དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༤

  དེང་དུས་ཀྱི་རང་རེའི་མཁས་པའི་ཁྲོད་ནས་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དང༌། འབྲི་གུང་གི་མཁས་པ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་ནི། ནང་བསྟན་ཤེས་རིག་འདི་ཡང་དག་པའི་དངོས་གཙོ་རྩོད་སྒྲུབ་སྨྲ་བ་ཡིན་ཏེ། འདི་ནས་གང་གསུངས་དངོས་ཡོད་ཀྱི་གནས་ཚུལ་ལ་ཐོད་ཐུག་འདུག་པའི་ཕྱིར་ཞེས་གསུངས་འདུག་སྟེ། དངོས་གཙོ་རྩོད་སྒྲུབ་སྨྲ་བའི་དོན་གཞི་ནས་མ་དགོངས་པར་ཟད་ལ། གང་གསུངས་དངོས་ཡོད་དང་ཐོད་ཐུག་མིན་ནི་དཔྱད་ཅིང་རིམ་བཞིན་དཔྱད་པར་འགྱུར་རོ། །དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམ་བློས། སངས་རྒྱས་པའི་གྲུབ་མཐའ་བཞིའི་ནང་ནས་སེམས་ཙམ་པ་དེ་སེམས་གཙོ་སྨྲ་བ་དང༌། གཞན་གསུམ་པོ་དངོས་གཙོ་སྨྲ་བ་ཡིན་ཞེས་བཤད་ཡོད། ཀླུ་ཚང་ཤེས་རབ་བསྟན་དར་སོགས་སྨྲ་བ་ལ་རབ་ཏུ་དགའ་ཡང་སྨྲ་རྒྱུས་ཤིན་ཏུ་ཕོངས་པའི་བྱིས་པ་ལས་ངན་སྐོར་ཞིག་ཀྱང་དོར་ཞི་ཚང་གི་རྐུབ་ཏུ་འུར་འདྲོག་བྱེད་ཀྱིན་འདུག །གྲུབ་མཐའ་གཞན་གསུམ་དངོས་གཙོ་སྨྲ་བ་ཡིན་ཟེར་བ་འདི་ལ་བློ་རྩེ་གཏད་ས་སྒོ་ལྔའི་དབང་ཤེས་ཕྱི་རོལ་ཡུལ་གྱི་དམིགས་རྐྱེན་ལ་བརྟེན་ནས་སྐྱེ་བ་འདི་གཅིག་པུ་ལས་གཞན་ཅི་ཡང་མི་འདུག་སྟེ། ཁྱེད་དཔོན་སློབ་ལྷན་རྒྱས་ཁོ་ན་མ་གཏོགས་དངོས་གཙོ་སྨྲ་བའི་དོན་དེ་ཙམ་ལ་འདོད་པའི་མཚན་ཉིད་རིག་པའི་སློབ་དཔོན་ཞིག་འཛམ་གླིང་ཤར་ནུབ་གང་དུའང་མཇལ་རྒྱུ་མེད། དངོས་གཙོ་དང་སེམས་གཙོ་ཞེས་པའི་སེམས་དེ་འདུ་ཤེས་སམ་གཙོ་བོའི་ཡིད་རྣམ་ལ་ངོས་འཛིན་དགོས་པ་ལས་དབང་ཤེས་ཙམ་མིན་ལ། ཨང་དང་པོ་དང་གཉིས་པའི་གོ་དོན་ཡང་གང་ཞིག་གང་གི་ཉེར་ལེན་བྱེད་མིན་གྱི་ངོ་བོའི་ཐོག་ནས་འཇོག་དགོས་པ་ལས། དམིགས་རྐྱེན་དང་གཟུང་དོན་ལྟ་བུ་ཉི་ཚེ་བའི་རྒྱུ་འབྲས་ཙམ་གྱི་ཐོག་ཏུ་ག་ལ་ཡོད། དུས་ད་ལྟའི་བར་དུ་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་དངོས་གཙོ་སྨྲ་བའི་གྲུབ་མཐའ་ཞིག་གང་དུའང་ཡོད་པར་མ་ཐོས་མོད། ཁྱེད་རྣམ་པས་རང་རྐྱ་ཐུབ་པའི་སེམས་ཉིད་ཐོག་མཐའ་མེད་པར་ཁས་འཆེས་པའི་དངོས་གཙོ་སྨྲ་བའི་གྲུབ་མཐའ་མང་པོ་དེ་འདྲ་ཞིག་རྙེད་པ་ངོ་མཚར་ཆེའོ། །ལྷོ་ནུབ་མི་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་འབུམ་སྐྱབས་ལགས་ཀྱིས་ཀྱང༌། རྩོད་སྒྲུབ་མཚན་ཉིད་རིག་པའི་དཔེ་དེབ་ཅིག་ཏུ། སངས་རྒྱས་པའི་གྲུབ་མཐའ་བཞིའི་ནང་ནས་མདོ་སྡེ་པ་དེ་ལྷད་མེད་པའི་དངོས་གཙོ་སྨྲ་བ་རེད། ཅེས་བྲིས་འདུག་མོད་རང་གི་སློབ་དཔོན་གྱི་ངན་ཤན་ཐེབས་པ་ཙམ་དུ་ཟད། སེམས་ཙམ་པ་སེམས་གཙོ་སྨྲ་བ་ཡིན་ཟེར་བ་འདིའང་ཁྱེད་ཅག་ལ་གཏན་ནས་མི་རུང་སྟེ། སྤྱིར་སེམས་ཙམ་པའི་གྲུབ་མཐའ་དེ་ལ་རྣམ་བདེན་རྫུན་གཉིས་དང༌། རྣམ་བདེན་པ་ལ་གཟུང་འཛིན་གྲངས་མཉམ་པ་དང༌། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་གསུམ། རྣམ་རྫུན་པ་ལ་དྲི་བཅས་དྲི་མེད་གཉིས་བཅས་ཀྱི་དབྱེ་བ་ཡོད་མོད་རེ་ཞིག་བཞག་སྟེ། སེམས་ཙམ་ཞེས་པའི་ཙམ་སྒྲ་དེའི་རྩ་བའི་གོ་དོན་རང་ལ་བསམ་ན་ཡང་བོད་འདིར་འགྲེལ་བཤད་རྒྱག་སྟངས་རྦད་དེ་མི་འདྲ་བ་གསུམ་ཡོད། གཙང་ཆོས་འཁོར་སྒང་པ་ཤེར་རིན་པས། སྔོ་སེར་སོགས་ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་ནང་གི་སེམས་ཉིད་དངོས་ཡིན་པར་འདོད་ལ། དྭགས་རྙིང་གི་མཁས་པ་ཕལ་མོ་ཆེས་འདོད་ཚུལ་དེ་ཉིད་འཐད་པར་རྩི། རྟ་ནག་གི་མཁས་པ་གོ་རམས་པས། སེམས་ཉིད་གཅིག་པུ་མ་གཏོགས་སྔོ་སེར་སོགས་དོན་སྣང་མ་ལུས་པ་དཔྱད་ན་གཏན་མེད་དུ་འདོད་ལ། ས་ལུགས་འཛིན་པ་ཕལ་མོ་ཆེ་དེའི་རྗེས་སུ་འབྲང་བར་བྱེད། རྗེ་ཡབ་སྲས་ཀྱིས་གཙོས་པའི་དགེ་ཕྱོགས་ཀུན་ཞལ་གཅིག་གྲག་གིས། གཟུགས་སེམས་གཉིས་པོ་ངོ་བོ་གཅིག་ལ་རང་ལྡོག་ཐ་དད་པའི་དོན་དུ་སྨྲ། དེ་ལྟར་གསུམ་ལས་ཁྱེད་ཅག་དགེ་ལྡན་པའི་གྲུབ་མཐའ་སྐྱོང་དགོས་པས། གཟུགས་སེམས་གཉིས་ཀྱི་བར་ན་གཙོ་ཕལ་དང་ཨང་རིམ་ཅི་ཞིག་བརྩི་རྒྱུ་འདུག་བསམ་བློ་ཐོངས་ཤིག །སེམས་ཙམ་ཞེས་པའི་ཚིག་ཙམ་ལ་རེ་ནས་སྡོད་དགོས་པ་ཁྱེད་ཅག་མཁས་པའི་གྲལ་དུ་འཚང་ཀ་རྒྱག་པ་འདི་ནི་མ་ལེགས་པ་ཞིག་གོ།

