ་པ་སྔ་མ་ཚོས་ཟེར་ན། སྣང་ཞིང་སྲིད་པའི་ཤེས་བྱ་ཡོངས་རྫོགས་བདག་འཛིན་མ་རིག་པའི་དབང་གིས་བྱུང་བའི་འཁྲུལ་སྣང་ཤ་སྟག་ཡིན་པ་དང༌། བརྟགས་ཤིང་དཔྱད་ན་ཆུ་ཤིང་ལ་སྙིང་པོ་འཚོལ་བ་ལྟར་དཔྱད་བཟོད་དུ་གྲུབ་པ་རྡུལ་ཕྲན་ཙམ་ཡང་མེད། དེ་ཡང་རགས་པའི་དངོས་པོ་རྣམས་བཅོམ་ཞིང་བསལ་ན་ཐལ་བ་རྡུལ་དུ་འགྱུར་འགྲོ་ལ། རྡུལ་ཕྲན་ཞེས་པའི་དངོས་པོ་ཆུང་མཐའ་ཞིག་ཀྱང་ཡོད་མི་སྲིད་དེ། བྱེ་མདོས་འདོད་པའི་ཕྲ་རྡུལ་དེ་ལ་ཤར་བསྟན་གྱི་ཆ་དང༌། ནུབ་བསྟན་གྱི་ཆ་གཉིས་སུ་ཕྱེ་རྒྱུ་ཡོད་ན་ནི་ཆུང་མཐའ་མ་ཡིན་དགོས་ལ། མེད་ན་ནི་རང་རང་གི་གོ་ས་ནོན་མི་ཤེས་པས་རྡུལ་ཕྲན་གྱི་ཁྱད་ཆོས་བརླགས་ཚར་བ་རེད། དེས་ན་ས་རྡོ་རི་བྲག་སོགས་མ་བརྟགས་མ་དཔྱད་ན་ཡོད་ཡོད་བདེན་བདེན་ལྟ་བུ་འདི་དག་ཀྱང་རིགས་པས་དཔྱད་ན་འཇའ་ལ་རེག་པ་བཞིན་ཡལ་འགྲོ་བས་མི་བདེན་འཁྲུལ་སྣང་དུ་ཤེས་དགོས། ནང་གི་སེམས་ལ་དཔྱད་ན་ཡང་དེ་དང་འདྲ་སྟེ། དགའ་སྡུག་ཆགས་སྡང་སོགས་རྒྱུན་ལྡན་གྱི་ཤེས་པ་འདི་དག་ལ་ཞིབ་ཏུ་དཔྱད་ན་དུས་ཤིན་ཏུ་ཐུང་ངུ་རེའི་ནང་དུ་སྐྱེ་འགག་བྱེད་པ་མ་གཏོགས་སྐད་ཅིག་ཙམ་ལ་ཡང་མི་སྡོད་པས། དུས་སྔ་ཕྱི་སོ་སོ་ན་ཡོད་པའི་ཤེས་པ་གཉིས་པོ་གཅིག་ཏུ་སྣང་བ་འདི་མགལ་མེའི་འཁོར་ལོ་ལྟར་འཁྲུལ་པ་ཡིན་པར་ར་འཕྲོད་ཐུབ།

  ཤེས་པ་གཅིག་ལ་སྔ་ཕྱི་ཆ་ཤས་སོ་སོར་ཕྱེ་རྒྱུ་མེད་པ་ཞིག་ཡོད་མི་སྲིད་དེ། གལ་སྲིད་ཡོད་ན་དེ་འདྲའི་ཤེས་པ་སྐད་ཅིག་མ་གསུམ་རྒྱུན་ཆགས་སུ་འབྱུང་བའི་ཚེ། ཤེས་པ་སྐད་ཅིག་དང་པོ་དང༌། གཉིས་པ་གཉིས་དུས་གཞན་གྱིས་བར་དུ་ཆོད་ན་རྒྱུན་ཆགས་ཀྱི་དོན་མེད། བར་དུ་མ་ཆོད་ན་འཕྲད་དགོས། འཕྲད་ན་དུས་མཉམ་ཡིན་དགོས་པས་སྐད་ཅིག་གཉིས་མཐུད་ཀྱང་གཅིག་གི་ཡུན་ལས་མི་ལོངས་པར་འགྱུར་རོ། །ད་དུང་སྐད་ཅིག་གཉིས་པ་དེར་སྐད་ཅིག་དང་པོ་ལ་འཕྲད་པའི་ཆ་གཅིག་དང༌། གསུམ་པ་ལ་འཕྲད་པའི་ཆ་གཅིག་སྟེ་སྔ་ཕྱིའི་ཆ་ཤས་གཉིས