གཙང་ཁུལ་རྫོང་ཁག་གི་མིང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་བ།

ཚེ་དབང་དཔལ་འབྱོར།༼ ལྷ་ས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-12

༡.ཁང་དམར་རྫོང་།
ཁང་དམར་ཞེས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་ད་ལྟའི་ཁང་དམར་གྲོང་ཚོ་ཆགས་ཡུལ་དེར་ངག་འཇམ་དཔལ་རྒྱལ་མཚན་གྱིས་བཏབ་པའི་ལྷ་ཁང་དམར་པོ་ཞིག་ཡོད་སྐད་ལ་རྗེས་སུ་མཁར་མིང་ཡུལ་ལ་ཐོགས་ཏེ་ཁང་དམར་ཞེས་པ་མིང་དེ་ལྟར་བྱུང་།
༢. གྲོ་མོ་རྫོང་།
གྲོ་མོ་ཞེས་པ་ནི་ཤིང་གྲོ་དགའ་སོགས་སྐྱེས་པའི་ཡུལ་དང་།རི་མགོར་སྨུག་སྤྲིན་ལང་ལོང་དུ་འཁྲིགས་པས་གྲོ་སྨུག་ཅེས་པ་ནི་རིམ་བཞིན་གྲོ་མོ་ཞེས་པ་སྒྲ་འགྱུར་ཞེས་དང་ཡང་རྒྱ་སྐད་དུ་༼དབྱ་ཏུང་༽ཞེས་འབོད་དོན་ནི་དབྱིན་ཇི་ཐོག་མར་གཉའ་གདོང་ཞེས་པར་འབྱོར་སྐབས་ཡུལ་དེའི་མིང་དབྱིན་སྐད་དུ་བོད་སྐད་ཇི་བཞིན་མ་ཐོན་པར་རྗེས་སུ་རྒྱ་སྐད་ལའང་དབྱ་ཏུང་ཞེས་དབྱིན་སྐད་གྱི་སྒྲར་ཟུར་ཆགས་པ་ཡིན།
༣.གམ་པ་རྫོང་།
གམ་པ་ཞེས་པ་ནི་སྔར་མིང་རང་གནས་སུ་བཞག་པ་ཞིག་ཡིན་པ་དང། རྫོང་དེའི་མིང་གཞན་ལ་ལྷུན་གྲུབ་སྟག་རྩེ་རྫོང་ཡང་ཟེར། རྫོང་དེའི་ཤར་ངོས་སུ་གཞི་བདག་གངས་ཅན་རྒྱ་བོ་ཟེར་བའི་གངས་རི་དང་།ནུབ་ངོས་སུ་ཇོ་མོ་གངས་རི་ཞེས་པའི་མདུན་ནམ་གམ་དུ་ཆགས་པས་གམ་པ་ཞེས་མིང་དེ་ལྟར་བྱུང་། གཞན་ཡང་ཡུལ་དེའི་ས་བཀྲ་དུག་སྤྲུལ་ཕོ་མོ་མགོ་སྤྲོད་ཡོད་པའི་ས་བཀྲ་ངན་པ་དེ་ཟློག་ཕྱིར་ཐོག་མར་ཁྲ་ཚང་དགོན་ཞེས་པ་ཞིག་ཀྱང་ཡོད་པའི་ལོ་རྒྱུས་ཡོད། སྔར་རྒྱལ་རྩེ་མངའ་ཁོངས་ཡིན་པ་དང་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་གི་དབྱར་ཁ་བཞུགས་ས་ཡིན་ཞེས་ཟེར། སྔར་རྫོང་དེ་འབྲོག་ས་ཁོ་ན་ཡིན་ནའང་རྗེས་སུ་བཅིངས་བཀྲོལ་རྗེས་སུ་ས་ཞིང་གསར་སྦོལ་གྱིས་ད་ལྟ་ས་མ་འབྲོག་གི་རྫོང་ཞིག་ཡིན།
༤. གཏིང་སྐྱེས་རྫོང་།