  གལ་ཏེ།  མཁན་པོ་སོགས་ཀྱིས་དེ་ལྟར་འདོད་ནའང་ཧ་ལས་རྒྱུ་ཅི་ཡོད།   མཁན་པོས་བཤད་པའི་དངོས་གཙོ་ཟེར་བ་དེ་མར་ཁི་སའི་དངོས་གཙོ་མ་ཡིན་པའང་གསལ།   ཁོས་དངོས་པོའི་གནས་ལུགས་དང་མཐུན་པས་དངོས་གཙོ་ཟེར་བ་ཡིན་ཞེས་གསལ་ཁ་ཕྱེས་འདུག་པ་མ་གཏོགས།   མར་ཁི་སིས་དངོས་གཙོ་དང་གཅིག་ཡིན་པའི་ངེས་པ་ག་ལ་ཡོད།    གལ་ཏེ་གཅིག་ཡིན་ནའང་།  སྐབས་དེའི་ང་ཚོའི་སྤྱི་ཚོགས་ཆབ་སྲིད་སོགས་འགྲོ་ཕྱོགས་ལ་བསམ་གཞིགས་བྱས་ནས་བཤད་པའི་སྐད་ཆ་ཞིག་ཡིན་ཡང་སྲིད།     གཞན་ཡང་།   གོང་གི་སྐད་ཆ་འདི་དག་ལས་རང་མགོ་རང་གིས་བརྡུང་པའི་གཏན་ཚིགས་ཀྱི་འགལ་བ་ཆེན་པོ་སྟེ།   གོང་གི་མཁས་པ་དག་ལ་ཟུར་ཟ་དང་དགག་པ་གཏོང་ཁུལ་གྱིས་དོན་དངོས་སུ་༼ཁ་གནམ་ལ་གཏད་ནས་གཅིན་བཏང༽བ་ཙམ་ལས་མེད་དེ།        དབྱེ་ཞིབ་ཅུང་ཟད་བྱས་ན།   
༡   མཁན་ཆེན་སོགས་ཀྱིས་སངས་རྒྱས་ཆོས་ལུགས་དངོས་གཙོ་ཡིན་ཟེར་བ་ལ། ༼གལ་ཏེ་མཁན་ཆེན་གྱིས་དེ་ལྟར་གསུངས་པ་བདེན་པའི་དབང་དུ་བཏངས་ན།   དོན་དངོས་སུ་རིག་གཞུང་ཞིབ་འཇུག་པ་ཞིག་ཡིན་ན།   མི་སུས་དཔེ་ཆ་གང་དུ་སྐད་ཆ་ཇི་ལྟར་བཤད་ཡོད་པ་སོགས་གསལ་བོར་འགོད་དགོས་པ་ལས།   གོ་ཐོས་དང་།   རིག་ཚོད།   ཟེར་སྒྲོས་ཙམ་དཔྱད་རྩོམ་དུ་བྲིས་ན་བདེན་པའི་དཔང་མི་འོངས་མོད།   ཁྱོད་ཀྱི་སྐད་ཆ་དེར་ང་རང་རློམ་པའི་དབང་དུ་བཏང་ན༽  ཁྱོད་རང་དགོད་ཁ་ཤོར་ཚུལ་ལ་བལྟས་ན།   ཁྱོད་ཀྱིས་སངས་རྒྱས་ཆོས་ལུགས་སེམས་གཙོ་ཡིན་པའམ་རྒྱུ་གཉིས་སྨྲ་བར་འདོད་པས་ཡིན་དགོས།   རྒྱུ་མཚན་ཁྱོད་ལྟར་ན།   འཛམ་གླིང་ན་མཚན་ཉིད་ཀྱི་ལྟ་བ་དེ་གསུམ་ག་ལས་མེད་པས་སོ།།     
༢   ཨ་ལགས་དོར་ཞི་དང་རྒྱ་གྲོལ་སོགས་ཀྱིས་ཁ་ཤས་དངོས་གཙོ་དང་ཁ་ཤས་སེམས་གཙོ་སྨྲ་བར་མཐུན་ཟེར་བ་ན།   ༼འདིར་ཁོ་ཚོའི་དཔེ་ཆའམ་དཔྱད་རྩོམ་གང་དུ་དེ་ལྟར་བྲིས་ཡོད་པ་གསལ་དགོས་ལ།   ཚོགས་ཐོག་གི་སྐད་ཆ་ཙམ་དཔྱད་རྩོམ་གྱི་ལུང་འདྲེན་ལ་མི་འོས༽།   ཁྱོད་ཧ་ཅང་མི་དགའ་བའི་རྣམ་འགྱུར་སྟོན་ཚུལ་ལས།     ཁྱོད་ཀྱི་ལྟ་ཚུལ་ལ་སངས་རྒྱས་ཆོས་ལུགས་སེམས་གཙོ་སྨྲ་བའམ་རྒྱུ་གཉིས་སྨྲ་བ༼རྒྱུ་གཉིས་སྨྲ་བའམ་དོན་དངོས་སུ་སེམས་གཙོ་སྨྲ་བར་འདོད་པ་མར་ཁི་སིའི་ལུགས༽ཡིན་པར་འདོད་དགོས།   རྒྱུ་མཚན་དངོས་གཙོ་མ་ཡིན་པ་ཁྱོད་ཀྱིས་བཤད་ཟིན་པས་སོ།     
༣    གོང་གིས་མཁས་པ་དག་གིས་སངས་རྒྱས་ཆོས་ལུགས་དངོས་གཙོ་ཡིན་དང་།   དངོས་གཙོ་སེམས་གཙོ་གཉིས་ཀ་ཡིན་ཟེར་བ་དང་།   ཁྱོད་ཀྱིས་དེ་མ་ཡིན།    སངས་རྒྱས་ཆོས་ལུགས་སེམས་གཙོ་སྨྲ་བ་ཡིན།  ཡང་ན།   རྒྱུ་གཉིས་སྨྲ་བ་ཡིན་ཟེར་བ་ལ་ཁྱད་པར་ཅི་ཡོད་སོམས་ཤིག        