་སུ་ཕྱེ་རྒྱུ་ཡོད་ན་སྔ་ཕྱིའི་ཆ་མེད་ཉམས་ཤིང༌། ཕྱེ་རྒྱུ་མེད་ན་དང་པོ་ལ་འཕྲད་པའི་ཆ་དེ་ཕྱི་མ་ལ་འཕྲད་པའི་ཆ་ཡང་ཡིན་དགོས་པས་སྐད་ཅིག་དང་པོ་དང་གསུམ་པ་གཉིས་ཀྱང་འཕྲད་པར་འགྱུར། ཞེས་སོགས་རྣོ་ལ་སྐྱེན་པའི་རིགས་པ་མང་པོ་བརྗོད་ཡོད། དེ་ལྟར་བརྟགས་དཔྱད་བྱས་ན་དཔྱད་བཟོད་ཀྱི་ཆོས་སྣ་གཅིག་མེད་པས་སྣང་བ་ཡོད་ཚད་གཞི་མེད་ཀྱི་འཁྲུལ་སྣང་རྐྱང་རྐྱང་དུ་ཁས་ལེན་པ་ཡིན་ཟེར། དེང་སང་ཀུན་གྱི་ཁ་ན་རྒྱུ་བའི་ཐ་སྙད་ཚད་མས་མ་གྲུབ་ཟེར་བ་དེའི་དོན་འདི་རེད།

  ཁྱོད་ཀྱི་བཤད་ཚོད་ལ་ཐ་སྙད་ཚད་གྲུབ་ཟེར་བ་ནི་འཇིག་རྟེན་དོན་དམ་དུ་ཡོད་མེད་རྩོད་པ་ལྟ་བུ་ཞིག་ཏུ་སོང་འདུག་སྟེ།    ཐ་སྙད་ཚད་མ་དང་ཀུན་རྫོབ་བདེན་པ་དོན་གཅིག་ཡིན་པ་སློབ་དཔོན་ཀླུ་སོགས་ཀྱིས་ཁས་ལེན་ལ།   བོད་ཀྱི་མཁས་གྲུབ་ཚོས་རྩོད་པ་ནི་ཀུན་རྫོབ་ཀུན་རྫོབ་ཏུ་གྲུབ་མ་གྲུབ་རྩོད་པ་མ་ཡིན་པར།   ཀུན་རྫོབ་དོན་དམ་དུ་གྲུབ་མིན་རྩོད་པ་ཡིན་པས་ན།     གནད་འདི་དག་གིས་ཁྱོད་ཀྱི་ཁ་ལ་རྒྱ་བཏབ་པ་མ་ཡིན་ནམ།   

  འོ་ན་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཉིད་དེ་དོན་དམ་བདེན་པ་ཡང་མེད་དམ་ཞེས་དྲིས་པ་ན། མེད་ཅེས་སྨྲ་མ་ནུས་ཤིང་ཡོད་ཅེས་ཀྱང་ཟེར་མ་ཤེས་པས་དེ་དག་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཟེར། ཡོད་མེད་གཉིས་ཕུང་གསུམ་ཁེགས་པའི་དངོས་འགལ་མིན་ནམ་ཞེས་དྲིས་པ་ན། ང་ཚོའི་བློ་ངོར་དངོས་འགལ་ཡིན་ཀྱང་དོན་ལ་དེ་ལྟར་ཡིན་པར་མ་ངེས་ཟེར། ཡོད་མེད་གང་ཡང་མིན་པའི་གནས་ལུགས་དེ་ཤེས་རྒྱུ་ཡོད་དམ་མེད་ཅེས་དྲིས་པ་ན། དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཤེས་རྒྱུ་ཡོད་པའང་ཁས་མི་ལེན། ཤེས་རྒྱུ་མེད་པའང་ཁས་མི་ལེན་ཟེར། དེང་སང་ཡོངས་གྲགས་ཀྱི་ཁས་ལེན་མེད་པའི་གྲུབ་མཐའ་ཟེར་བ་དེ་འདི་རེད། ཐ་སྙད་ཚད་མས་མ་གྲུབ་པའི་དམ་བཅའ་དང༌། ཁས་ལེན་མེད་པའི་གྲུབ་མཐའ་འདི་གཉིས་ལ་ཞིབ་ཏུ་བསམ་ན་དངོས་གནས་དགོད་ཤོར་འོང་བར་འདུག །ཐ་སྙད་ཚད་མས་མ་གྲུབ་ན་ཐ་སྙད་པའི་ཆོས་ཀྱི་བྱེ་བྲག་ཁོའི་བློ་དེའང་ཚད་མས་མ་གྲུབ་དགོས་པས་དེས་ཐ་སྙད་ཚད་མས་མ་གྲུབ་པ་ཇི་ལྟར་ཤེས་པ་ཡིན་ནམ། སྣང་བ་ཡོད་ཚད་གཏད་སོ་མེད་པའི་འཁྲུལ་སྣང་ཡིན་ན། ཡོད་ཚད་འཁྲུལ་སྣང་དུ་ཐག་གཅོད་བྱེད་པའི་བློ་དེ་ཡང་འཁྲུལ་བློ་ཡིན་དགོས་པས་དེས་ཐག་གང་བཅད་ལའང་གཏད་སོ་ཅི་ཞིག་ཡོད། ཁོས་ཡོད་ཚད་འཁྲུལ་སྣང་དུ་ཐག་བཅད་པའི་ཞོར་ལ་ཁོས་བཤད་ཚད་ཐམས་ཅད་ཀྱང་འཁྲུལ་བཤད་གཟའ་བཤད་རྐྱང་རྐྱང་ཡིན་པར་ཐག་བཅད་པ་ཡིན་པས་རང་གིས་རང་ལ་དེ་སྡུག་མེད་པའི་མཚང་འབྲུ་ཁྱད་གསོད་བྱས་པ་ཡིན་ནོ། །སངས་རྒྱས་དཀོན་མཆོག་དང་དཀོན་མཆོག་དེའི་ཆོས་ཉིད་གཉིས་གོ་རིག་ཐོས་གསུམ་གང་ཡང་མི་འདུག་ན་མེད་ཅེས་ལབ་བཞག་ན་ལོས་ཆོག །ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཟེར་ཅི་དགོས། སངས་རྒྱས་མེད་ན་གདུལ་བྱ་སུས་འདུལ། ཆོས་འཁོར་སུས་བསྐོར་སྙམ་ནས་ཞེད་སྣང་ལངས་པ་ཡིན་ན། གདུལ་བྱ་འདུལ་བ་དང༌།ཆོས་འཁོར་བསྐོར་བ་དེ་ཚོ་འཁྲུལ་སྣང་རེད་ཅེས་ཁྱོད་ཀྱིས་བཤད་ཟིན་པ་མིན་ནམ། འཁྲུལ་སྣང་ལ་ནི་བྱེད་པོ་མི་དགོས་ཏེ། དཔེར་ན་མིག་བཙིར་བའི་སྐབས་ཀྱི་ཟླ་གཉིས་བཞིན་ནོ། །ཁས་ལེན་མེད་ན་ཁ་རོག་འདུག་མི་བཞག་པར་རྩོད་པའི་གྲྭ་རུ་ཅི་ལ་སླེབ་ཡོང་བ་ཡིན་སུས་ཤེས། རིགས་པ་ལ་གཡོལ་བའི་ཆེད་དུ་མ་དཔྱད། ཅུང་ཟད་དཔྱད་པ། ཤིན་ཏུ་དཔྱད་པའི་རྣམ་གཞག་གསུམ་མམ། ཐ་སྙད་གཞིར་བཞག་དང༌། དོན་དམ་གཞིར་བཞག་གི་གནས་སྐབས་གཉིས་སུ་དབྱེ་བ་སོགས་པར་པུར་མང་པོ་ཞིག་བྱས་ཡོད་མོད། ཡོད་ཚད་རང་མགོ་རང་གཡོག་གི་ལས་ཀ་ཡིན། གནས་སྐབས་ཞེས་པ་དུས་ཚོད་སྟོན་པའི་ཚིག་ཡིན་གྱི་ཕྲ་རགས་སྟོན་པའི་ཚིག་མིན་པ་འདི་ཉིད་ཁོ་ནས་དེ་ཚོའི་དེ་ཉིད་ལྷང་ལ་ཕུད་ཚར།

