དུས་རབས་དང་མཐུན་པའི་དགེ་སློབ་འབྲེལ་བ་རྒྱུན་བསྲིང་བྱ་དགོས་པའི་སྐོར།

             གཅིག དགེ་སློབ་ཀྱི་འབྲེལ་བར་ལེགས་བཅོས་བྱ་དགོས་པ།

  “དགེ་རྒན་ནི་མར་མེ་ཞིག་ཡིན་པའི་དབང་དུ་བཏང་ན། སློབ་མ་ཚང་མ་ཡང་ཆེ་ཆུང་དང་ཁ་མདོག་དབྱིབས་གཟུགས་སྣ་ཚོགས་པའི་མར་མེ་ཁྲི་མ་འབུམ་ཕྲག་ཙམ་རེད་ལ། དགེ་རྒན་གྱི་མར་མེས་སློབ་མ་ལ་འོད་སྣང་བསྩལ་བ་དང་མཉམ་དུ་སློབ་མའི་མར་མེ་རེ་རེས་ཀྱང་དགེ་རྒན་ལ་ཡང་འོད་སྣང་སྐྱེལ་བཞིན་ཡོད་པར་ངོས་འཛིན་ཡང་དག་པ་བྱ་དགོས”ཞེས་གསུངས་པ་ནང་བཞིན། ཕན་ཚུན་ལ་བཀུར་ཞིང་གཅེས་པའི་དགེ་སློབ་འབྲེལ་བ་འཛུགས་རྒྱུ་ནི་ཧ་ཅང་གལ་ཆེ། སློབ་མ་ཚོས་རྒྱུན་པར་རང་ཉིད་ལས་བར་ཐག་རིང་བའི་འདུ་ཤེས་འཛིན་ཞིང་དགེ་རྒན་དང་རྒྱང་བཀྱེད་ནས་འདུག་པ་ལས་གྲོགས་པོ་བྱེད་ཆོག་པའི་འདུ་ཤེས་ཅུང་ཞན་པ་རེད། དོན་ངོ་མར་དགེ་རྒན་དང་སློབ་མའི་འབྲེལ་བ་ཡིན་ཞིང་། སློབ་མ་ཚོའི་སེམས་སུ་དགེ་རྒན་ནི་ནམ་ཡང་སྙིང་གཏམ་མམ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལབ་རུང་བ་དང་མི་ཚེའི་གནས་ལུགས་འདྲི་ཆོག་པའི་གྲོགས་མཆོག་དམ་པ་ཞིག་ཡིན་པའི་བག་ཆགས་འཇོག་དགོས། རྒྱུ་མཚན་དེའི་རྐྱེན་གྱིས་སློབ་མའི་སེམས་སུ་དགེ་རྒན་ནི་གཡོ་ཟོལ་ཅན་དང་འཇིགས་སྐྲག་སྐྱེ་དགོས་པའི་མི་ཞིག་ལ་མི་བསམ་པར་དགེ་རྒན་དང་འབྲེལ་བ་བཟང་པོ་བཟུང་ནས་གྲོགས་མཆོག་གི་འདུ་ཤེས་ཆགས་ཐུབ་པ་བྱ་དགོས།