གཞན་ཡང་།  དོར་ཞི་སོགས་རྒྱ་བོད་ཡིག་རིགས་ལ་ནང་བྱན་ཆུད་པའི་མཁས་པས་མར་ལེའི་དགོངས་པ་ལ་ཉམས་ཞིབ་མི་དམན་ལ།  ཆོས་ལའང་ཐོས་བསམ་བླ་མེད་ཡོད་པས་དེ་དག་གཞི་མཐུན་རྙེད་ནས་བཤད་པའི་སྐད་ཆ་ཡིན་སྲིད་ལ།   ཁོ་ཚོའི་དགོངས་པ་དེ་སྤྱི་ཚོགས་དང་ཆབ་སྲིད་སོགས་དགོངས་པ་གཞན་དུ་ཡོད་ནས་གསུངས་པའང་ཡིན་སྲིད།     དེ་ལྟར་མར་ལེའི་གཞུང་ལ་སྦྱང་བ་མི་དམན་པ་མ་ཟད་།    ནང་བསྟན་མཚན་ཉིད་རིག་པར་བྱང་ཆ་ཡོད་པའི་མཁས་པས་འདྲ་ས་བཙལ་ནས་ཕྱོགས་སྡོམ་བྱེད་པ་དང་།    ཕྱོགས་གཅིག་མཐོང་ནས་འོལ་ཚོད་ཀྱི་འདྲ་ས་འཚོལ་བ་ནི་དོན་རྩ་གཅིག་པ་མ་ཡིན་པའང་ཞར་བྱུང་གི་གཏམ་མོ།།        

  ཁམས་བླ་རུང་ཆོས་གྲྭའི་མཁན་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་ཞལ་ནས། སངས་རྒྱས་པའི་གྲུབ་མཐའ་བཞི་པོ་གང་ཡང་ནུབ་དར་མཚན་ཉིད་རིག་པའི་ལུགས་གསུམ་པོ་གང་གི་ཁོངས་སུ་ཡང་མི་གཏོགས་གསུངས། རྒྱུ་མཚན་རེ་རེ་བཞིན་དུ་བགྲང་སྐབས། དངོས་གཙོ་སྨྲ་བའི་ཁོངས་སུ་གཏོགས་མིན་གྱི་དོགས་པ་ཙམ་ཡང་སྐྱེ་བའི་གཞི་མེད། ཅེས་གསུངས་འདུག་པ་ནི་ཤིན་ཏུ་བདེན་ལ། སྤྱིར་སེམས་ཙམ་པ་སེམས་གཙོ་སྨྲ་བ་མིན་པའི་སྒྲུབ་བྱེད་དུ། སེམས་ཙམ་པ་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོད་ཅིང༌། ནུབ་ཀྱི་སེམས་གཙོ་པ་ལ་དེ་མེད་པའི་ཕྱིར། ཞེས་བཀོད་གནང་འདུག་པ་འདི་ནི་མ་ངེས་པ་ཞིག་སྟེ། སེམས་གཙོའི་འཇོག་མཚམས་གཞི་ལམ་འབྲས་བུའི་རྣམ་གཞག་ཁས་ལེན་མིན་གྱི་ཕྱོགས་སུ་མེད་པར་གོང་དུ་བཤད་ཟིན་ཏོ། །

  གོང་གི་བླ་རུང་མཁན་པོ་ལ་ཚིག་གི་བྱ་དགའ་སྤྲོད་དོན་ནི།   ཁོང་གི་བླ་མ་མཁན་ཆེན་གྱིས་སངས་རྒྱས་ཆོས་ལུགས་དངོས་གཙོ་ཡིན་ཟེར་བ་ལ།   མཁན་སྤྲུལ་གྱིས་མིན་ཟེར་ནས་ལྡོག་ཕྱོགས་ནས་བཤད་པས་ཡིན་ནམ། ཡང་ན།    བླ་རུང་མཁན་པོས་ནུབ་དར་མཚན་ཉིད་ལ་ལུགས་གསུམ་ལས་མེད་པར་འདོད་པས།    ཚ་མདའ་ལགས་དང་དགོངས་བཞེད་མཐུན་པས་ཡིན།     གཞན་ཡང་མཁན་སྤྲུལ་གྱིས་ནང་བསྟན་སེམས་གཙོའང་མ་ཡིན་ཟེར་བ་ན།   ཁྱོད་ཀྱིས་སེམས་གཙོ་ཡིན་ཟེར་བའམ།  ཡང་ན་ཕལ་ཆེར་ཡིན་འདུག་ཟེར་བ་ལྟར་དུ་སོང་འདུག་པས།   མཁན་ཆེན་དང་ཁྱོད་གཉིས་ཀྱི་ལྟ་བར་འགྲིག་མིན་གྱི་དབྱེ་བ་ཇི་ལྟར་འབྱེད།     དེ་ནི་ཁ་ཤོ་ཞིག་གིས་སྣ་ཤོ་ཞིག་ལ་བཞད་གད་བྱེད་པ་མ་ཡིན་ནམ།   
 