  དངོས་པོ་གཅིག་ཉིད་ཐོག་མར་ཡོད་པར་རྟོགས་པའི་ཚད་མ་སྐྱེ། བར་དུ་མེད་པར་རྟོགས་པའི་ཚད་མ་སྐྱེ། མཐར་ཡོད་མེད་གང་ཡང་མིན་པར་རྟོགས་པའི་ཚད་མ་སྐྱེ་ཆོག་ན་འཇིག་རྟེན་འདིར་མི་ཆོག་པ་དང་མི་རུང་བ་ཅི་ཡང་མི་སྲིད། ཁྱོད་རང་ཐོག་མར་མི་ཡིན་པར་རྟོགས་པའི་ཚད་མ་དང༌། བར་དུ་ཁྱི་ཡིན་པར་རྟོགས་པའི་ཚད་མ་དང༌། ཐ་མར་འདྲེ་ཡིན་པར་རྟོགས་པའི་ཚད་མ་ཁོ་བོའི་རྒྱུད་ལ་སྐྱེ་བྱུང་ཞེས་སྨྲ་བར་འདོད་དོ། །

  འདི་དག་ནི་བསྡུས་གྲྭའི་རིགས་ལམ་སོགས་ལ་བྱང་བའི་མི་ལ་མཚོན་ན་སྙིང་པོ་མེད་པ་སྟེ།   བློ་དང་རིག་པ་ཚད་མ་ཤེས་པ་རྣམས་དོན་གཅིག་ན།   ཡིད་ལ་ཅི་ཡང་འཆར་ཆོག་སྟེ།   དངོས་པོ་གཅིག་ལ་ཡོད་བློ་སྐྱེས།  དེ་ནས་མེད་པའི་བློ་སྐྱེས།   དེ་ནས་དེ་གཉིས་གང་ཡང་མིན་པའི་བློ་སྐྱེས་ན་ཅི་ལ་མི་ཆོག   བློ་ཡི་འཇུག་པ་ལ་མཐའ་མེད་པས།      ཁྱོད་རང་ཐོག་མར་མི་ཡིན་པའི་བློ་སྐྱེས་ཆོག་སྟེ།    སྨྲ་ཤེས་ཤིང་དོན་གོ་བ་སོགས་ཀྱི་དབང་གིས་སོ། །  དེ་ནས་ཁྱི་ཡིན་པའི་འདུ་ཤེས་ཀྱང་སྐྱེ་ཆོག་སྟེ།     གཏད་སོ་མེད་པར་གཞན་རྗེས་འབྲངས་པ་སོགས་ཀྱིས་སོ། །  དེ་ནས་འདྲེ་ཡིན་པའི་འདུ་ཤེས་ཀྱང་སྐྱེ་ཆོག་སྟེ།   ཆོས་དང་དཀོན་མཆོག་སོགས་ཀྱི་ཚིག་དག་རྣ་ལ་གཟན་པ་སོགས་ཀྱིས་སོ།།     འདི་དག་ནི་ཀུ་རེའི་ཚིག་གོ།        

  རང་རྒྱུད་གྲུབ་མཐས་བསླད་ཆེས་པས་རང་སྐྱོན་མཐོང་མི་ཐུབ་པ་མ་གཏོགས་སྔ་རབས་པའི་གྲུབ་མཐའ་འདི་ལས་ནོར་ཚབས་ཆེ་བ་ཞིག་ཕལ་ཆེར་མི་སྲིད་པའི་ཚོད་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་རྗེ་ལེགས་ཆོས་པས། ཡིད་ལ་སྒོམ་ཚེ་ཅི་ཡང་མི་འཆར་ཞིང༌། །ངག་གི་ལམ་ནས་གང་ཡང་མི་སྨྲ་བར། །ལུས་ཀྱི་རྣམ་འགྱུར་ཁོ་ནས་འཛིན་དགོས་པའི། །གྲུབ་མཐའ་འདི་ནི་ཁྱོད་ཀྱི་བགོ་སྐལ་ཡིན། །ཞེས་སྔ་རབས་པའི་ཡོད་མིན་མེད་མིན་གྱི་ལྟ་བ་དང༌། ཁས་ལེན་མེད་པའི་རྩོད་པ་ལ་ཤགས་འདེབས་གནང་བ་འདི་ཅི་འདྲའི་གནད་ལ་ཁེལ་བ་ཞིག་རེད་ཨང༌། 