གཏིང་སྐྱེས་ཞེས་པ་ནི་རྫོང་དེའི་རྒྱབ་རི་སའི་གཏིང་ནས་སྐྱེས་པ་ལྟ་བུ་ཞིག་ཡོད་པས་གཏིང་སྐྱེས་ཞེས་པ་དེ་ལྟར་བྱུང་། ད་ལྟའི་གཏིང་སྐྱེས་རྫོང་གནས་ཡུལ་ནི་རྒྱང་མཁར་ཞེས་པར་གནས་སྤོས་བྱས་ཡོད་ཀྱང་རྫོང་མིང་རང་སོར་བཞག་ཡོད།
༥, དིང་རི་རྫོང་།
དིང་རི་ཞེས་པ་ནི་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་དགོན་གནས་འདེབས་ས་དཔྱད་ཕྱིར་དིང་རྡོ་སྨུག་པོ་ཞེས་པའི་རྡོ་དེ་གཡུགས་གནང་བས་དིང་རི་རླང་འཁོར་ཞེས་པའི་རི་མགྲམ་དུ་བབས་ཏེ་ཡུལ་གྲུ་ཀུན་ལ་དིང་ཞེས་པའི་སྒྲས་ཁྱབ་པས་དིང་རི་ཞེས་པ་དེ་ ལྟར་བྱུང་།
༦. གཉའ་ལམ་རྫོང་།
གཉའ་ལམ་རྫོང་ལ་མིང་འབྲི་སྲོལ་གཞན་ཞིག་ནི་གཉའ་གནང་རྫོང་ཡང་ཟེར།
 རྫོང་དེའི་མིང་ནི་སྔར་མིང་རང་སོར་བཞག་པ་ཞིག་ཡིན་པ་དང་། དེའང་གཉའ་ལམ་ཞེས་པ་ནི་རྫོང་དེ་ཆགས་ཡུལ་དུ་རི་བོ་གླང་ཆེན་གྱི་གཉའ་བ་འདྲ་བའི་སྒང་དུ་ལམ་བུ་ཡོད་པར་བརྟེན་གཉའ་ལམ་དང་། ཡང་རི་གླང་ཆེན་གྱི་གཉའ་བ་འདྲ་བའི་ནང་དུ་ཡུལ་དེ་ཆགས་ཡོད་སྟབས་གཉའ་ནང་ཞེས་ཤོད་སྲོལ་མི་འདྲ་བ་སོ་སོར་ཡོད།
༧. སྐྱིད་རོང་རྫོང་།
སྐྱིད་རོང་ཞེས་པ་ནི་སྔར་སྐྱིད་རོང་གི་ཡུལ་ནད་ཡམས་དུག་པ་ཅན་ཞིག་བྱུང་དང་དེ་རྗེས་འཕགས་པ་དགོན་དུ་བལ་ཟས་ཇོ་བོ་ཝ་ཏི་ཤ་བཟང་པོ་གདན་དྲངས་པ་ནས་བཟུང་ནད་ཡམས་འཇོམས་ཤིང་སྐྱིད་པའི་གྲོང་དུ་གྱུར་པས་སྐྱིད་རོང་ཞེས་པའི་ཐ་སྙད་དེ་ལྟར་བྱུང་།
 ཡང་ཡུལ་དེར་མང་ཡུལ་སྐྱིད་རོང་ཞེས་ཀྱང་ཟེར་དོན་ནི་གུ་རུ་རིན་པོ་ཆེ་ལ་སོགས་པའི་རྒྱ་གར་གྱི་མཁས་པ་མང་པོ་གནས་དེར་བྱོན་པས་མང་ཡུལ་ཞེས་པ་དེ་ལྟར་ཐོགས།
 ས་དགའ་རྫོང་། ས་དགའ་ཞེས་པ་ནི་ས་དགའ་བ་དང་སྐྱིད་པ། ལེགས་པ་བཅས་ཀྱི་དོན་ཡིན་པ་དང་ད་ལྟའི་རྫོང་མིང་ཡང་སྔར་མིང་རང་སོར་བཞག་པ་ཞིག་ཡིན་། ད་ལྟ་ས་དགའ་རྫོང་ནི་སྐྱ་སྐྱ་ཞེས་པར་གནས་ཡོད།
༩. འབྲོང་པ་རྫོང་།