              གཉིས། འདྲ་མཉམ་དང་དྲང་བདེན་གྱིས་གཟིགས་སྐྱོང་བྱ་རྒྱུ།

  ཚད་ལྡན་གྱི་དགེ་རྒན་ཞིག་གིས་ཕུལ་བྱུང་སློབ་མ་དང་འབྲིང་རིམ་ཆུ་ཚད་ཅན་གྱི་སློབ་མའི་ཡར་རྒྱས་གོང་འཕེལ་ཁོ་ནར་ཐུགས་ཁུར་གནང་བ་ཙམ་གྱིས་མི་ཆོག་པར། ད་དུང་བརྩེ་སེམས་དང་ལྷག་བསམ། ཡིད་ཆེས་བཅས་ཀྱིས་རྗེས་ཐོན་སློབ་མའི་ཡར་ཐོན་ལའང་དོ་སྣང་བྱས་ཏེ།སློབ་མ་དེ་དག་རྗེས་ལུས་དང་ལེ་ལོ་ལས་ཐར་བར་བྱ་དགོས།དེ་ཡང་རྗེས་ཐོན་སློབ་མའི་ལུས་སྟེང་གི་སྐྱོན་ཆ་དང་ནོར་འཁྲུལ་ནི་ཉིན་མཚན་གཅིག་ལ་གྲུབ་པ་མིན་པས། དེ་ཉིད་རྩ་བ་ནས་བཅོས་བསྒྱུར་བྱ་དགོས་ན་ངེས་པར་འབད་བརྩོན་ཆེན་པོ་བྱ་དགོས།ཨུ་རུ་སུའི་མཁས་པ་ཆི་ཁུ་ཧྥུས། དགེ་སློབ་བར་ལ་བརྩེ་བ་དང་བརྩི་བཀུར་ལྡན་ན་དཔེ་ཁྲིད་དང་སློབ་གསོའི་འགན་ཁུར་བདེ་བླག་ངང་འགྲུབ་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་བཞིན། དགེ་རྒན་གྱིས་ཕ་མའི་ལྷག་བསམ་དཀར་པོའི་བརྩེ་འདང་གིས་སློབ་མ་ཡོངས་ལ་གཅེས་སྐྱོང་བྱས་ཏེ། དུས་ཚོད་མང་པོ་སྤྱད་ནས་དོན་དངོས་ལ་ཟབ་ཞུགས་དང་ལྟ་ཞིབ་བྱས་མཐར།སློབ་མའི་ལུས་སྟེང་གི་བཟང་ཆ་འཚོལ་རྒྱུ་དང་། རྟག་པར་ཁོ་ཚོར་དྲོད་ཁོལ་དང་གཟིགས་སྐྱོང་བྱ་དགོས། དེ་ལྟར་བྱས་ཚེ་ནམ་ཞིག་སློབ་མས་ཁྱེད་ཀྱི་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཚོར་ནས་རང་སེམས་ཀྱི་སྒོ་མོ་ཁྱེད་ཀྱི་ཕྱོགས་སུ་ཕྱེ་སྟེ།སློབ་གྲྭའི་འཚོ་བའི་ཁྲོད་དུ་རང་ཁྱིམ་དྲོན་མོའི་སྣང་བ་མྱོང་ཐུབ། དགེ་རྒན་གྱིས་སློབ་མ་ནན་གྱིས་བསྐྱངས་ཏེ་ཁོ་ཚོ་ནར་སོན་པའི་ལམ་བུའི་སྟེང་གི་དཀའ་ངལ་སེལ་བ་དང་། ཁོ་ཚོར་བགྲོད་ལམ་ཡག་པོ་ཞིག་བསྟན་ནས་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་དུ་བཅུག་ཚེ་ཡར་ཐོན་ཆེན་པོ་འབྱུང་ངེས།
