དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༧

 སེམས་ཙམ་པ་ཚོས་གཟུགས་ཅན་གྱི་ཆོས་ཀུན་མ་བརྟགས་ཉམས་དགའི་སྣང་བ་ཙམ་ལས་དཔྱད་ན་སྙིང་པོ་མེད་པས་ཁས་མི་ལེན་ཟེར།   དབུ་མ་པས་ཐ་སྙད་དུ་ཕྱི་དོན་ཁས་ལེན་ཀྱང་རྣམ་གཞག་ཡོད་ཚད་རིགས་པ་མི་ཤེས་པའི་འཇིག་རྟེན་རྒན་པོའི་ཁ་ལ་ཉན་རྒྱུ་ཡིན་ཟེར། དགེ་ལྡན་པའི་མཁས་པ་ཚོས་དབུ་མའི་གྲུབ་མཐའ་དེར་འགྲེལ་བཤད་གཞན་པ་ཞིག་བསྐྱོན་བཞིན་ཡོད་ཀྱང་དེ་ལ་སྙིང་པོ་མེད་པའི་ཚུལ་འོག་ཏུ་འཆད། མདོར་ན་གཟུགས་མཐའ་རྡུལ་ཕྲན་ཆ་མེད་དང༌། བསྐོར་བ་བར་དང་བཅས་པ། དཔེ་ལ་གཡག་རྔ་ནེའུ་གསེང་སོགས་བྱེ་མདོས་བཤད་ཚད་གཏམ་ཚད་སེམས་ཙམ་པ་ལྟར་ན་ཁྱད་གཞི་མེད་པའི་ཁྱད་ཆོས་འབའ་ཞིག་དང༌། དབུ་མ་པ་ལྟར་ན་ཐ་སྙད་འཇོམས་པའི་ཐོ་བ་རུ་ངོས་འཛིན་བཞིན་ཡོད།

  ༼དབུ་མ་བས་རྣམ་བཞག་ཡོད་ཚད་རིགས་པ་མི་ཤེས་པའི་འཇིག་རྟེན་རྒན་པོའི་ཁ་ལ་ཉན་རྒྱུ་ཡིན་ཟེར་བའང༽འུད་ཀྱིས་བརྗོད་པའི་ཆ་འདུས་ལ།    དེ་ནི་དོན་དངོས་སུ།   ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་པ་དང་།  དོན་དམ་དུ་མེད་པས་མེད་གོ་མི་ཆོད་པའི་གནད་འདི་ལ་ཐུག་ཡོད་པ་དང་།   དེ་ཡང་ཚད་སྙད་ཚད་གྲུབ་དང་ཀུན་རྫོབ་ཁས་ལེན་མིན་སོགས་ལ་ཐུག་ཡོད་ལ།   འཇིག་རྟེན་རྒན་པོ་ཟེར་བའམ་ཐ་སྙད་པའི་ཚད་མར་ཟེར་བ་ཡིན་ཏེ།   དང་པོ་ཐ་སྙད་ཡོངས་རྫོགས་རིགས་པས་བཏགས་དོན་བཙལ་དུ་མེད་པར་གང་བྱུང་དུ་སྦྱར་བའི་རྟགས་མཚན་ཙམ་ལས།  བདག་གཞི་དང་ཐ་སྙད་ཀྱི་བར་དུ་རང་བཞིན་གྱི་འབྲེལ་བ་གང་ཡང་མེད་པ་ལ་ཟེར་དང་།   དེ་དག་ནི་ཨ་རུའི་སྐད་བརྡ་རིག་པའི་མཁས་པ་Neom Shomsky(1928-)སོགས་ཀྱིས་ཀྱང་ཁས་ལེན་པའི་ལྟ་བ་ཡིན་པ་གསལ་ལ།    འཇིག་རྟེན་རྒན་པོ་དང་སྲིད་པའི་རྒན་པོ་དག་དོན་གཅིག་པས་འཇིག་རྟེན་གྲགས་ཚོད་ཟེར་བ་དང་གཅིག་ཡིན་པ་འདི་ཤེས་དགོས།     
