གྲི་གུམ་བཙན་པོ་བཀྲོངས་རྐྱེན་ལ་ཅུང་ཙམ་དཔྱད་པ།

བསོད་མགོན།༼ ཁྱུང་མཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-12

【ནང་དོན་མདོར་བསྡུས།】
  སྤུ་རྒྱལ་བོད་ཀྱི་བཙན་པོའི་རྒྱལ་རབས་ལས་སྟོད་ཀྱི་སྟེང་གཉིས་ཡ་ཀྱལ་བོད་རྒྱལ་བརྒྱད་པ་དྲི་གུམ་བཙན་པོའི་སྐོར་ལ། དེང་གི་ཆར་བན་བོན་གྱི་གྲུབ་མཐའི་འཐེན་ཁྱེར་གྱི་ལྟ་བས་བསྣོག་བརྒྱབ་ཞིང་། ལོ་རྒྱུས་ཀྱི་ཡིག་ཚང་དང་ཆོས་འབྱུང་དེབ་ཐེར་གང་མང་གི་བཞེད་ཚུལ་མི་འདྲ་བ་མང་བོ་བྱུང་བས། རྙོག་བསྲེས་ནས་མགོ་འཐོམས་པའི་ཚད་དུ་ལྷུང་འདུག་པ་ལ། ལོ་རྒྱུས་ཀྱི་དགེ་ཐོན་པའི་ཐག་གཅོད་ཀྱི་རིགས་ལམ་ཞིག་མ་རྙེད་ཀྱང་ བཤད་ཚུལ་མི་འདྲ་བ་མང་བོ་ལ་གཅིག་མཐུན་གྱི་ཁ་ཕྱོགས་ཤིག་དང་། གྲི་གུམ་བཙན་པོ་བཀྲོངས་རྐྱེན་སྐོར་གྱི་དོགས་གཞི་རེ་གཉིས་སེལ་འདོད་ཀྱི་ཀུན་སློང་རྣམ་དག་གིས། འཁྱོག་བརྗོད་དང་རྙོག་བསྲེས་སོང་བའི་དྲི་གུམ་བཙན་པོའི་ལོ་རྒྱུས་སྐོར་ལ་དག་སྒྲིགས་དང་དོགས་དཔྱོད་ཀྱི་ངལ་བ་དང་དུ་བླངས་བ་ཡིན། གྲི་གུམ་བཙན་པོའི་ལོ་རྒྱུས་ལས་བཙན་པོ་བཀྲོངས་རྐྱེན་ནི་གནད་དུ་འཁེལ་བའི་དཔྱད་བྱ་ཉག་ཅིག་ཏུ་འདོད་པའི་དེའི་སྐོར་ལ་ཅུང་ཙམ་དཔྱད་པར་བྱ།

【བརྡ་ཆད་གཙོ་བོ།】གྲི་གུམ་བཙན་པོ། ལོ་ངམ་རྟ་རྫི། སྐུ་གཤེན། སྲིད་འགྱུར།

  ཏུང་ཧོང་ཡིག་ཆ་གཙོ་བའི་བོད་ཀྱི་ཆོས་འབྱུང་དེབ་ཐེར་མང་བོར། ལོ་ངམ་རྟ་རྫི་ཞེས་པ་འདི་མྱང་རོ་ཤམ་པོའི་རྗེ་བོ་དང་གྲི་གུམ་བཙན་པོའི་བློན་པོ་བགྱིད་ཡོད་དེ། དེ་ཡང་སྐབས་དེར་གཉའ་ཁྲི་བཙན་པོའི་སྐབས་སུ་བོད་ཀ་གཡག་དྲུག་གམ་རྒྱན་ཕྲན་སུལ་མ་བཅུ་གཉིས་དབང་མཛད་པའི་མངའ་ཁོངས་དེ། རྒྱལ་རབས་བརྒྱད་ཀྱི་རྗེས་སུ་ཀོང་ཡུལ་བྱེ་སྣ་དང་དྭངས་ཡུལ་གྲུ་བཞི། མྱང་རོ་ཤམ་པོ་སོགས་ཚོ་བ་འགའ་མནའ་འབྲེལ་གྱི་ཚུལ་དུ་སྤུ་རྒྱལ་ཚང་གི་མངའ་ཁོངས