  རྗེས་ཐོན་སློབ་མ་ཡར་ཐོན་ཡོང་བ་ལ་ངེས་པར་མཁོ་བ་ནི་ཐོག་མ་ནས་ཁོ་ཚོ་ལ་མ་ཡུམ་དང་འདྲ་བའི་བྱམས་བརྩེ་ཞིག་སྦྱིན་རྒྱུ་དེ་ཡིན་ལ།རྒྱུ་མཚན་ནི་བྱམས་བརྩེ་དང་སུན་མེད་ངང་རིང་གི་གཟིགས་སྐྱོང་ནི་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་ཡིན་པས་སོ། །དེ་བས། དགེ་རྒན་གྱིས་ནམ་རྒྱུན་གདོང་ནག་ནག་ངང་སློབ་མ་རྣམས་ལ་བརྩེ་ཉམས་སྤུ་ཙམ་ཡང་སྟོན་རྒྱུ་མེད་པར་གྱུར་ཚེ།དེ་ལ་སློབ་མ་རྣམས་འཇིགས་པར་མ་ཟད་ཁོ་ཚོའི་སློབ་སྦྱོང་གི་འདུན་པ་དང་རང་འགུལ་གྱི་བཟང་ཆ་དག་ཕྱིར་མངོན་མི་ཕོད་ལ་སློབ་སྦྱོང་གི་སྤྲོ་སྣང་ཡང་ཡལ་བར་བྱེད།དེའི་ཕྱིར་དགེ་རྒན་གྱིས་མ་ཡུམ་འདྲ་བའི་བྱམས་བརྩེ་དེ་སློབ་མ་རེ་རེའི་སེམས་སུ་འཇོག་དགོས། དགེ་རྒན་གྱིས་རང་འགུལ་གྱིས་སློབ་མ་དང་འདྲ་མཉམ་གྱི་འབྲེལ་བ་བཙུགས་ནས་འཆམ་མཐུན་མཉམ་གནས་ཀྱིས་ཁོ་ཚོ་དང་གྲོགས་བསྒྲིགས་པ་དང་ཕན་ཚུན་ཤེས་བྱ་བགྲོ་གླེང་བྱེད་པ། འཚོ་བ་གླེང་བ་དང་ལྷག་བསམ་རྣམ་དག་གིས་སློབ་མའི་ཆག་གྲུམ་ཤོར་བའི་ཉམས་ཆུང་གི་སེམས་པ་ལ་དྲོད་ཁོལ་བྱིན་ཏེ། ལག་ཟུང་དྲོན་མོས་དགེ་སློབ་བར་གྱི་འབྲེལ་ཐག་ཇེ་ཉེར་གཏོང་རྒྱུ་ནི་གལ་ཆེའོ། །དགེ་རྒན་གྱི་བརྩེ་བ་ནི་སློབ་མའི་བརྩེ་དུང་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ལ་དགེ་རྒན་སློབ་མ་ལ་བྱམས་པ་དེས་སློབ་མའི་རང་འགུལ་གྱི་ཡར་སེམས་སྐུལ་ནུས་པར་མ་ཟད་ད་དུང་དགེ་སློབ་བར་གྱི་བརྩེ་དུང་ཡང་ཇེ་ཟབ་ཏུ་གཏོང་ཐུབ། སྤྱིར་སློབ་མ་ཡོད་ཚད་ཡར་སེམས་ཅན་ཡིན་མོད་ཁོ་ཚོར་གཙོ་བོ་རང་ཉིད་ལ་ཡིད་ཆེས་པའི་སེམས་པ་དབེན་པས། དགེ་རྒན་གྱིས་གནད་འདི་གཙོ་བོར་བཟུང་ནས་སློབ་མ་ལ་གུ་ཡངས་མང་པོ་ལས་བཙན་ཤེད་ཉུང་ཉུང་། བརྩེ་བ་མང་པོ་ལས་ལོགས་དགར་ཉུང་ཉུང་།སྐུལ་ལྕག་མང་པོ་ལས་འཁང་ར་ཉུང་ཉུང་། གོ་སྐབས་མང་པོ་སྟེར་བ་ལས་དམའ་འབེབས་ཉུང་ཉུང་བཅས་བྱས་ཚེ་སློབ་མ་ལའང་མངོན་སུམ་གྱི་ཡར་རྒྱས་འབྱུང་ངེས་སོ། །