  ཆོས་ལ་གཟུགས་ཅན་དང་གཟུགས་མེད་གཉིས་སུ་དབྱེ་བའི་བཤད་ཚུལ་ནི་སངས་རྒྱས་ཆོས་ལུགས་ཀྱི་རིགས་ལམ་མ་ཡིན་ལ།    ཆོས་ཀུན་བརྟག་ན་སྙིང་པོ་མེད་པའི་ལྟ་བ་འདི་སངས་རྒྱས་ཆོས་ལུགས་སྤྱི་ལ་ཁྱབ་པའི་འདོད་ཚུལ་ཡིན་ལ། སེམས་ཙམ་པ་ནི།   མདོ་སྡེ་ས་བཅུ་བ་ན།   ཁམས་གསུམ་ནི་སེམས་ཙམ་མོ།།  ཞེས་པ་ལྟར།  ཕྱི་དོན་ཞལ་གྱིས་མི་བཞེས་ཤིང་།   ཁམས་གསུམ་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་སེམས་ཙམ་པ་དང་རྣམ་རིག་པར་འདོད་ལ།   དེ་རྣལ་འབྱོར་སྤྱོད་པ་ཞེས་ཀྱང་བྱའོ།   ཁོ་ཚོས་ཕྱི་དོན་ཁས་མི་ལེན་ནའང་རྣམ་ཤེས་བདེན་པར་སྨྲ་བས་ན།  ཡོད་ཚད་ཅི་ཡང་མེད་ཟེར་བའང་མིན།  སེམས་ཙམ་ལའང་ལུང་དང་རིགས་པའི་རྗེས་འབྲང་གཉིས་དང་།     རྣམ་པའི་ཆ་ནས་ཀྱང་རྣམ་བདེན་རྫུན་གཉིས་ལས།  ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་པོ་མངོན་སུམ་ལ་སྣང་བ་དེ་དེ་ལྟར་དུ་གྲུབ་པར་འདོད་པ་རྣམ་བདེན་པ་དང་།  མ་གྲུབ་པར་འདོད་པ་རྣམ་རྫུན་པར་བཤད་པ་དང་།  དབང་ཤེས་ལ་རགས་པར་སྣང་བ་དེ་རྣམ་བདེན་རྫུན་གཉིས་ཀས་དོན་བྱེད་ནུས་པར་འདོད་ཀྱང་།   དེ་སྣང་བ་ལྟར་དུ་གྲུབ་མ་གྲུབ་ལ་རྩོད་པ་ཡིན།     དེ་ལྟར་ན།   སེམས་ཙམ་པས་ཀྱང་འཇིག་རྟེན་མེད་ཟེར་བ་མིན་པར།  འཇིག་རྟེན་བདེན་པར་མ་གྲུབ་ཟེར་ནས་རྩོད་པ་བྱེད་པ་ཡིན་པ་གསལ་བས་ན་ཁྱད་གཞི་མེད་ཟེར་དོན་གང་ཡིན།    དེ་ལས་ཀྱང་དབུ་མ་བས་ཐ་སྙད་ལ་གཙིགས་མཐོང་ཆེན་པོ་བྱེད་པ་སྟེ།   སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས། ༼  ཐ་སྙད་ལ་ནི་མ་བརྟེན་པར།།  དམ་པའི་དོན་ནི་བསྟན་མི་ནུས།།  དམ་པའི་དོན་ནི་མ་རྟོགས་པར།།   མྱ་ངན་འདས་པ་ཐོབ་མི་འགྱུར།། ༽  གཞན་ཡང་།   རྗེའི་རིན་པོའི་ཆེའི་དབུ་མ་རྩ་བའི་འགྲེལ་བ་རྣམ་བཤད་རིགས་པའི་རྒྱ་མཚོ་ལས།   ༼ བརྗོད་བྱ་དང་རྗོད་བྱེད་དང་ཤེས་པ་དང་ཤེས་བྱ་སོགས་འཇིག་རྟེན་པའི་དོན་དམ་པ་འཕགས་པ་ལ་ལྟོས་པའི་ཐ་སྙད་ཀུན་རྫོབ་པའི་བདེན་པ་ཁས་བླངས་པ་ལ་མ་བརྟེན་པར།  དམ་པའི་དོན་ནི་བསྟན་པར་མི་ནུས་ལ་དེ་མ་བསྟན་པར་ཡང་རྟོགས་པར་མི་ནུས་ཤིང་།   