  བྱེ་བྲག་ཏུ་སེམས་ཙམ་རྣམ་བདེན་པ་ཉམས་མྱོང་སེམས་གཙོ་སྨྲ་བ་མིན་པའི་གྲུབ་བྱེད་དུ། ཉམས་མྱོང་སེམས་གཙོ་སྨྲ་བ་རྦེར་ཁེ་ལིས། རིགས་པའི་མཐའ་འཇིག་རྟེན་བྱེད་པོའི་ལྷ་ལ་བཅོལ་འདུག་ཅིང༌། སེམས་ཙམ་རྣམ་བདེན་པས་དེ་འདྲའི་ལྷ་ཁས་མི་ལེན་པའི་ཕྱིར། ཞེས་གསུངས་འདུག་པའང་དོན་མེད་པ་ཞིག་སྟེ། དེ་གཉིས་བར་ལ་བསྒྲུབ་བྱ་སྣང་བ་སེམས་སུ་འདོད་མིན་གྱི་ཁྱད་པར་གསུང་རྒྱུ་མེད་ན་སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་ཡོད་ཚུལ་ཙམ་བཤད་པས་ཅི་ཞིག་ཕན། སྣང་བ་ཐམས་ཅད་སེམས་ཡིན་ན་སེམས་ཅན་མེད་པའི་ས་ཕྱོགས་སུ་སྣང་བ་གཏན་མེད་དུ་འགྱུར་རོ། །ཞེས་གཞན་པས་གནོད་བྱེད་འཕངས་པ་ན། ཚད་རྡུལ་ནུས་རིག་པ་དང༌། ཉམས་མྱོང་སེམས་གཙོ་པ་དག་གིས་ལན་མ་ཐེབས་མོད། སེམས་ཙམ་པས་རིགས་པ་རྣམ་དག་གི་སྒོ་ནས་ལན་བཏབ་ཡོད། ཅེས་གསུངས་པ་དེའང་བདེན་དཀའ་སྟེ། སེམས་ཙམ་པ་ལ་སྣང་བ་སེམས་སུ་སྒྲུབ་བྱེད་ཀྱི་རིགས་པ་རྣམ་དག་ཡོད་ན་གྲུབ་མཐའ་དེ་དབུ་མ་པས་ཇི་ལྟར་ཚར་བཅད་པ་ཡིན་ཐུགས་བསམ་བཞེས་ཤིག །
 
  སྤྱིར་དབུ་སེམས་གཉིས་ཀྱི་ལྟ་གྲུབ་ལ་ཁྱད་པར་ཕྱེས་ནས་བཤད་པའི་སྲོལ་རྒྱུན་ཡོད་པ་ལས།  དབུ་མ་བས་སེམས་ཙམ་པ་ཚར་བཅད་པའི་བཤད་ཚུལ་ནི།    ཚ་མདའ་ལགས་ཀྱིས་ཚོན་ཁྲ་ཅན་གྱི་མིག་ཤེལ་ལས་མཐོང་བ་མ་གཏོགས་གོ་མ་མྱོང་ལ།      སྔོན་དགེ་ཆོས་ཀྱི་༼དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་བར༽་འདོད་པའི་བཤད་ཚུལ་ལས་འཕྲོས་པའི་དོན་གཅིག་ཡིན་སྲིད་མོད།   དོན་དངོས་སུ་སྐད་ཆ་དེ་ལྟར་བཤད་པ་ལས་སེམས་ཙམ་པའི་རིག་པ་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་ནས་དབུ་མ་བའི་འདོད་པ་བྱུང་བར་བཤད་ན་འོས་པ་ལས།   གཅིག་ཚར་བཅད་ནས་གཅིག་བྱུང་བའི་རིགས་ལམ་ནི།   དཀར་པོ་མིན་ན་ནག་པོ་ཡིན་དགོས་པའི་རིགས་པ་ངན་ལོབས་སུ་སོང་བ།   རང་རེའི་ལ་རྒྱུགས་ཆེ་བའི་བཤད་ཚུལ་ཞིག་ཡིན་པ་ཤེས་ལ།     