་སུ་འདུ་བ་ལས་གཅིག་གྱུར་གྱི་ཆབ་འོག་ཏུ་མ་མཆིས་པ་ནི། ལོ་ངམ་གྱི་སྤུ་རྒྱལ་ཚང་གི་སྲིད་དབང་བརྫོགས་ནས་རྒྱལ་སྲིད་འཛིན་སྐབས། གྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་ཀོང་པོ་དང་དྭགས་ཡུལ་དུ་རྒྱལ་སྲིད་བཟུང་ཡོད་པ་ལས་གསལ་བཤད་བྱས་ཡོད་དོ། དེ་མིན། དེ་ལས་ང་ཚོའི་ཤེས་པ་ནི་སྐབས་དེར་སྤུ་རྒྱལ་ཚང་གི་ཉེ་འཁོར་གྱི་རྒྱན་ཕྲན་འགའ་ནི་རང་རང་ས་ན་སྒེར་ཚུགས་གྱི་རྒྱལ་སྲིད་བསྐྱངས་ཡོད་པའམ་ཡང་ན་ཕན་ཚན་མནའ་འབྲེལ་ལྟ་བུ་ཞིག་གི་ཚུལ་དུ་གནས་ཡོད་པ་ཤེས་སླ། དེ་བཞིན་དུ་མྱང་རོ་ཤམ་པོའི་ཡུལ་ནས་འོངས་བའི་ལོ་ངམ་རྟ་རྫི་ཡང་ཏུང་ཧོང་ཡིག་ཆ་ལྟར་ཕྱོགས་གཅིག་ནས་མྱང་རོའི་ཡུལ་གྱི་རྗེ་བོའམ་ཚོ་དཔོན་ལྟ་བུ་ཞིག་ཡིན་ལ་ཕྱོགས་གཅིག་ནས་སྤུ་རྒྱལ་ཚང་གི་མནའ་འབྲེལ་རྒྱལ་ཁབ་གྱི་ཁོངས་གཏོགས་དེ་གྲི་གུམ་བཙན་པོའི་བློན་པོ་ཡིན་པ་ར་སྤྲོད་བྱུང་བས། ལོ་རྒྱུས་ཁ་ཤས་ཀྱི་ཟེར་སྒྲོས་ལྟར་དྲི་གུམ་ཚང་གི་རྟ་རྫི་དང་། ལོ་ངམ་རྟ་རྫི་ཟེར་བ་ལས་སྤྱིར་བཏང་གི་རྟ་རྫི་ཞིག་སྟེ་འབངས་དཀྱུལ་མ་ཞིག་རེད་ཟེར་བའི་ལོ་རྒྱུས་ཀྱི་འཁྱོག་བརྗོད་ལ་ཡོ་བསྲང་བྱས་སོ།།
  
  སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
  དེ་ཡང་ཏུང་ཧོང་ཡིག་ཆ། ཆོས་འབྱུང་མཁས་དགའ་ཀུན་གྱིས་ཡོངས་གྲགས་ཀྱི་འཆད་ཚུལ། རྒྱལ་པོ་དེ་འཕྲུལ་དང་ནུས་མཐུ་ཆེ་ཞིང་། འཐབ་མོ་ལ་དགྱེས་པས་རྟག་ཏུ་ཡབ་འབངས་ཕ་ཚན་དགུ་དང་ཡུམ་འབངས་གཉེན་ཚན་གསུམ་ལ་དཔའ་རྩལ་འགྲན་ཕོད་དམ་ཟེར་བ་ལ། ཀུན་གྱིས་མི་ཕོད་ཅེས་ཟེར། ལོ་ངམ་རྟ་རྫི་ལ་དྲིས་པས་ཀྱང་མི་ཕོད་ཅེས་བཤད་མོད། བཙན་པོ་དབང་དྲག་ཆེ་བས་ལོ་ངམ་འུ་ཐུག་སྟེ་བཙན་པོ་དང་མི་འཐབ་ཐབས་མེད་བྱུང་ཡང་། ལོ་ངམ་གྱིས་གཡོ་ཐབས་ཀྱིས་བཙན་པའི་མདའ་གྲི་ཕུབ་སོགས་བསླབས་ནས་འཐབ་པས་དྲི་གུམ་བཙན་པོ་བཀྲོངས་ཤིང་། རོ་ཟངས་ཀྱི་སྒྲོམ་བུར་བཅུག་ཏེ་ཆུར་བསྐྱུར་བ་དང་། སྤུ་རྒྱལ་ཚང་གི་རྒྱལ་ས་འཕྲོད་པ་མ་ཟད། གྲི་གུམ་གྱི་བཙུན་མོ་གཡོག་ཏུ་བཀོལ་བ་དང་། སྲས་མོ་བཙུན་མོར་བླངས། རྒྱལ་སྲས་གསུམ་སོ་སོ་ཀོང་བོ་དང་སྤུ་བོ་སོགས་སུ་སྤྱུགས་པ་དང་། རྗེས་སུ་སྲས་བྱ་ཁྱི་སྤུ་བོའི་ཡུལ་གྱི་རྗེ་བོར་བཀུར་ཞིང་མཚན་ལ་སྤུ་དེ་གུང་རྒྱལ་དུ་བཏགས། དེའི་རྗེས་སུ་སྤུ་རྒྱལ་གྱི་ཉེ་ཚན་དུ་གྲུར་པ་བཀྲགས་ཀྱི་རུས་སུ་གཏོགས་པའི་རུ་ལས་སྐྱེས་དང་དཔུང་སྡེབ་ནས་ཡབ་ཀྱི་དགྲར་ཤ་བླངས་ཤིང་། ལོ་ངམ་འཁོར་དང་བཅས་པ་བསད་དེ་སླར་ཡང་སྤུ་རྒྱལ་གྱི་རྒྱལ་སྲིད་ཐོབ་པ་དང་། ཡབ་བཙན་པོའི་སྤུར་དེ་ཀླུ་འོ་དེ་རིང་མོའི་ལག་ནས་བླུས་ཏེ་གདན་དྲངས་ཤིང་བང་སོ་བརྩིགས་སོ། སྐངས་དེར་ནི་བྲན་གཡོག་ལམ་ལུགས་འཐོར་ཞིག་ཏུ་འགྲོ་བཞིན་པའི་དུས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་མྱུ་གུ་འབུས་བཞིན་པའི་སྒང་ཡིན།
  དེ་ན་ཀུན་གྱིས་ཤེས་གསལ་ལྟར་གྲི་གུམ་བཙན་པོ་ནི་ལོ་ངམ་གྱིས་བཀྲོངས་བ་དང་བཀྲོངས་ཐབས་ལ་ཡང་བཤད་ཚུལ་མང་བོ་ཡོད་སྟེ། གཙོ་ཆེ་བ་ནི་རང་གིས་རང་ང་རྒྱལ་གྱིས་མ་ནོན་པར་ཁེངས་དྲེགས་ཆེན་པོས་གཞན་གྱི་ཐབས་བཤམས་པ་ཅི་བཞིན་བསྒྲུབ་པའི་རང་གིས་ཚེ་སྲོག་ཤོར་བ་རེད་ཅེས་བོན་གཞུང་གཙོ་ཆེ་བའི་ལོ་རྒྱུས་དེབ་ཐེར་མང་པོར་ཡོངས་གྲགས་ཀྱི་བཞེད་པ་དེ་ལྟ་བུ་ཞིག་འཆད་གྱིན་འདུག
གཞན་ཞིག་ནི་པད་རག་གཙོ་བྱས་པའི་བཞེད་ཚུལ་ཏེ་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་སྐབས་སུ་སྤུ་རྒྱལ་གདུང་རབས་བརྒྱད་པ་དྲི་གུམ་བཙན་པོས་བཀྲོངས་རྐྱེན་ལ། དང་པོ་ཏུང་ཧོང་གཏེར་ཡིག་ལྟར་ན། གྲི་རིམ་བཙན་པོ་འཁྲུངས་རྗེས་མཚན་ཅི་གདགས་ཞེས་མ་མ་གྲོ་ཞལ་སྐྱི་བརླིང་མ་ལ་དྲིས་པ་ན་མ་མ་ན་རེ། སྐྱི་བྲག་དམར་ཉིལ་ལ་ལམ་མ་ཉིལ། སྤང་དན་མ་འབྲི་སྤང་མེས་ཚིག་གམ་མ་ཚིག