དམ་པའི་དོན་མ་རྟོགས་པར་མྱ་ངན་ལས་འདས་པར་ཐོབ་པར་མི་འགྱུར་རོ།།    ༽ ཞེས་འཇིག་རྟེན་གྲགས་ཚོད་ཀྱི་ཐ་སྙད་ལ་མ་བརྟེན་པར་དོན་དམ་རྟོགས་པར་མི་ནུས་པ་སོགས་རྒྱས་པར་བཤད་ཡོད་པས་ན།   དབུ་མ་བ་ཇི་ལྟར་ཐ་སྙད་འཇོམས་པའི་ཐོ་བར་འགྱུར།     

  འོ་ན་དངོས་ལུགས་པ་རྙིང་པ་ཚོས་རྙེད་པའི་ཀུན་ཁྱབ་འཐེན་ཤུགས་དང༌། རྫས་འགྱུར་གྱི་མ་རྡུལ། དངོས་པོའི་འགུལ་སྐྱོད་འདི་དག་ཀྱང་ཁྱད་གཞི་མེད་པའི་ཁྱད་ཆོས་སམ། ཡང་ན་ཐ་སྙད་འཇོམས་པའི་ཐོ་བ་རུ་ཞལ་གྱིས་བཞེས་རྒྱུ་ཡིན་ནམ། དེ་མིན་ན་ཁྱེད་སྐབས་འདིར་དབུ་སེམས་ཀྱི་ལྟ་གྲུབ་རྒྱབ་ཏུ་གཡུག་ནས་བྱེ་མདོའི་རྗེས་སུ་ཕེབས་རྒྱུ་ཡིན། དབུ་མ་པས་ཀྱང་ཐ་སྙད་དུ་རྡུལ་ཕྲན་དང༌། བར་སྟོང༌། འཐེན་ཤུགས་གསུམ་ཁས་ལེན་སྙམ་དུ་དགོངས་ན། ཁས་ལེན་པའི་ཁུངས་གང་དུ་ཡོད། ལེན་དགོས་པའི་གལ་འགག་ཅི་ཞིག་ལ་ཐུག །སྒྲུབ་བྱེད་ཀྱི་གཏན་ཚིགས་ཅི་འདྲ་ཡོད།

  ཀུན་ཁྱབ་འདྲེན་ཤུགས་ཀྱི་གཏན་སྲོལ་ཟེར་བ་འདི་ནི་ཉིའུ་ཐུན་གྱིས་༡༦༨༧ལོར་༼རང་བྱུང་མཚན་ཉིད་ཀྱི་རྩིས་རིག་གནས་ལུགས་༽ཞེས་པའི་དེབ་ཏུ་འཁོད་པའི་རྩོམ་ཡིག་ཡིན་ལ།   གཏན་སྲོལ་གྱི་ལམ་ནས་མཚོན་ན།   
 
(G=6.67×10^-11 N·m^2/kg^2)
F:དངོས་པོ་གཉིས་ཀྱི་འཐེན་ཤུགས།  
G:ཀུན་ཁྱབ་འདྲེན་ཤུགས་ཀྱི་གཏན་གྲངས་སམ་བཏགས་གྲངས།   
M1: དངོས་པོ་དང་པོའི་སྤུས་ཚད།  
M2: དངོས་པོ་གཉིས་པའི་སྤུས་ཚད།   
R: དངོས་པོ་གཉིས་ཀྱི་བར་ཐག   
  རང་བྱུང་ཁམས་ཀྱི་དངོས་པོ་གང་རུང་གཉིས་བར་ཀྱི་འདྲེན་ཤུགས་ཀྱི་ཆེ་ཆུང་ནི།    དངོས་པོ་དེ་གཉིས་ཀྱི་སྤུས་ཚད་ཀྱི་བསྒྱུར་གྲངས་དང་དངོས་སྡུར་དུ་གྲུབ་ལ།    དངོས་པོ་གཉིས་ཀྱི་བར་ཐག་གི་རིང་ཚད་ཀྱི་རང་ཉིས་བསྒྱུར་དང་ལྡོག་སྡུར་དུ་གྲུབ་པའི་གནས་ལུགས་འདི་ཡིན།     ཤུགས་ཀྱི་རྩིས་གཞི་ནི་ཉིའུ་ཏུན་དང་སྤུས་ཚད་ཀྱི་རྩིས་གཞི་ནི་སྟོང་ཁེ།   བར་ཐག་གི་རྩིས་གཞི་ནི་རྨི་དང་།   བཏགས་གྲངས་དེ་ G=6.67×10^-11 N·m^2/kg^2  ཉིའུ་ཐུན་རྨི་རང་ཉིས་སྒྱུར་སྟོང་ཁེ་ཡིན་འདུག    དེ་ལའང་ད་དུང་ཞིབ་ཆ་མང་དུ་ཕྱེ་བ་ཡོད་ལ།   འདི་ནི་དུས་རབས་བཅུ་བདུན་པའི་ནང་གི་དངོས་ཁམས་རིག་པའི་གསར་གཏོད་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་མོད།   ཡིན་ནའང་དེ་ནི་མཐར་ཐུག་གི་བདེན་པ་ཉག་གཅིག་ཡིན་པའང་ཁས་མི་ལེན་ཏེ།   དེ་ལའང་སྐྱོན་ཆ་མང་དུ་ཡོད་པ་ཉོའུ་ཏུན་རང་ཉིད་ཀྱིས་ཁས་ལེན་པ་མ་ཟད།   ལྷག་པར་ཨ་ཡིན་སི་ཐན་གྱི་སྒྲ་དོག་འཇུག་གི་ལྟོས་བཅོས་སྨྲ་བའི་གཞུང་དང་འགལ་བར་གྲུབ་འདུག    རྒྱུ་མཚན་ནི་ལྟོས་བཅོས་སྨྲ་བར་དངོས་པོའི་མགྱོགས་ཚད་ཀྱི་མཐར་ཐུག་ནི་དབུགས་བྲལ་སྟོང་བའི་དབྱིངས་ཀྱི་འོད་ཀྱི་འགྱོགས་ཚད་ཀྱི་སྐབས་སུ་ངེས་སྲོལ་དེ་ཚུགས་ཐུབ་ཏུ་གྲུབ་མེད་པ་ར་སྤྲད་པས་ན།     ཨ་ཡིན་སི་ཐན་གྱིས་ཀུན་ཁྱབ་འདྲེན་ཤུགས་ཀྱི་རིགས་པ་འདི་མཐར་ཐུག་གི་རིགས་པ་མ་ཡིན་པ་ར་སྤྲོད་བྱས་ཡོད།     ཀུན་ཁྱབ་འདྲེན་ཤུགས་དེ་ཤུགས་རིག་པའི་ཁྱབ་ཁོང་གི་གསར་གཏོད་ཅིག་ཡིན་པས་ན།    དངོས་པོའི་མཐར་ཐུག་གི་རྡུལ་ཕྲན་སོགས་དང་འབྲེལ་བ་མེད་པ་ཤེས་དགོས་ལ།      མི་ཤེས་ཤེས་ཁུལ་གྱི་རང་མཚང་སྒོ་ལ་ཕུད་པ་ལས་མེད་དོ།།   
  རྫས་འགྱུར་གྱི་མ་རྡུལ་ཟེར་བའི་སྐད་ཆ་འདི་ནི་དངོས་ལུགས་ལ་མི་གཏོགས་ཤིང་།  རྫས་འགྱུར་རིག་པར་དེ་བས་མི་གཏོགས་པའི་བློ་བཟོའི་ཐ་སྙད་ཅིག་ཡིན་ལ།   འདི་ལས་དངོས་ལུགས་སོགས་ཀྱི་རིག་ཚན་ལ་ཆ་རྒྱུས་ཅི་ཡང་མེད་པ་ཤེས་ཏེ།  དངོས་ལུགས་རིགས་པའི་ཤེས་བྱའི་ཁོག་བུབས་ནི།  ཤུགས་རིག་པ་དང།   ཚ་བའི་རིག་པ།  གློག་ཁབ་ལེན་གྱི་རིག་པ།   འོད་ཀྱི་རིག་པ།   ལྟོས་བཅོས་སྨྲ་བ།    ཚད་རྡུལ་སྨྲ་བ་དང་ཚད་རྡུལ་ཤུགས་རིག་པ།   མ་རྡུལ་ཉིང་གི་རིག་པ་དང་།    ཕྲ་རྡུལ་དངོས་ལུགས་སྨྲ་བ།  སྲ་གཟུགས་དངོས་ལུགས།   གནམ་རིག་དངོས་ལུགས་བཅས་ཡིན་ལ།   དེ་རྡུལ་ཕྲན་གྱི་རིག་པ་དག་སྲ་གཟུགས་དངོས་ལུགས་རིག་པ་དང་།   