  སྔ་རབས་པའི་གྲུབ་མཐའ་ཟེར་ནས་ལོགས་སུ་སྟོན་རྒྱུ་མེད་ལ།  བོད་སྔ་མའི་ལུགས་ཀྱི་དབུ་མའི་འདོད་ཚུལ་འདི་དག་གྲུབ་མཐའ་ཞིག་ཏུ་སུས་ཀྱང་བཤད་སྲོལ་མེད།    རྒྱུ་མཚན་བོད་ཀྱི་བསྒྲུབ་རྒྱུད་ཤིང་རྟ་བརྒྱད་གང་དུའང་བོད་སྔ་མའི་གྲུབ་མཐའ་ཟེར་བ་ཞིག་མེད་པས།   འདི་དག་རང་བཟོའི་སྐད་ཆ་ཡིན་ལ།    གཞན་ཡང་།  བོད་སྔ་མའི་ལུགས་ཀྱི་དབུ་མ་ལ་ཡོད་མིན་མེད་མིན་གྱི་ལྟ་བ་དང་།   མཐའ་བྲལ་དབུ་མའི་ལྟ་བ་སོགས་སུ་བཤད་པ་ལས།   ཁས་ལེན་མེད་པའི་དབུ་མ་ཟེར་བ་ཞིག་མེད་ལ།   ཁས་ལེན་མེད་ཟེར་བ་ནི་ཐལ་འགྱུར་བའི་འགྲེལ་བརྗོད་ཁ་ཤས་ལ་སྐྱོན་བརྗོད་པའི་བཤད་སྟངས་ལས་དེ་ནི་བོད་སྔ་མ་སྤྱིའི་ཁྱད་ཆོས་ཤིག་ག་ལ་ཡིན།    བོད་སྔ་མ་སོགས་ཀྱི་འདོད་ཚུལ་འདི་རྒྱ་གར་གྲུབ་ཆེན་ངྷརྨ་ནས་བརྒྱུད་པའི་དང་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་སོགས་སུ་དར་རྒྱས་ཆེ་བའི་ཏིང་འཛིན་པའི་ལྟ་བ་དང་འདྲ་ཆེ་སྟེ།    ཏིང་འཛིན་པའི་ཕྱི་མོའི་གཞུང་དུ不立文字,教外别传;直指人心,见性成佛ཞེས་པ་སྟེ།   གཞུང་དོན་གཞན་ལ་གསང་བ་དང་།། ཚིག་ལ་ལྟོས་པ་མེད་པ་དང་།།   རང་གི་སེམས་ལ་ཡོངས་སུ་བལྟ།།  རང་བཞིན་མཐོང་ན་རྣམ་པར་གྲོལ།།    སོགས་ཀྱི་བཤད་པ་ཡོད་པ་འདི་ལས་ཤེས་ལ།     དེའི་ཆོས་རྒྱུད་དག་ཁོ་རེ་ཡ་དང་ཉི་ཧོང་དུ་དར་བས་ཉི་ཧོང་བས་གདོད་ནས་སད་པའི་ལྟ་བ་འདིའང་བོད་སྔ་མའི་ལུགས་དང་མཐུན་པས་ན།       འགོག་ན་འཛམ་གླིང་གི་ནང་བསྟན་ཕྱོགས་ཡོངས་ནས་འགོག་པར་འོས་སོ།།   ཡིན་ནའང་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ།   བོད་ཀྱི་སྒྲུབ་བརྒྱུད་ཕལ་མོ་ཆེའི་མགོ་ཁུངས་རྒྱ་གར་ཡིན་ལ།    ཏིང་འཛིན་པའི་ལྟ་བ་སོགས་ཀྱང་རྒྱ་གར་ནས་བྱུང་བས་ན་དེ་གཉིས་ལ་འདྲ་ས་ཡོད་པ་ནི་བཤད་མ་དགོས་སོ།།   

  རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱིས། བོད་སྔ་རབས་པའི་གྲུབ་མཐའ་དེས་ཆུ་མི་ཐུབ་པར་གཟིགས་ནས་རང་ལུགས་གསར་པ་ཞིག་བཟོས་ཡོད་པ་ནི་འདི་ལྟར། ཆོས་ཀྱི་བདག་མེད་ཅེས་གསུངས་པ་དེ་བུམ་པ་ཀ་བ་སོགས་གཏན་ནས་མེད་གསུངས་པ་མ་རེད། དེ་ཚོ་བདེན་གྲུབ་ཀྱིས་མེད་གསུངས་པ་རེད། ཡོད་པ་དང་བདེན་གྲུབ་ཀྱིས་ཡོད་པ་གཉིས་དང༌། མེད་པ་དང་བདེན་གྲུབ་ཀྱིས་མེད་པ་བཅས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཁྱད་པར་འདི་ངོས་ཟིན་མཁན་རྗེ་ཙོང་ཁ་པ་ཁོང་ཙམ་མ་གཏོགས་གཞན་བོད་པ་ཉུང་ཉུང་ཡིན། རགས་པའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲན་དེ་བྱེ་མདོ་གཉིས་ཀྱིས་བཤད་པ་ལྟར་ཕྱོགས་ཀྱི་ཆ་མེད་མིན་པར་ཆ་བཅས་ཡིན། ཤེས་པ་སྐད་ཅིག་དང་པོ་དང་གཉིས་པའི་བར་དུ་དུས་གཞན་གྱིས་བར་དུ་མ་ཆོད་ཀྱང་དེ་གཉིས་འཕྲད་མི་དགོས། གཞི་གང་ལ་སྦྱར་ཡང་ཡོད་པ་མ་ཡིན་ན་མེད་དགོས་ཤིང༌། མེད་པ་མ་ཡིན་ན་ཡོད་དགོས། དགག་པ་གཉིས་ཀྱིས་རྣལ་མ་གོ་བ་འདི་རིགས་པ་སྨྲ་བ་སྤྱིའི་ལུགས་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན། གཉིས་ཀའང་མ་ཡིན། གཉིས་ཀ་མ་ཡིན་པའང་མ་ཡིན། ཞེས་སྨྲ་བ་ནི་ཁ་ན་རོགས་དང༌། དེ་ལྟར་བསྒོམ་པ་ནི་སྙིང་ལངས་རོགས་ལས་དོན་སྙིང་དང་གྲུབ་འབྲས་སྤུ་ཙམ་མེད། གཞན་ལུགས་རིགས་པས་ཚར་བཅད་རྗེས་རང་ལུགས་རིགས་པས་བསྒྲུབ་ཤེས་དགོས་ཀྱི། ང་ལ་ཁས་ལེན་མེད་ཅེས་བརྗོད་དེ་ལག་སྟོང་མཆན་ལ་བཅུག་ནས་སྲ་ཐོ་སེར་འཆི་རྒྱུར་སྒུག་བསྡད་ན་མི་འགྲིག །ཅེས་སོགས་སྐད་ཆ་གསར་པ་མང་པོ་ངར་ངར་རྫིག་རྫིག་དང་བཅས་བཤད་འདུག་ལ། དེ་དག་གི་ཁྲོད་ནས་སྔ་རབས་པ་ལ་འཕངས་པ་ཕལ་མོ་ཆེ་གནད་དུ་བསྣུན་ཡོད་ཀྱང༌། རང་ལུགས་ཀྱི་རྩ་བའི་གྲུབ་མཐའ་དེ་ཚོ་ནི་ཡིད་དུ་འོང་བ་ཞིག་གཏན་ནས་མ་རེད། ཡོད་པ་དང་བདེན་གྲུབ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་འཇོག་ཁུལ་བྱས་པ་འདི་ནོར་བ་ཐམས་ཅད་ཀྱི་རྩ་བ་ཡིན། ཡོད་ཀྱང་མི་བདེན་པའི་དངོས་པོ་ཞིག་བཙལ་ཀྱང་རྙེད་རྒྱུ་མེད།