སེམས་ཙམ་པའི་སློབ་དཔོན་དབྱིག་གཉེན་ཐོགས་མེད་སོགས་དབུ་མ་བའི་གྲུབ་མཐའ་འཛིན་པ་མཐའ་དག་གིས་བཀུར་ལ།     དེ་ཡང་རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོའི་མཆོད་བརྗོད་དུ།   ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ།།   ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན།།   ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན།།   ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ།    ཞེས་དབུ་མའི་སྲོལ་འབྱེད་སློབ་དཔོན་ཀླུ་སྒྲུབ་དང་སེམས་ཙམ་པའི་སྲོལ་འབྱེལ་ཐོགས་མེད་གཉིས་ལ་ཕྱག་བགྱི་བའི་དགོས་པ་གོ་བར་གྱིས་ཤིག།   གལ་ཏེ་དེ་ལྟར་མིན་ན།     རྗེ་ཙོང་ཁ་བས།    ཐོགས་མེད་ཚར་གཅོད་ཀླུ་སྒྲུབ་ཞབས་ལ་འདུད་ཅེས་ཅི་ལ་མི་བྲི།     འདི་དག་དགོད་བྲོ་བའི་རིགས་ལམ་མ་ཡིན་ནམ།    ཡིན་ནའང་།   ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་གཞིགས་ན།  སེམས་ཙམ་པ་གྲུབ་མཐའ་ཚུགས་ཐུབ་ཏུ་ཆགས་པ་ནི་ཕལ་ཆེར་དུས་རབས་༤ནས་༥བ་ཡིན་འདུག   སློབ་དཔོན་ཀླུ་སོགས་དབུ་མའི་སློབ་དཔོན་དག་དུས་རབས་༡ནས་༢བར་བྱུང་བའི་དབང་དུ་བྱས་ན།    དབུ་མ་སྔོན་དང་སེམས་ཙམ་རྗེས་སུ་བྱུང་བ་ལྟར་དུ་ཆགས་འདུག་མོད།    འདིར་ལྟ་བའི་ཆ་ནས་རྗེས་འཇུག་མཁས་པས་ཕྱོགས་སྡོམ་དང་ལྟ་བའི་ཟབ་གནད་ཀྱི་དབང་དུ་བྱས་པ་ལས་བྱུང་འཕེལ་གྱི་ལོ་རྒྱུས་ལ་བར་བརྗོད་པ་མ་ཡིན་པས་འགལ་བ་མེད་དོ།།  

  ད་དུང་དབུ་མ་པའི་ལུགས་ལའང་སྣང་བ་སེམས་ཡིན་ཆོག་པའི་གནས་སྐབས་ཡོད། ཅེས་སོགས་ཁུངས་མི་འཁྱོལ་བའི་སྐད་ཆ་མང་པོ་ཞིག་ཁྱེད་ཀྱིས་གསུངས་འདུག་མོད་ཁོ་བོས་རེ་རེ་བཞིན་བཀག་པས་མི་ལོངས་པར་འདུག །གྲུབ་མཐའ་བཞི་ཀ་རྒྱུ་གཉིས་སྨྲ་བ་མིན་པའི་སྒྲུབ་བྱེད་དུ། རྒྱུ་གཉིས་སྨྲ་བའི་སློབ་དཔོན་རེ་ནེ་རྡོ་གར་ཐུས། མི་ལུས་འཕྲུལ་ཆས་དང༌། དུད་འགྲོ་ལ་རྣམ་ཤེས་མེད་པར་འདོད་ཅིང༌། སངས་རྒྱས་པ་སུས་ཀྱང་དེ་ལྟར་འདོད་མི་སྲིད་པའི་ཕྱིར། ཞེས་གསུངས་པ་འདིའང་རྒྱུ་གཉིས་སྨྲ་བའི་འཇོག་མཚམས་ངོས་མ་ཟིན་པའི་སྐྱོན་ཡིན་ལ། རྒྱུ་གཉིས་སྨྲ་བ་ཡིན་ན་རེ་ནེ་རྡོ་གར་ཐུ་ཞེས་པ་དེས་གང་བཤད་ཁས་ལེན་དགོས་པའི་ཤེས་བྱེད་ཀྱང་ཁྱེད་ལ་མེད།