ཚད་རྡུལ་ཤུགས་རིག་པ།    མ་རྡུལ་ཉིང་གི་རིག་པ་སོགས་ལས་བཤད་ནའང་།   རིག་ཚན་གཞན་ལའང་འབྲེལ་བ་ཡོད་ལ།    དེའི་ཕྱིར་དངོས་ལུགས་བཤད་པའི་སྐབས་སུ་གློ་བུར་རྫས་འགྱུར་མ་རྡུལ་ཟེར་བ་ཞིག་བཤད་པ་ལས།      རང་བྱུང་ཚན་རིག་གི་འགྲོ་ལུགས་ཅི་ཡང་མི་ཤེས་རུང་ཤེས་ཁུལ་གྱིས་བཤད་པ་ལྷང་ལ་བུད་འདུག   
  གཞན་ཡང་འགུལ་བསྐྱོད་ཅེས་་བཤད་པ་ནི་དངོས་གཟུགས་ཀྱི་སྤྱི་བཏང་གི་འཕྲུལ་ཆས་འགུལ་བསྐྱོད་ལ་གཏོགས་ལ།   དེ་ན་དངོས་ལུགས་རིག་པའི་ཤུགས་རིག་པ་དང་།  ཚ་བའི་རིག་པ།   གློག་ཁབ་ལེན་གྱི་རིག་པ་སོགས་ལ་ཁྱབ་བོ།། འགུལ་བསྐྱོད་ཀྱི་ཆོས་ཉིད་ལའང་གཏན་སྲོལ་མང་བོ་ཡོད།          དེའི་རྗེས་སུ་རྡུལ་ཕྲན་དང་བར་སྟོང་དང་།  འཐེན་ཤུགས་སོགས་ཀྱི་ཐ་སྙད་གང་བྱུང་དུ་བཀོལ་ན་སྐྲ་དང་སྨྲ་ར་མཉམ་དུ་འཛིན་པའི་སྦྱོར་བ་དང་།    རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་པ་ཤེས་དཀའ་བར་སྣང་བའི་ཚོད་དུ་འདུག་པས་ན།    དངོས་ལུགས་སོགས་རང་བྱུང་ཚན་རིག་ལ་སྦྱོང་ན་ནི་རྩིས་རིག་ནས་མགོ་བཟུང་སྟེ་སློབ་གྲྭ་སོགས་ལ་ཞུགས་ནས་ཐེམ་སྐས་ཀྱི་རིམ་པ་ལྟར་སྦྱོང་བ་ལས།    རང་སྦྱོང་དང་དཔེ་ཀློག་ཙག་ཙིག་གིས་ནི་དེ་དག་གི་གནས་ལུགས་ཧ་ཅང་གོ་དཀའ་བ་ཡིན་ནོ།།  
  གང་ལྟར་ཁྱོད་ཀྱི་བཤད་པའི་དངོས་ལུགས་ཀྱི་ཐ་སྙད་འདི་དག་གི་རྒྱབ་ཏུ་དངོས་པོའི་གནས་སྟངས་ཀྱི་ཆོས་ཉིད་ཅིག་ངོ་སྤྲོད་ཀིན་ཡོད་པས་ན།    སངས་རྒྱས་ཆོས་ལུགས་དང་ཇི་ལྟར་འགལ།    སངས་རྒྱས་ཆོས་ལུགས་ཀྱི་དངོས་པོ་ཡོད་བཞིན་དུ་དངོས་པོའི་སྣང་ཚུལ་དང་གནས་ཚུལ་བཤད་པ་ལས།   མེད་པའི་དངོས་པོ་ཡོད་མེད་སོགས་ཀྱི་ཐ་སྙད་སྦྱོར་བའི་དགོས་པ་མེད་པ་རྗེ་ཡབ་སྲས་ཀྱི་གསུང་འབུམ་དུ་གསལ་བས་ན།   ཁྱོད་རང་ནང་ཆོས་ལ་དངོས་སུ་སྦྱངས་པ་ཡོད་ན་ཤེས་པར་ངེས།   
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༧

2012-05-27 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།