              གསུམ། སློབ་ཁྲིད་ཁྲོད་ནས་སློབ་མ་གཙོ་བོར་འཇོག་དགོས།

  དགེ་རྒན་གྱིས་དུས་ཚོད་ངེས་ཅན་ཞིག་ལ་སློབ་ཁྲིད་བྱས་རྗེས། སློབ་མ་ལ་བྱེ་བྲག་གི་འཕེལ་རྒྱས་ངེས་ཅན་ཞིག་ཐོན་ཚེ་སློབ་ཁྲིད་དེ་ནི་ནུས་ལྡན་གྱི་སློབ་ཁྲིད་བཟང་པོ་ཞིག་ཏུ་བརྩིས་ཆོག་ལ། སློབ་མར་བྱེ་བྲག་གི་འཕེལ་རྒྱས་གང་ཡང་མ་ཐོན་ན་སློབ་ཁྲིད་དེ་ནི་ནུས་མེད་ཀྱི་སློབ་ཁྲིད་ངན་པ་ཞིག་རེད་ཅེས་བཤད་ཆོག་སྟེ། སློབ་མའི་འཕེལ་རྒྱས་ནི་སློབ་ཁྲིད་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་རེད། དེ་བས། སློབ་ཁྲིད་བཟང་ངན་ནི་དགེ་རྒན་གྱིས་སློབ་ཁྲིད་ནང་དོན་ཁྲིད་ཚར་ཡོད་མེད་དང་ཁྲིད་པ་ནན་ཏན་ཡིན་མིན་ལ་ལྟ་བ་ལས་གཙོ་བོ་སློབ་མས་སློབ་པ་བཟང་ངན་ལ་ལྟ་དགོས་པ་རེད། དེའི་ཕྱིར་སློབ་ཁྲིད་ཁྲོད་ནས་སློབ་མ་ནི་གཙོ་བོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་བཞིན་དུ་བྱང་ཚད་སློབ་གསོའི་ཁོར་ཡུག་འོག་སློབ་མ་ནི་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ་སློབ་ཁྲིད་ཀྱི་མཐའ་མཇུག་དམིགས་ཚད་ནི་སློབ་མའམ་གྲུབ་ཆ་གཙོ་བོའི་ཐོག་འབབ་ཅིང་གྲུབ་ཆ་གཙོ་བོ་ཉིད་འཕེལ་རྒྱས་ཡོང་དགོས། སློབ་མ་ཚོས་དགེ་རྒན་གྱི་སློབ་ཁྲིད་ནི་སློབ་མའི་སློབ་སྦྱོང་ལ་རམ་འདེགས་སམ་ཞབས་ཞུ་བྱེད་པ་ཡིན་པའི་གནས་ལུགས་ཤེས་ན་སློབ་ཁྲིད་ཁྲོད་བཀག་རྒྱ་མེད་ཅིང་བསམ་བློ་གང་ཤར་ལ་ལན་འདེབས་ཕོད་པ་དང་རྣམ་རིག་ཚང་མ་སློབ་སྦྱོང་ཐོག་བཀོལ་ཐུབ་ལ་རང་སེམས་ངོ་མས་སློབ་སྦྱོང་ལས་ཐོབ་པའི་རྒྱལ་ཁའི་སྤྲོ་སྣང་མྱོང་ཐུབ་པ་རེད། སློབ་སྦྱོང་བྱེད་སྐབས་རང་གི་ཁྱད་ཆོས་ལྡན་དགོས་པ་དེ་སློབ་བུ་ཚོའི་གྲུབ་ཆ་གཙོ་བོའི་གོ་གནས་གསལ་སྟོན་ཐུབ་མིན་གྱི་རྩ་བའི་ཚད་གཞི་ཡིན་ལ་སློབ་སྦྱོང་བྱེད་པར་རང་ལས་གཞན་སུས་ཀྱང་ཚབ་བྱེད་མི་ཐུབ་ལ་ཚབ་བྱེད་ཐབས་བྲལ་བ་ཞིག་ཀྱང་རེད།

               བཞི། སློབ་མར་ཡང་དག་པའི་སློབ་སྦྱོང་བྱ་ཐབས་གོམས་སུ་འཇུག་དགོས།

  སློབ་མའི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་ན་ཧུར་བརྩོན་ཁོ་ན་བྱེད་པ་ཙམ་མ་ཡིན་པར་སློབ་ཤེས་པར་བྱ་རྒྱུ་ནི་གནད་དོན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། སློབ་མ་རབ་འབྲིང་ཐ་གསུམ་གྱི་དགོས་མཁོ་དང་བསྟུན་ནས། ཐོག་མར་མདོར་བསྡུས་ཤིང་གོ་བདེ་བའི་བཤད་པ་ཚར་གཅིག་དང་། དེ་ནས་རྒྱས་བཤད་ཚར་གཅིག དེ་ནས་དཀའ་གནད་ལ་དོགས་པ་གཅོད་ཆེད་སློབ་དཔོན་དང་སློབ་མ་གཉིས་ཕན་ཚུན་བར་རིགས་ལུང་གི་བགྲོ་གླེང་ཡུན་རིང་ཙམ་གནང་དགོས། ཚན་རིག་དང་མཐུན་པའི་སློབ་ཐབས་ཤིག་ལོབས་ན་གནས་སྐབས་ཙམ་གྱི་བསླབ་འབྲས་ལ་ཕན་པར་མ་ཟད་ད་དུང་མ་འོངས་པའི་སློབ་སྦྱོང་ལ་རྨང་གཞི་འདིང་ཐུབ། དེའི་དབང་གིས་སློབ་མ་ཚོས་བསླབ་བྱའི་དཔེ་དེབ་ཙམ་དུ་མ་ཟད་དུས་དེབ་དང་ཚགས་པར་ལས་ཤེས་བྱ་འཐུ་བ་དང་ཉེ་འཁོར་གྱི་སློབ་གྲོགས་ཚོར་ཉམས་མྱོང་བརྗེ་རེས་བྱས་ཏེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་ཐབས་ཤིག་ཆགས་སུ་འཇུག་དགོས། དེང་རབས་སློབ་གསོ་པ་ཝེ་ཧྲུའུ་ཧྲེང་གིས“སྤྱོད་པས་གོམས་གཤིས་གསོ་བ་དང་གོམས་གཤིས་ཀྱིས་གཤིས་རྒྱུད་ཆགས་པ། གཤིས་རྒྱུད་ཀྱིས་ལས་དབང་ཐག་གཅོད་ཐུབ་པ་བསྟན” སློབ་སྦྱོང་བྱེད་སྐབས་རྣ་བས་ཉན་པ་དང་ངག་གིས་ཀློག་པ། ལག་གིས་འབྲི་བ། བསམ་བློ་གཏོང་བ ། ཟིན་ཐོ་འགོད་པ་སོགས་ཀྱི་གོམས་གཤིས་ལེགས་པོ་ཞིག་རང་རྒྱུད་ལ་ཆགས་སུ་འཇུག་དགོས་པ་སྟེ་སློབ་ཁྲིད་སྐབས་རྣ་བས་ཉན་པར་བློ་སེམས་གཅིག་སྒྲིལ་ཡིན་པ་དང་ངག་གིས་ཀློག་པ་གནད་ལ་འབབ་པ ། བསམ་བློ་བཏང་བ་གཏིང་ཟབ་པ། ལག་གིས་འབྲི་བ་ཚུལ་མཐུན་ཁ་གསལ་ཡིན་པ། ཟིན་ཐོ་འགོད་པ་སོགས་བྱ་དགོས་པ་དེ་ཡིན།