འབྲོང་པ་ཞེས་པ་ནི་སྔོན་ཡུལ་དེར་འབྲོང་མང་པོ་གནས་བསྡུ་བྱེད་སའི་ཡུལ་ཡིན་པ་དང་།དེ་ཁུལ་དུ་ཆགས་པའི་སྡེ་ཚོར་འབྲོང་པ་ཞེས་མིང་མཐར་བདག་སྒྲ་སྦྱར་བ་ཞིག་ཡིན་པ་རེད།ད་ལྟའི་འབྲོང་པ་རྫོང་ནི་ཐོག་མའི་གནས་ཡུལ་སྐྲ་བདུན་དུ་ཡིན་ཀྱང་།ད་ལྟ་དེ་ནས་སྤྱི་ལེ་༢༠ཙམ་གྱི་ས་ན་དགོ་བ་སྣ་ཁུག་ཐང་ཞེས་པར་གནས་སྤོས་བྱས་ཡོད།
༡༠. ངམ་རིང་རྫོང་།
ངམ་རིང་ཞེས་པ་ནི་ཕྱོགས་གཉིས་གད་པ་ཡིན་པའི་གཤོང་སར་ངམ་རོང་དང་།གཅོང་རོང་ཞེས་ཟེར་བས་གད་པ་ངམ་ནག་པོ་སྟེ་གཏིང་རིང་པོ་ཡོད་པའི་དོན་དང་ཡང་མཚོ་ཆེན་པོར་ངང་པའི་ཁྱུ་ཚོགས་རིང་པོ་ཡོད་པས་ངང་རིང་ཞེས་གསུང་སྲོལ་མི་འདྲ་བ་མང་པོ་ཡོད།ཡང་སྔོན་གྱི་རྫོང་མིང་རྒྱས་པར་ངམ་རིང་ཁྱུང་རྫོང་དཀར་མོ་ཞེས་ཟེར།
༡༡.
 ལྷ་རྩེ་རྫོང་།
ལྷ་རྩེ་ཞེས་པ་ནི་བོད་ཆོས་རྒྱལ་གདུང་རྒྱུད་རྒྱལ་པོ་གླང་དར་གྱི་སྲས་གནམ་ལྡེ་འོད་སྲུང་དང་། དེའི་སྲས་དཔལ་འཁོར་བཙན་རྒྱལ་རྒྱུད་ཁྲིར་འཁོད་སྲིད་དབང་ལོ་བཅོ་བརྒྱད་བསྐྱངས་རྗེས་གཡོ་རུའི་མངའ་ཐང་ཕལ་ཆེར་ཤོར་ཏེ་གཙང་དུ་འཕོ་སྐྱས་གནང་དགོས་བྱུང་། ཐོག་མར་རྒྱལ་རྩེར་ཕེབས་ཏེ་ཕོ་བྲང་རྒྱ་མཁར་རྩེ་ཞེས་པ་བསྐྲུན་གནང་མཛད། དེ་ནས་ཡབ་གཤེགས་རྗེས་གྲོམ་པ་ལྷ་རྩེར་ཕེབས་ཏེ་ཡབ་ཀྱི་གཤེགས་རྫོང་མཆོད་འབུལ་རྒྱ་མཆེར་གནང་། སྐུ་ཚེའི་མཇུག་ཏུ་གྲོམ་པ་ལྷ་རྩེར་བྲག་ལ་ཕོ་བྲང་མཛད་ནས་བཞུགས་ཞེས་དང་།ཡང་གསུང་སྲོལ་གཞན་ཞིག་ནི་འགྲོ་མགོན་ཆོས་འཕགས་ཀྱི་དུས་སུ་རྫོང་དེ་བསྐྲུན་གནང་མཛད་པ་དང་འགྲོ་མགོན་གནས་དེར་ཕེབས་སྐབས་རྫོང་རྩེར་ཉི་མ་ཤར་བ་དང་དུས་མཚུངས་པས་ལྷགས་རྩེ་ཞེས་མིང་ཐོགས་པ་ནས་རྗེས་སུ་ལྷ་རྩེ་ཞེས་པར་སྒྲ་འགྱུར་ཞེས་དང་། ཡང་ལྷ་རྩེ་ རྫོང་ཆགས་སའི་གནས་དེ་བྲག་ཕོ་བྲག་མོ་བྲག་ནས་གྲུབ་པ་དེ་ལྷ་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དུ་ཡོད་པའི་རྩེ་མོར་ཆགས་པས་ལྷ་རྩེ་ཞེས་གསུང་སྲོལ་མི་འདྲ་བ་ཡོད།