གྲུབ་མཐའ་དེ་དང་དེ་དངོས་གཙོ་དང་སེམས་གཙོ་སོགས་གང་ཡིན་དཔྱད་པའི་ཚེ། རྩ་དོན་འཇིག་རྟེན་གྱི་འབྱུང་ཁུངས་སེམས་དང་དངོས་པོ་གང་ཞིག་འདོད་མིན་གྱི་ཆ་ནས་དཔྱད་དགོས་པ་ལས།

  འདིར་རྩ་བ་བོར་ནས་ཡལ་ཀ་ཞེས་པའི་དཔེ་ལྟར་དབུ་མའི་ལུགས་ཀྱི་བདེན་པ་གཉིས་དང་འབྲེལ་བ་མེད་པར་ནུབ་ཕྱོགས་ཀྱི་སེམས་གཙོའི་བཤད་སྟངས་ཚིག་མཛོད་དང་དེབ་ཉི་ཚེ་བ་རེ་གཉིས་མཐོང་བ་དག་ཤེས་བྱེད་དུ་དྲངས་པ་མང་ལ།   སྤྱིར་ན།    ནུབ་ཕྱོགས་སུ་དར་བའི་མཚན་ཉིད་སོགས་རྩོད་པ་བྱེད་པ་ནི་དེ་འདྲའི་ལས་སླ་བོ་ཞིག་མིན་པ་མ་ཟད།   ཁོ་ཚོའི་གཞུང་ལུགས་སྤྱི་ཁོག་ནས་སྦྱངས་ཏེ་ཆུང་ངུའི་དུས་ནས་རྐང་ཚུགས་པ་ཞིག་ཆགས་དགོས་ལ། ང་ཚོའི་ཀྲུང་གོར་མཚོན་ནའང་ལོ་རབས་ཉི་ཤུའི་བའི་སྐབས་ནས་བཟུང་འཇར་མན་གྱི་ཡིག་མཁན་མཁས་པ་མེད་པར་ཉི་ཡིག་ནས་མར་ལེ་བསྒྱུར་ཏེ། མར་ལེའི་གཞུང་ལ་སློབ་སྦྱོང་བྱས་པས།   བསྒྱུར་ནོར་དང་།   རིག་གནས་ཀྱི་ཆ་ནས་གོ་མཛོལ།    ཚིག་གི་སྐྱོན་ཆ་སོགས་མང་དུ་ཡོད་པ་རྗེས་སུ་གཞུང་དངོས་ལ་ལྟ་ཐུབ་མཁན་ཚོས་བཤད་ཡོད།  རིག་གསར་སོགས་ཀྱི་སྐབས་སུ་མ་དག་པ་དག་པར་བརྩིས་ཏེ།   མར་ལེའི་སྐད་ཆ་རེ་གཉིས་ཀྱིས་མི་མང་སྡུག་ལ་སྦྱར་བ་གྲངས་ལས་འདས་ལ།   གལ་ཏེ་ཀྲུང་གོའི་ཁྱད་ཆོས་ཡོད་པའི་མར་ལེ་ལ་སྦྱོང་བ་བྱེད་དགོས་ནའང་གཞུང་གི་སློབ་གྲྭ་སོགས་ནས་ལོ་རིམ་ལྟར་སྦྱངས་ན་རིམ་གྱིས་ཁོ་ཚོའི་གཞུང་གི་ཁོག་བུབས་དང་སྤྱི་ཚོགས་ཁོར་ཡུག་ལོ་རྒྱུས་རིག་གནས་སོགས་ཕྱོགས་ཡོངས་ནས་ཧ་གོ་བ་ལས།    ཞར་གྱིས་དེབ་རེ་གཉིས་ལ་བལྟས་ནས།  ནུབ་ཕྱོགས་མཚན་ཉིད་ནི་འདི་ལྟར་ཡིན་ཟེར་བ་ནི་ཧ་ཅང་གིས་རྨོངས་པའི་གཏམ་དུ་འདུག་ལ།  སྤྱིར་མཁན་པོ་ཚུལ་བློ་དང་ཚ་མདའ་སུ་ཡང་མར་ལེ་དང་ནུབ་དར་མཚན་ཉིད་རིག་པའི་མཁས་པར་རྩི་མི་ཐུབ་པས་ན།   ནུབ་དར་གྱི་མཚན་ཉིད་ཀྱི་རྩོད་པ་ནི་སངས་རྒྱས་པ་གཉིས་ཀྱིས་ཁ་ཆེ་བའི་གཞུང་གོ་རན་དག་མ་དག་གི་དོན་རྩོད་པའི་ཚད་དུ་སོང་འདུག      གཞན་ཡང་།    མཁན་པོ་དང་ཚ་མདའ་གཉིས་སུ་བདེན་དང་སུ་རྫུན་གྱི་དབྱེ་བ་འབྱེད་པའི་དུས་ཚོད་ནི་ཁོ་བོར་མེད་ལ།   