              ལྔ། ཡུན་རིང་གི་སློབ་སྦྱོང་གི་འདུ་ཤེས་སྐྱེད་སྲིང་བྱ་དགོས།

  འཇིག་རྟེན་སྟེང་གི་མི་ཚེ་ནི་ཚད་ཡོད་པ་ཞིག་ཡིན་པར་མ་ཟད། ན་གཞོན་དུས་སྐབས་ཀྱི་སློབ་སྦྱོང་གི་དུས་ཚོད་ཆེས་རྩ་བ་ཞིག་དང་ཡུན་ཐུང་བ་ཞིག་ཀྱང་རེད། སློབ་མ་ཚོས་སྐབས་རེ་རེའི་དཀྱིལ་རྒྱུགས་དང་མཐའ་རྒྱུགས་སྐབས་སུ་ཕྱོགས་བསྡུས་བསྐྱར་སྦྱོང་བྱེད་པ་ཙམ་ལས་དུས་རྒྱུན་གྱི་གཤར་སྦྱོང་ལྷོད་པས་ཤེས་དགོས་པའི་ཤེས་བྱ་དག་རྒྱུན་པར་ཁོང་དུ་མི་ཆུད་པར་རིམ་བཞིན་ཉི་མ་རེ་རེར་རྗེས་སུ་ལྷག་འགྲོ་བ་རེད། དོན་དངོས་སུ་བཤད་ན་སློབ་སྦྱོང་བྱེད་སྐབས་བསླབས་ཟིན་པའི་ཤེས་བྱ་དག་ཤེས་པ་དང་བསྒྲུབས་པའི་སྦྱང་གཞི་དག་འགྲིག་པའི་ཕྱོགས་ལ་འབད་དགོས་པ་རེད། དེ་ལྟར་འགྲུབ་པར་བྱེད་ན་སློབ་མ་ཚོས་དུས་ལྟར་མི་ལྷག་པ་འགའ་བསྒྲུབ་དགོས། གཅིག་ནི་སློབ་ཐུན་རེར་སློབ་མ་ཀུན་གྱིས་ནན་ཏན་སྒོས་མཉན་ནས་སློབ་ཐུན་དེ་ཚད་གཞི་ལྟར་ཤེས་ཐུབ་དགོས། གཉིས་ནི་ཉིན་རེ་བཞིན་བསྐྱར་སྦྱོང་སྔོན་ལ་བྱས་ཏེ་ལས་བྱ་རྗེས་སུ་བསྒྲུབ་པའི་གོམས་གཤིས་ཆགས་སུ་བཅུག་ནས་བསྐྱར་སྦྱོང་ལེགས་པོ་བྱེད་པའི་ཉི་མ་དེར་སློབ་ཚན་སོ་སོའི་བསླབ་བྱ་དང་ཟིན་བྲིས་ཀྱི་རྨང་གཞིའི་ཐོག་ཚད་ལྡན་སྒོས་ལས་བྱ་སྒྲུབ་པ་ལས་འགན་སྒྲུབ་ཐབས་བྱ་མི་ཉན། གསུམ་ནི་གཟའ་འཁོར་རེའི་མཇུག་ཏུ་གཟའ་འཁོར་དེར་བསླབས་ཟིན་པའི་ཤེས་བྱ་དག་ཕྱོགས་བསྡུས་བྱས་ནས་སྒྲུབ་ནོར་ཤོར་བའི་སྦྱང་གཞི་དག་ནོར་འཕྱུག་གནད་བསྡུས་སུ་བཀོད་པ་སོགས་ཐབས་ཇུས་སྣ་ཚོགས་ཀྱིས་ཁོང་དུ་ཆུད་པར་བྱ་དགོས། བཞི་ནི་ཟླ་བ་རེར་བསླབས་པའི་སློབ་ཚན་སོ་སོའི་ཤེས་བྱ་ཁག་རང་ཉིད་དང་ཡང་ན་སློབ་གྲོགས་ཀྱིས་རྒྱུགས་གཞི་བཟོས་རྗེས་རང་གིས་རང་ལ་རྒྱུགས་ལེན་པ་དང་རང་གིས་རང་ལ་སྤྱི་སྡོམ་བྱེད་ཅིང་གོམ་གང་མདུན་སྤོས་སྒོས་སྐྱོན་བཤེར་ནོར་བཅོས་བྱས་ནས་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་དགོས།