༡༢.བཞད་མཐོང་སྨོན་རྫོང་། བཞད་མཐོང་སྨོན་ཞེས་པ་ནི་སློབ་དཔོན་པད་མ་འབྱུང་གནས་རྒྱ་གར་ནས་བོད་ལ་ཕེབས་སྐབས་བཞད་གཞུང་ལྷ་དབང་རྩེའི་རི་འཁྱུད་བརྐྱངས་ལ་ཞེས་པའི་སྟེང་ཕེབས་པ་པ་དང་སྐུ་ངལ་གསོས།དེ་ནས་བཞད་མོ་དང་བཅས་ལུང་པ་ཕ་གི་མཐོང་བ་དང་ང་སྨོན་བྱུང་ཞེས་པ་ ལྟར་བཞད་མཐོང་སྨོན་ཞེས་བྱུང་ལ་ཞབས་བརྐྱངས་ནས་བཞུགས་པས་བརྐྱངས་ལ་ཞེས་པའང་དེ་ལྟར་ཐོགས།
༡༣.
 པ་སྣམ་རྫོང། པ་སྣམ་ཞེས་པ་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་རྒྱལ་པོ་འདུལ་བར་ཕེབས་སྐབས་པ་སྣམ་དུ་སྒར་ས་མཛད་དེ་དཔལ་རྣམ་པར་ རྒྱལ་བའི་ས་ཞེས་པའི་མིང་བྱུང་བས་པ་སྣམ་དང་། ཡང་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱི་ དངོས་སློབ་སྣ་སྣམ་རྡོ་རྗེ་འདུད་འཇོམས་གཉིས་གནས་འདིར་ཡུན་རིང་བཞུགས་པས་ཁོང་རྣམ་ཀྱི་མཚན་ཟུར་རྫོང་ལ་ཐོགས་ཏེ་པ་སྣམ་ཞེས་གསུང་སྲོལ་མི་འདྲ་བ་ཡོད།
༡༤.རྣམ་གླིང་རྫོང་། རྣམ་གླིང་ཞེས་པ་ནི་བཙན་པོའི་དུས་སུ་བཀྲ་ཤིས་རྩེ་ཞེས་ཟེར།ས་སྐྱས་དབང་སྒྱུར་སྐབས་གཙང་ཁུལ་ཁྲི་སྐོར་དྲུག་གི་ནང་ཚན་ཤངས་པ་ ཁྲི་སྐོར་ཞེས་པ་དང་ཡོངས་གྲགས་སུ་རྣམ་གླིང་ཞེས་པ་ཡིན།
༡༥.རིན་སྤུངས་རྫོང་།
རིན་སྤུངས་ཞེས་པ་ནི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་འཛིན་སྐབས་དབུས་གཙང་ས་འགག་ལ་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཁོངས་རིན་སྤུངས་འདི་ཉིད་རྫོང་འགོ་ཆ་གྲས་ཤིག་ཡིན་ཅིང་།
 རྗེས་སུ་ཕག་གྲུའི་བཀའི་བློན་པོ་གཙོ་གྲས་སུ་གཏོགས་པ་རིན་སྤུངས་ནོར་བུབཟང་པོའི་དུས་ནས་བཟུང་ཕག་གྲུའི་སྲིད་དབང་ཉམས་འགོ་ཚུགས། ཕག་གྲུ་ཁྲི་དཔོན་ཕྱི་ཚུལ་གྱིས་མིང་ཙམ་མ་གཏོགས་དོན་དུ་བློན་པོ་རིན་སྤུངས་པའི་མིང་ཐོག་བརྒྱད་ཙམ་གྱི་རིང་དབུས་གཙང་རྒྱལ་ཁ་བློན་བསྒྱུར་བྱས་ཏེ་རིན་སྤུངས་པ་ཕག་གྲུའི་སྡེ་དཔོན་ གྱི་ཁོངས་གཏོགས་ཏེ་རིན་སྤུངས་རྫོང་དེ་སྡེ་པ་རིན་སྤུངས་པའི་ལྟེ་གནས་ཕོ་བྲང་ལྟ་བུར་གྱུར། དེ་ལྟར་རིན་སྤུངས་པ་དབང་གྲགས་ཆེས་ཆེར་རྒྱས་ཏེ་རིན་སྤུངས་ཆོས་རྒྱལ་ཞེས་པའི་ཆེ་བསྟོད་རྒྱལ་མིང་འབོད་སྲོལ་ཡང་ཆགས། གྲོང་དང་རྫོང་ཆགས་ཡུལ་དང་བཅས་པ་རིན་ ཆེན་སྤུངས་པ་ལྟ་བུར་གྱུར་བས་རིན་སྤུངས་རྫོང་ཞེས་པའི་མིང་དེ་ལྟར་བྱུང་དེང་གི་དུས་དེར་རིན་སྤུངས་རྫོང་དེར་གསེར་དང་། ཟངས། ཞ་ཉེ། ཀེ་ལྕགས། རྡོ་ཀ་མ་རུ། གཡང་ཊི་སོགས་རིན་ཆེན་ནོར་བུའི་རིགས་རིག་རྒྱུ་ཤིན་ཏུ་མང་།
༡༦. ས་སྐྱ་རྫོང་།
ས་སྐྱ་ཞེས་པ་ནི་སློབ་དཔོན་པདྨ་ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ལས་ཀུན་དགའ་སྙིང་པོ།བསོད་ནམས་རྩེ་མོ།
 གྲགས་པ་རྒྱལ་མཚན་ཞེས་རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་བྱུང་ཞེས་དང་།ས་སྐྱ་ལོ་ཙཱ་ཀུན་དགའ་མིང་ཅན་དང་།འཕགས་པའི་མིང་ཅན་གཉིས་བྱུང་ནས། བོད་འབངས་སེམས་ཅན་བདེ་ལ་ཕན།སངས་རྒྱས་བསྟན་པ་ལྔ་བཅུ་འཛིན།འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་༽ཞེས་དང་།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན་པས་སྤྱན་དྲངས་པ་ལྟར་དབུས་སུ་ཕེབས་སྐབས་འབྲོང་ངུར་ལ་རྩེ་ནས་དཔོན་པོ་རི་གཟིགས་པས། དེའི་ངོས་ལ་འབྲོང་ཆེན་པོ་གཉིས་རྩ་བཟའ་བཞིན་ཡོད་པས་སྐུ་འཁོར་རྣམས་ལ་མ་འོངས་པའི་དུས་སུ་མ་ཧྭ་ཀ་ལ་གཉིས་དེར་འཕྲིན་ལས་མཛད་པ་ལྟས་སུ་འདུག་དེ་ནི་ས་སྐྱའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ཡིན་ཞེས་གསུངས། དེ་ནས་ཕྱག་འཚལ་སྒང་ཞེས་པའི་ས་ཆར་ཕེབས་སྐབས་ཆིབས་པ་ལས་འབབ་གནང་ནས་སྐུ་འཁོར་རྣམས་ལ་མཆོད་པ་གཤོམས་གསུང་ནས་དབོན་པོ་རིའི་ས་དཀར་ལོགས་སུ་ཕྱག་ མཆོད་རྒྱས་པར་མཛད་པ་ལ་སྐུ་འཁོར་རྣམས་ཀྱིས་དེ་ལྟར་མཛད་པ་ཅི་ཡིན་ཞེས་ཞུས་པར་ཁྱེད་རྣམས་ཀྱིས་མ་མཐོང་བ་ཡིན་ནམ། ས་དཀར་པོ་ཕ་ཀིའི་ལོགས་ལ་དྷི་ཡིག་བདུན་དང་།ཧྲི་ཡིག་གཅིག་ཧཱུཾ་ཡིག་བཅས་དུན་འདུག་པ་ལ་ཕྱག་མཆོད་བྱེད་པ་ཡིན། དེ་ཅི་ཡིན་ཞེས་ཞུས་པར། མ་འོངས་པའི་དུས་སུ་འཇམས་དབྱངས་ཀྱི་སྤྲུལ་པ་བདུན། སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག་ བཅས་ཐོག་མར་བྱོན་ཏེ་དེ་ནས་རིམ་བཞིན་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱུན་མི་ཆད་པར་བྱོན་ནས་འགྲོ་བའི་དོན་མཛད་པར་འདུག་ཅེས་གསུངས་པ་ལྟར་རྗེས་སུ་འཁོན་དཀོན་མཆོག་རྒྱལ་པོས་དང་པོ་བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་དེ་བཞུགས་པར་ས་སྐྱ་གོག་པོར་གྲགས་ཤིང་། དེ་ནས་དཔོན་སློབ་རྣམས་སྐྱོ་བསང་བྱོན་ཏེ་རི་ཁ་ནས་གཟིགས་པས། དབོན་པོ་རི་དེ་གླང་ཆེན་ཉལ་འདྲ་བའི་མཁལ་ཁུང་གཡས་ཀྱི་ཐད་ན་ས་དཀར་ཞིང་སྣུམ་པ། ཆུ་བོ་གཡས་སུ་འབབ་པ་ལ་སོགས་པའི་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས། སའི་བདག་པོར་རི་བཅལ་ནས་དབོན་པོ་རི་རྩེར་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད་པ་ནས་རིམ་བཞིན་ལུང་ཟིན་གྱི་ས་སྐྱ་གོང་མ་ན་རིམ་བྱུང་། ས་དཀར་པོའམ་སྐྱ་བོ་དོན་གཅིག་ཡིན་པའི་སྟེང་དུ་ས་སྐྱ་དགོན་བཏབ་པས་དགོན་དང་ཡུལ་མིང་ལའང་དེ་ལྟར་ཆགས་པ་ཡིན།
༡༧. གཞིས་ཀ་རྩེ་བསམ་གྲུབ་རྩེ་རྫོང་།
གཞིས་ཀ་རྩེ་གྲོང་ཁྱེར་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་༼མྱང་སྨད་ཉི་མ་རི་ལ་རྗོང་ཞིག་བྱུང་།༽ཞེས་དང་།
 ཇོ་བོ་རྗེས་༼མྱང་སྨད་ས་ཡི་ལྟེ་བ་ཡིན་དབུས་ནས་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པ་བྲག་སེང་གེ་འདྲ་བ་དྲུག་གི་སྟེང་དུ་ཕོ་བྲང་བཏབ་པས་སེང་དྲུག་ རྩེ་༽ཞེས་པ། ས་པཎ་གྱིས་ས་ལ་བསམ་དོན་གྲུབ་པའི་རྩེ་མོར་གྲགས་ཞེས་གསལ་བ་དང་། སྡེ་སྲིད་སྣེ་གདོང་པ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་སྲིད་དབང་བཟུང་སྐབས་དབུས་གཙང་ཁུལ་དུ་རྫོང་ཆེན་བཅོ་བརྒྱད་བརྒྱབ་པའི་རྟིང་མ་ཡིན་པ་དང་བསམ་པའི་དོན་ཐམས་ཅད་གྲུབ་པས་བསམ་གྲུབ་རྩེ་ཞེས་བཏག་པ་ཡིན་ཞེས་དང་། ཡང་རིན་སྤུངས་པས་སྲིད་དབང་འཛིན་སྐབས་གནས་དེར་ཐོན་ ཁུངས་ཕུན་སུམ་ཚོགས་པའི་གཞིས་ཀ་དེ་རྩེ་གྲ་ཡིན་པས་གཞིས་ཀ་རྩེ་ཞེས་མིང་བྱུང་ཚུལ་མི་འདྲ་བ་ཡོད།