མཚོ་དམ་ལེ་དབལ་མཚོ་སྐམས་སམ་མ་སྐམས་ཞེས་དྲིས་པར། བྲག་མ་ཉིལ། མཚོ་ཡང་མ་སྐམས། སྤང་ཡང་མེས་མ་ཚིག་ཅེས་སྨྲས་ན་ཡང་། མ་མ་གྲོ་ཞལ་མ་ལོ་རྒན་ནས་འོན་པས་ལོག་པར་གོ་སྟེ། བྲག་ཉིལ། སྤང་ཡང་ཚིག མཚོ་ཡང་སྐམ་འདུག་ཟེར་པ་ཐོས་པས། འོ་ན་ཆུར་ཤི་གྲིར་ཐེབས་པས། མཚན་ལ་གྲི་གུམ་བཙན་པོར་ཐོགས་ཞེས་ཟེར་པ་ལྟར་བཏགས་པར་གྲགས། དེ་བས་རྒྱལ་བོས་མིང་ལ་རྣམ་དོགས་སྐྱེས་ནས་གང་སར་འཐབ་པས་མཐར་ལོ་ངམ་གྱི་བཀྲོངས་བར་བཤད།
  དེ་མིན་གྱི་བཤད་ཚུལ་ལ། བོན་གཞུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ལས། གྲི་གུམ་བཙན་པོ་ཟླ་བ་ལས་ལོ་གྲངས་སུ་སྐྱེད་ཙམ་ན། ཤ་རྩ་དམར་བ། མིག་ཟླུམ་པ། ལག་མཐིལ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཅིག་བྱུང་སྟེ། མའི་རུམ་ནས་གྲི་རྟགས་ཚང་བས། སྐུ་གཤེན་ཕ་བ་འཚེ་གཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ། །ཞེས་གོང་གསལ་གཉིས་ཀྱི་བཤད་ཚུལ་མི་འདྲ་ཡང་བརྗོད་ཚུལ་དེ་འདྲ་ཚང་མ་དྲི་གུམ་བཙན་པོར་སྐུར་བ་བཏབ་པ་ཁོ་ན་སྟེ། བཤད་ཚུལ་འདི་དག་ནི་གྲི་གུམ་བཙན་པོར་འཁོན་སེམས་འཛིན་པའི་བོན་པོ་དག་གིས་གཏམ་བཅོས་མ་ཞིག་ཡིན་པ་ཚིག་འགྲོས་རང་ལས་གསལ་ལ། མ་རྟོགས་ལོག་རྟོགས་སུ་སོང་བས་བན་དེ་ལོ་རྒྱུས་པ་འགའ་དེས་རྗེས་སུ་སྙེགས་ནས། དེ་མ་དག་རྒྱུན་འབྱམས་སུ་སོང་བར་མངོན་ནོ།།
  དེ་ནི་མིང་འདོགས་ནོར་བྱས་པས་རྒྱུ་ལས་བཀྲོངས་པར་གྲགས་པ་དེ་རེད། བཤད་ཚུལ་དེ་འདྲ་ལ་བདེན་པ་བདེན་ཐུབ་ཅིག་གིས་བསྒྲུབ་བྱེད་མི་འདུག་ལ་དོན་དངོས་བོན་གྱི་ལྟ་བའི་འཐེན་ཁྱེར་གྱི་གཏམ་རྒྱུད་ཙམ་ཡིན་པ་ཆེས་སྔ་མོའི་བོན་ཆོས་ཀྱི་ལོ་རྒྱུས་དེབ་ཐེར་འགའི་རྗེས་སུ་གཡམ་རྒྱུགས་བྱས་པ་གསལ་ལོ། དེ་ན་གྲི་གུམ་བཙན་པོ་བགྲོངས་རྐྱེན་གཙོ་བོ་གང་ཡིན་ནམ། གཤམ་ནས་འཆད་པར་བྱ་སྟེ།