བདག་གི་ཕྲག་ཏུ་བབས་པའི་འོས་འགན་ཡང་མིན་མོད།      ཚ་མདས་དངོས་གཙོ་དང་སེམས་གཙོ་གང་ཡིན་འཇིག་རྟེན་གྱི་འབྱུང་ཁུངས་སེམས་དང་དངོས་པོ་གཉིས་ཀྱི་གང་ཡིན་གྱི་སྟེང་ནས་བཤད་དགོས་ཟེར་བ་འདིས་ཁོ་བོར་བསམ་གཞིགས་ཤིག་བྱིན་པ་སྟེ།དངོས་གཙོ་དང་སེམས་གཙོ་ལྟ་བ་འདི་བཤད་པ་རྒྱ་ཆེར་སྤེལ་མཁན་འཇར་མན་གྱི་མཚན་ཉིད་པ་དང་།དཔལ་འབྱོར་སྨྲ་བ།  སྤྱི་ཚོགས་རིག་པ་བ།  ལོ་རྒྱུས་སྨྲ་བ་པོ།   གསར་འགོད་པ།   སྤྱི་ཚོགས་གསར་བརྗེ་བ་མར་ཁི་སི(Karl Marx1818-1883)ཟེར་བ་འདི་ཡིན་འདུག་ལ།   ཁོས་སྔོན་གྱི་དར་སྲོལ་ཆེ་བའི་དངོས་གཙོ་སྨྲ་བའི་རྨང་གཞིའི་སྟེང་ནས་དངོས་གཙོ་དང་སེམས་གཙོ་གཉིས་ཀྱི་ཁྱད་པར་མང་དུ་ཕྱེ་པ་དང་།  ལྷག་པར་དུ་དངོས་གཙོ་ནི་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།   སེམས་གཙོ་ནི་ནོར་འཁྲུལ་ཡིན་པའི་འདོད་ཚུལ་བཤད་ཡོད།    ཡིན་ནའང་།    དེ་ནི་འཇིག་འབྱུང་ཁུངས་སྐོར་གྱི་དཔྱད་པ་ཞིག་མ་ཡིན་པར།  ནང་སེམས་དང་ཕྱི་རོལ་ཡུལ་གཉིས་གཅིག་ལ་གཅིག་རྟེན་པའི་རྩོད་སྒྲུབ་དངོས་གཙོ་དང་།   ནང་སེམས་ནི་ཕྱི་ཡུལ་ལ་བརྟེན་ནས་འཕྲོས་པའི་སྣང་ཚུལ་ལམ་ནུས་པ་ཤིག་ཏུ་བཤད་པས་ན།  ཕྱི་ཡུལ་མེད་པར་ནང་སེམས་འབྱུང་མི་སྲིད་པའི་བསམ་ཚུལ་བཤད་ཡོད།   མར་ཁི་སིའི་གསུང་ལས་ཆེས་བྲིན་པར་གྱུར་བ་ནི༼མ་རྩའི་རྣམ་བཤད༽དང་།  ༼གུང་ཁྲན་ཏང་གི་བསྒྲགས་གཏམ༽སོགས་ཡིན་ལ།  ཁོང་གི་གསུང་རྩོམ་གཙོ་བོ་སྤྱི་ཚོགས་བགོ་བཤའ་དང་ཆབ་སྲིད།    རིན་ཐང་ལྷག་མ་སོགས་དཔྱད་པ་ཡིན།    ལྷག་པར་ཁོང་གིས་ཆབ་སྲིད་དཔལ་འབྱོར་རིག་པ་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་ཆེ་བ་ཙམ་ཡོད་པ་ལས།   དེས་དངོས་པོའི་འབྱུང་ཁུངས་སོགས་ལ་དཔྱད་པའི་རྩོམ་གཅིག་ཀྱང་མི་འདུག་པས།    འཇིག་རྟེན་འབྱུང་ཁུངས་སོགས་ལ་དཔྱད་པ་གཏོང་བ་ནི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཤིག་ཏུའང་མ་ངེས་པ་ནུབ་ཕྱོགས་མཚན་ཉིད་ལ་རྒྱུས་ཡོད་པ་ཞིག་གིས་རྟོགས་སླའོ།།   
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༤

2012-05-25 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།