  ༼ཡོད་པ་དང་བདེན་གྲུབ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་འཇོག་ཁུལ་བྱས་པ་འདི་ནོར་བ་ཐམས་ཅད་ཀྱི་རྩ་བ་ཡིན༽་ཟེར་བ་འདི།    གོ་ལྡོག་ནས་བཤད་ན་འོས་ཏེ།   ཡོད་པ་དང་བདེན་གྲུབ་གཉིས་ལ་ཁྱད་པར་མེད་པར་འདོད་པ་ནི་ནོར་འཁྲུལ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ།    ཡོད་པ་དང་བདེན་གྲུབ་ཀྱི་ཁྱད་པར་ཆེན་པོ་ལེགས་ཚོགས་ཀུན་ཀྱི་རྩ་བ་ཡིན་པའི་ཕྱིར།   དེ་གཉིས་ཀྱི་ཁྱད་པར་འབྱེད་ཤེས་པས་ད་གཟོད་ཆོས་ཐམས་ཅད་ཀྱི་རྣམ་བཞག་ལ་དཔྱད་པ་བྱ་རྒྱུ་ཡོད་པ་ཞིག་དང་ཆོས་ཉིད་བཙལ་རྒྱུ་ཡོད་པ་ཞིག་ཏུ་གྱུར་བ་ཡིན།   ཁྱོད་ལྟར་ན་དེ་གཉིས་ཁྱད་པར་མེད་པར་ཐལ།   ཚ་བ་མདའ་སྨྱུག་གིས་སངས་རྒྱས་ཆོས་ལུགས་བཤད་པའི་རྩོམ་ཉོག་ཁ་ཤས་བྲིས་པ་དེ་ཡོད་པར་ཐལ།  བདེན་པར་གྲུབ་པའི་ཕྱིར།    དེར་ཐལ།  དེ་ནོར་འཁྲུལ་མེད་ཅིང་མཐར་ཐུག་གི་དངོས་པོའི་ཆོས་ཉིད་ཀྱི་གཏིང་ལ་ཟུག་པའི་ཕྱིར།     ཡིན་ནའང་།   བདག་གིས་ཚ་མདས་རྩོམ་ཁ་ཤས་བྲིས་ཡོད་པ་ཁས་ལེན་པ་ལས།    དེ་རིགས་ཤེས་ཀྱིས་དཔྱད་པ་བཏང་ཚེ་བདེན་པ་མ་གྲུབ་པའང་ཤེས་ལ།   དེ་ན་ཡོད་པ་དང་བདེན་པར་གྲུབ་པ་གཉིས་ཇི་ལྟར་འབྱེད་དགོས་པའི་གནད་ཀ་འདི་མུ་མཐུད་དུ་སྦྱོང་པའི་སྐུལ་མ་བཏངས་པ་ཡིན།      
  ཡང་༼ཡོད་ཀྱང་མི་བདེན་པའི་དངོས་པོ་ཞིག་བཙལ་ཀྱང་རྙེད་རྒྱུ་མེད༽ཟེར།   ཡོད་ཀྱང་མི་བདེན་པའི་དངོས་པོས་འཇིག་རྟེན་ན་བཀངས་ཡོད་མོད།  འོད་ཀྱང་དེ་དག་བདེན་རྫུན་གྱི་དབྱེ་བ་འབྱེད་པ་བློ་གྲོས་ཀྱི་མིག་དགོས་པ་ཁྱོད་ཤའི་མིག་གིས་ཐད་ཀར་མཐོང་མི་ཐུབ་པ་ལ།     གཞན་ཀྱང་།   ཡོད་ཀྱང་མི་བདེན་པའི་དངོས་ཧ་ཅང་མང་སྟེ།   དེང་སང་རང་རེའི་ཚོང་ར་ན་ཚོང་ཟོག་མང་དུ་ཡོད་ཀྱང་དེ་ལ་མི་བདེན་པའི་ཚོང་ཟོག་མང་ཆེ་བས་ཟིན་པས་ན།   ཡོད་ན་བདེན་པར་ཡོད་སྙན་ནས་བློས་མི་དཔྱོད་པར་རྫུན་མ་ཉོས་ན་ལུས་དང་ཁམས་ལ་གནོད་ངེས་པར་གཟབ་པར།   ཁྱོད་རང་འཇིག་རྟེན་ལ་ཡིད་ཆེས་ཆེ་དྲགས་འདུག   