བོན་གྱི་མཛོད་སྒྲ་འགྲེལ་སོགས་ལས། གནམ་གྱི་ཁྲི་བདུན་རིང་དང་ཁྱད་པར་དུ་མུ་ཁྲི་བཙན་པོ་རིང་ནས་བོན་བསྟན་རྒྱ་ཆེར་སྤེལ་ཅིང་དེ་ལ་བསྟེན་དྲགས་པས། གྲི་གུམ་བཙན་པོའི་སྐབས་སུ་སླེབས་དུས་གཤེན་ངན་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར། རྒྱལ་བློན་གླུ་བྲོ་མི་རོལ་ཞེས་སྐུ་གཤེན་རྣམས་ལ་རྒྱལ་བློན་དག་ལས་ཀྱང་སྐུ་དབང་ཆེ་བའི་གནས་སུ་གྱུར་འདུག དེར་བརྟེན་བློན་པོ་ལི་བཙན་བཞེར་སོགས་ཀྱིས་བཙན་པོ་ལ་དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱིས་ལྗིད། ཟས་ཞིམ་པོ་མྱངས་དྲགས་ན་སྐྱུགས་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་རྙོག དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། དུས་ལན་གཅིག་ཙམ་ན། སྲས་དབོན་རྣམས་ཀྱི་སྐུ་རིང་རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ། བོན་ལ་ཆབ་གསོལ་གསོད་པའི་དོན་བར་བཀའ་མི་ཕེབས་པས། གཤེན་པོ་རྣམས་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ་ཞེས་པ་ལ་བཙན་པོས་བདེན་པར་དགོངས་སྟེ། གཤེན་པོ་རྣམས་ལ། སྐུ་གཤེན་རྣམས་གསོན་དང་། ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས། ལྷ་བོན་སྒོ་བཞི་དང། གེ་ཁོད་ཐིས་འཕེན། གཅོམ་གྱི་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདའ་བར་གཤེགས་ཤིག་ཅེས་བོན་ཉུང་ཙམ་ལས་བོད་དུ་མ་བཞག་པར་ལྷག་མ་རྣམས་སྤྱུགས་སོ། རྒྱུ་མཚན་དེའི་ཕྱིར་གདོད་བོན་དག་གིས་སྒྲོ་སྐུར་གྱི་མཚར་གཏམ་སྣ་ཚོགས་སྤེལ་ནས། གྲི་གུམ་བཙན་པོར་གང་ནུས་ཅི་ཐུབ་ཀྱིས་དམའ་འབེབས་ཁོ་ན་བྱས་པར་མངོན་ནོ། དེ་ལས་ང་ཚོས་སྐབས་དེའི་ལོ་རྒྱུས་ཀྱི་ཟུར་སྣེ་ཞིག་མཐོང་གིན་འདུག