༡༨. རྒྱལ་རྩེ་རྫོང་།
རྒྱལ་རྩེ་རྫོང་ནི་ཤར་ངོས་གནོད་སྦྱིན་གང་བཟང་ངམ་དེའི་རི་བརྒྱུད་ཁ་རོ་ལ།
 ལྷོ་ངོས་མྱང་ཆུ་གཙང་པོའི་ཆུ་མགོའི་མཚམས་དང་ཁང་དམར་རྫོང་ནུབ་ངོས་པ་རྣམ་རྫོང་། བྱང་ངོས་རིན་སྤུངས་རྫོང་། དེ་ཁུལ་དུ་རྒྱུགས་པའི་གཙང་པོ་ལ་མྱང་ཆུ་གཙང་པོ་ཞེས་ཟེར། དེའང་མྱང་ཆུ་ཞེས་པ་ནི་སློབ་པོནཔདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་དང་བཅས་གནོད་སྦྱིན་གང་བཟང་གི་རྩེ་མོར་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས། དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་སློབ་དཔོན་ལ་ཕུལ་ཏེ་ལྷའི་བདུད་རྩི་རོ་མྱང་དུ་གསོལ་ཞེས་ཞུས་པས་སློབ་དཔོན་གྱིས་བདུད་རྩི་བུམ་པ་ཟད་མི་ཤེས་པའི་བྱིན་གྱི་བརླབས། རྗེ་འབངས་ཉེར་ལྔ་ལ་བདུད་རྩི་བུམ་པ་སྐྱེས་ཏེ་རིགས་ཀྱི་བུ་ལྷའི་བདུད་རྩི་མྱང་བར་བྱའོ་ཞེས་གསུངས་པ་ལས་ཡུལ་གྱི་མིང་ལ་མྱང་ཞེས་དང་དེ་ནས་བུམ་པ་ཐོགས་ཏེ་གནོད་སྦྱིན་གང་བཟང་གི་རྩེར་བདུད་རྩི་ནས་བླུགས་ཏེ་བྱིན་གྱིས་བརླབས་པས་དེ་ལས་བཞུར་བའི་ཆུ་རྒྱུན་ལ་མྱང་ཆུ་ཞེས་ཐོགས། ཆུ་བོ་དེ་རྒྱལ་རྩེའི་ཁུལ་དུ་སླེབས་སྐབས་ཉིང་རོའི་ཆུ་བོ་སོགས་དང་འདུས་ཡོད་པ་དང་། ཡུལ་དེའི་འབྲོང་རྩེ་ཡན་ལ་མྱང་སྟོད་དང་། དེ་མན་ལ་མྱང་སྨད་ཞེས་ཟེར། ད་ལྟའི་རྒྱལ་རྩེ་རྫོང་གནས་ཡུལ་ནི་སྔོན་གྱི་རྒྱལ་རྩེ་རྫོང་ཞོལ་གྱི་ལྷོ་ངོས་སུ་གནས་ཡོད།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་ཁུལ་རྫོང་ཁག་གི་མིང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་བ།

2015-03-12 ཚེ་དབང་དཔལ་འབྱོར།༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།