  གཞན་ཡང་།  སློབ་དཔོན་ཟླ་བ་གྲགས་པ།   བདག་ནི་ཆོས་རྣམས་ཀྱི་གཞན་ལ་རག་མ་ལས་པའི་རང་བཞིན་ལ་ཟེར་བར་བཤད་པ་བཞིན།  མདུན་ཅོག་ཡོད་པ་དང་།  མདུན་ཅོག་བདེན་པར་མ་གྲུབ་པ་གཉིས་ཁྱད་པར་ཆེ་བ་སུས་ཀྱང་ཤེས་ཏེ།   མདུན་ཅོག་ཡོད་མོད།   འདུག་ཅོག་ལ་གཞན་ལ་རག་མ་ལས་པའི་རང་བཞིན་ཞིག་མེད་པ་གཉིས་ཀྱི་ཁྱད་པར་ཡིན་ལ།      ཡོད་ན་བདེན་པར་གྲུབ་ཟེར་བ་འདི་ནི།      ཡོད་པ་འདི་ལ་མཚན་ཉིད་རིག་པའི་གོ་བ་སོགས་མེད་པར།   ཡོད་ཟེར་བ་ནི་མངོན་སུམ་མིག་གིས་མཐོང་བའི་གཟུགས་ཁོ་ན་ལ་བསམ་བློ་བཏངས་ནས་དབང་པོའི་མངོན་སུམ་ཙམ་ལ་གོ་བ་སྟེ།    དབང་བོའི་མངོན་སུམ་དུ་གྱུར་འདུག་ནའང་བདེན་པར་མ་གྲུབ་པ་ཅི་ཡིན་བསམ་ནས་ཨུ་ཚུགས་ཁོ་ན་བྱེད་པ་སྟེ།   དེ་ལྟར་ན།  ཁྱོད་ཀྱིས་བཤད་པའི་དངོས་ལུགས་ཀྱི་ཤེས་བྱ་ཀུན་ཁྱབ་འདྲེན་ཤུགས་དང་།   ཁབ་ལེན་ནུས་པ།    གློག་རྩོལ་སོགས་ཀྱང་དབང་པོའི་མངོན་སུམ་དུ་གྱུར་བ་མ་ཡིན་པས།   བདེན་པར་གྲུབ་པ་ཁས་ལེན་མི་ཉན་པ་ལ།   དེ་ལས་ཀྱང་ཁྱོད་ཀྱི་སྟོན་པར་བཀུར་བ་ཨ་ཡེན་སི་ཐན་གྱི་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བ་དང་།   དེང་དུས་ཀྱི་རླབས་ཆེ་བའི་སྟོང་ཁམས་དངོས་གཤིས་རིག་པ་སི་ཐིས་བིན་ཧོ་ཁེན་གྱི་ནག་དོང་ཆེན་པོའི་གཏན་སྲོལ་སོགས་ཀྱང་བློ་ལ་ཧ་ཅང་ལྐོག་ཏུ་གྱུར་བ་ཡིན་པས།   དེ་དག་བདེན་པར་གྲུབ་པ་ཅི་ལྟར་ཁས་ལེན། ཡོད་ན་བདེན་པར་གྲུབ་པ་མངོན་སུམ་ཡིན་ཟེར་བ་འདི།  རྒྱལ་ནང་གི་མར་ལེའི་ལྟ་བ་སོགས་ཀྱི་བཤད་ཚུལ་བསྐྱར་བ་ཙམ་ལས་གཞན་ཅི་ཡང་མེད།    
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡༡

2012-05-31 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།