              དྲུག རང་ཉིད་སྔོག་འདོན་གྱི་ནུས་པ་བསྐྱེད་བསྲིང་བྱ་དགོས་པ།

  རང་རྒྱལ་གྱི་སློབ་གསོ་བཅོས་བསྒྱུར་ཁྲོད་དུ།སྔོན་ཐོན་ས་ཁུལ་གྱི་སློབ་གྲྭ་མི་ཉུང་བ་ཞིག་གིས་གཙོ་གྲུབ་རང་བཞིན་གྱི་སློབ་གསོ་དེ་བཅོས་བསྒྱུར་གྱི་ནང་དོན་དང་ཁ་ཕྱོགས་གཙོ་བོ་ཞིག་ཏུ་བཟུང་ཡོད།བསླབ་དེབ་ཀྱི་ཤེས་བྱ་བྱང་ཆུབ་པའི་ཆེད་དུ་དགེ་རྒན་གྱིས་ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་ཞུགས་ན་སློབ་མ་རང་ཉིད་ལ་གསར་སྐྲུན་གྱི་བསམ་བློ་ཞིག་ཆགས་མི་སྲིད་པ་དང་དགེ་རྒན་ལས་ལྷག་པའི་སློབ་མ་ཞིག་འབྱུང་མི་སྲིད། དོན་དངོས་སུ་སློབ་འབྲིང་གི་སློབ་མ་ཚོར་བྱ་དངོས་ལ་འཚོལ་སྙེག་དང་ཞིབ་འཇུག་ངོས་འཛིན་བྱེད་འདོད་ཀྱི་བསམ་བློ་ལྡན་པ་དང་རང་གནས་ཁོར་ཡུག་གི་ཡོད་ཚད་ལ་དྲི་བ་མང་པོ་བློ་ཐོག་ནས་འདོན་བཞིན་ཡོད་པ་ནི་རང་རྒྱུད་ལ་གནས་པའི་གསར་སྐྲུན་གྱི་ནུས་པ་ཞིག་རེད།རང་ཉིད་ལ་རང་མོས་དང་ཀུན་རྟོག་གི་སྣང་ཚུལ་ཞིག་བསྐྲུན་ན་གསར་སྐྲུན་གྱི་མེ་འོད་འབར་ངེས་པ་རེད། རྒྱུ་རྐྱེན་དེར་བརྟེན་ནས་སློབ་བུ་ཚོས་རང་ཉིད་ཀྱི་ཐུན་མིན་རང་གཤིས་རྒྱུན་བསྐྱང་བ་དང་། མཚར་སྣང་དང་སློབ་འདོད་ཀྱི་བསམ་བློ་བཅངས་ཏེ་སྤོབས་པ་ཆེན་པོས་བསམ་བློ་གཏོང་བར་མ་ཟད་ད་དུང་རྒྱུན་པར་ལྡོག་ཕྱོགས་བསམ་བློ་དང་མི་མཐུན་པ་འཚོལ་བའི་བསམ་བློ་སོགས་ཀྱི་གནད་དོན་ལ་དཔྱད་ཞིབ་དང་ཐག་གཅོད་བྱས་ཏེ། གསར་བ་དང་ངོ་མཚར།ཁྱད་འཕགས་ཀྱི་བསམ་བློའི་སྙིང་བཅུད་ཟིན་བྲིས་སུ་བཀོད་དེ་ཐག་གཅོད་བྱེད་ཐབས་འཚོལ་སྙེག་བྱས་ནས་གསར་གཏོད་ཆེན་པོ་ཞིག་རང་ཉིད་ཀྱི་ལག་ཏུ་ཐོན་སྲིད།
  དགེ་རྒན་གྱིས་སློབ་མ་ལ་དུས་རྒྱུན་དུ་རང་གི་ཡོན་ཏན་ཕྱིར་མངོན་པའི་གོ་སྐབས་བསྐྲུན་ནས་ཁོ་ཚོར་བེད་སྤྱོད་ཕུན་སུམ་ཚོགས་པ་བྱེད་དུ་འཇུག་དགོས། དཔེར་ན།སྐད་ངག་བདེ་མོ་ཅན་ལ་སྙན་མོ་གླུ་རུ་ཞུགས་པ་དང་ཞབས་བྲོ་ལ་མོས་པ་ཅན་ལ་སྟངས་སྟབས་གར་དུ་རྩེན་པ།རི་མོ་དང་ཡིག་གཟིགས་དགའ་མཁན་ལ་སྨྱུ་གུས་རྩལ་མངོན་དུ་བཅུག་ནས་ཁོ་ཚོར་གཟེངས་བསྟོད་རྒྱ་ཆེན་བྱས་ཏེ་རྒྱལ་ཁའི་དགའ་སྣང་དེ་སློབ་མའི་སེམས་ལ་འཇོག་དགོས།གོ་སྐབས་དེ་དང་བསྟུན་ནས་དགེ་རྒན་གྱིས་སློབ་མའི་བཟང་ཆ་ལ་ཡིད་ཆེས་བྱེད་པ་དང་ཆབས་ཅིག་སློབ་གསོ་བཏང་ནས་སློབ་གྲོགས་ཕན་ཚུན་ལ་མཐུན་སྒྲིལ་དང་རོགས་རམ་གྱི་འདུ་ཤེས་སྦྱིན་དགོས། ང་ཚོས་རང་གི་བྱ་བའི་ཁྲོད་ཁོ་ཚོར་རོགས་རམ་བྱས་ཏེ་དེའི་ལུས་སྟེང་གི་རིན་ཐང་དང་འོད་སྣང་བཙལ་ནས།ཁོ་ཚོར་ཕུགས་བསམ་ཅན་གྱིས་དོན་ཀུན་འགྲུབ་ཅེས་པའི་སྐད་ཆ་དེའི་དོན་རྟོགས་སུ་བཅུག་ནས་ཡང་དག་པའི་ཐབས་ལ་བརྟེན་ནས་ནན་ཏན་གྱིས་སློབ་གསོ་བཏང་ཚེ་ཁོ་ཚོས་ཀྱང་རེ་བ་སྟོང་ཟད་དུ་མི་གཏོང་ངོ་། །
  མདོར་ན། དུས་རབས་དང་མཐུན་ཞིང་འཚོ་དངོས་དང་འཚམས་པའི་དགེ་སློབ་ཀྱི་འབྲེལ་བའི་གཞི་གྲུབ་ཅིག་གིས་འབྲ་བཟང་གི་སློབ་ཁྲིད་ཅིག་ཚུར་བསུ་ཐུབ་ལ། ཕུལ་བྱུང་གི་སློབ་བུ་གང་མང་ཡང་བསྐྱེད་བསྲིང་བྱ་ཐུབ་ངེས།
 
      རྩོམ་འདིའི་རྩོམ་པ་པོ་ནི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས་དང་མཐུན་པའི་དགེ་སློབ་འབྲེལ་བ་རྒྱུན་བསྲིང་བྱ་དགོས་པའི་སྐོར།

2015-06-30  བཀྲ་ཤིས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།