ཉང་ཆོས་འབྱུང་ལྟར་ན་བཙན་པོ་འདིས་ཁ་ཆེ་དང་གཡུལ་སྤྲད་པར་གྲགས་པ་དེས་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པར་གསལ་བ་སྟེ། ཁ་ཆེ་ཡུལ་དེ་ཞང་ཞུང་གི་ནུབ་ཕྱོགས་དང་ཡར་ཀླུང་བོད་ཀ་གཡག་དྲུག་  དེ་ཞང་ཞུང་གི་ཤར་ཕྱོགས་སུ་ཡོད་པས། སྤུར་རྒྱལ་གྱིས་ཁ་ཆེ་དང་གཡུལ་སྤྲད་པར་དཔགས་ན་ཞང་ཞུང་གི་ཆ་ཤས་ཤིག་ཀྱང་དབང་དུ་བསྡུས་པར་མངོན་པ་དང་། ཁ་ཆེར་གཡུལ་སྤྲོད་དུས་ཞང་ཞུང་ཁ་ཆེ་ཕྱོགས་སུ་ལངས་པའམ་ཡང་ན་ཞང་ཞུང་གིས་འགལ་རྐྱེན་འདྲ་མིན་བཟོད་པ་གང་ཡིན་ད་དུང་མི་གསལ་མོད། དེས་གྲི་གུམ་བཙན་པོའི་ཐུགས་ལ་ཕོག་པ་དང་བློན་པོ་དག་གིས་སྙན་ཕྲ་བཅུག་པར་བརྟེན་ནས། ཞང་ཞུང་ནི་བོན་གྱི་འབྱུང་གནས་ལྟ་བུར་གྱུར་པས། ཞང་ཞུང་དངོས་ལ་གནོད་མི་ཐུབ་ཀྱང་དེའི་ཡན་ལག་ཏུ་གྱུར་པའི་བོན་བསྟན་དེ་བསྣུབས་པ་ཡིན་མིན་ལ་དཔྱད་རྒྱུ་ཡོད། བཙན་པོ་འདིས་བོན་པོ་རྣམས་བོད་རུ་བཞི་ནས་སྤྱུགས་པའི་ཚེ་གདམ་ང་ཡོད་པའི་སྒོ་ནས་སྤྱུགས་པ་དང་། དེར་མ་ཟད་ནུབ་ཀྱི་སྟག་གཟིག་དང་ཤར་གྱི་འ་ཞ་གཉིས་ནས་བོན་པོ་ཤིང་གྲོས་པ་དང་། སྲོག་ཟན་པ། དིག་སྐད་པ་བྱ་བ་གསུམ་གདན་དྲངས་ཤིང་མཆོད་གནས་བཅོལ་པར་གཞིགས་ན། བཙན་པོ་འདི་བོན་པོར་དད་པ་གཏན་ནས་མེད་པ་ཞིག་མིན་པ་གསལ། གཞན་ཡང་བཙན་པོ་འདི་སྲོལ་རྒྱུན་རྙིང་པར་དེ་ཙམ་མི་དགྱེས་པར་གྲགས་ཏེ། དབུ་འབྲེང་རྨུ་ཐག་ཀྱང་བཅད། རྨུ་སྐད་རྟེན་དགུ་ཡང་མགོ་མཇུག་སློག་ཅེས་པ་ལ་སོགས་གདོད་བོན་ལ་མཚོན་ན་ཆེས་མ་རུང་བའི་ལས་ཚབས་ཆེན་པོ་བསགས་པར་འདོད་པས་བྱ་བ་རྒྱུན་འགལ་ཅན་སྣ་ཚོགས་བྱས་པར་གྲགས། གང་ལྟར་བཙན་པོ་འདིས་སྤྱི་ཚོགས་གོང་འཕེལ་གྱི་འགྲོས་དང་མི་མཐུན་པར་རྙིང་པ་དོར་ཅིང་གསར་པ་ཞིག་སྤྱི་ཚོགས་གསར་པའི་འགྲོས་དང་མཐུན་མིན་ལ་མ་ལྟོས་པར་སྤེལ་ཀྱང་། སྟོབས་ཤུགས་རྙིང་བའི་ཚབ་བྱེད་མི་སྣ་ལོ་ངམ་རྟ་རྫི་ཞེས་པ་ཞང་ཞུང་ལ་དགའ་བ་བོན་གཞུང་གཅིག་མིན་དུ་མ་ན་ལོ་ངམ་འདི་མི་ཡག་པོ་ཞིག་ཡིན་པར་གཤད་པ་དེས་དྲྀ་གུམ་བཙན་པོ་བཀྲོངས་ཤིང་། བཙན་པོའི་བཙུན་མོ་བྲན་དུ་བཙུད་པ་དང་། སྲས་མོ་དེ་ལོ་ངམ་རང་གི་ཆུང་མ་བྱས་ལ། སྲས་གསུམ་གསད་པར་བརྩམས་ཀྱང་སྤུར་རྐོང་དུ་བྲོས་པས་ཐར་ཏོ། །
  མདོར་ན། གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་ཡབ་སྲས་གཉིས་ཀྱི་རིང་ལ་བྱུང་བའི་རྒྱལ་བོན་གྱི་འགལ་བ་དང་རྒྱལ་བློན་གྱི་འགལ་བ་གཉིས་ཀྱི་ངོ་བོ་མཐར་གཏུགས་ནས་བཤད་ན། སྤྱི་ཚོགས་གསལ་རྙིང་གཉིས་ཀྱི་འགལ་བར་མངོན་པ་སྟེ། གྲི་གུམ་བཙན་པོས་གདོད་བོན་ཞེས་པའི་བོན་རྙིང་དེས་བཙན་པོའི་རྒྱལ་སྲིད་ལ་གནོད་པ་དང་། སྐབས་དེའི་སྤྱི་ཚོགས་གོང་དུ་འཕེལ་བཞིན་པའི་དགོས་མཁོ་བྲན་གཡོག་ལམ་ལུགས་འཐོར་ཞིག་ཏུ་སོང་ཞིང་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་གསར་དུ་འཕེལ་བཞིན་པའི་དུས་དང་མི་མཐུན་ལ་མི་རྣམས་ཀྱི་བསམ་བློའི་འཆིང་རྒྱ་རུ་གྱུར་པས། གྲི་གུམ་བཙན་པོས་གདོད་བོན་བསྣུབས་པའི་མཛད་པ་དེ་ནི་སྐབས་དེར་མཚོན་ན་བསམ་བློ་ཡར་ཐོན་ཅན་གྱི་མཛད་པ་རླབས་ཆེན་ཞིག་གོ།
  ལོ་རྒྱུས་ཀྱི་དཔེ་ཆ་མང་བོར་ཁོང་གི་ཐུགས་ལ་གདོན་ཞུགས་ནས་ཆབ་སྲིད་བརླགས་པར་བཤད་པ་མང་ཡང་གདོན་དེ་ཅི་ཞིག་ཡིན་པ་སུས་ཀྱང་གསལ་བོ་ཞིག་བཤད་ཐུབ་མེད་པས། ཐུགས་ལ་གདོན་ཞུགས་ཟེར་མཁན་ཚོས་ངེས་དོན་ཅི་ཞིག་གབ་ཡོད་པ་མངོན་ལ། གབ་དོན་དེ་ཁོ་ཚོས་མཚང་ལ་ཕོག་ནས་སྦས་པ་འདྲ་སྟེ། ཐུགས་ལ་གདོན་ཞུགས་ཟེར་མཁན་མང་བོ་ནི་བོན་ཆོས་ལ་དད་པ་བྱེད་མཁན་འབའ་ཞིག་ཡིན་པས། དེ་ལྟར་ཟེར་དོན་ཡང་སྤུ་རྒྱལ་གྲི་གུམ་བཙན་པོས་བོན་ཆོས་ནུབ་པས་རྐྱེན་ལ་རགས་ལས་པ་ཧ་ཅང་གསལ་བོ་རེད།
  དེ་ན་ང་ཚོས་མ་དག་རྒྱུན་འབྱམས་སུ་སོང་བའི་ལྟ་བ་དེ་གྲི་གུམ་བཙན་པོ་ནི་ཞེ་གནག་པ་གཏུམ་དྲག་ཆེ་བ།ཁེངས་དྲེགས་ཀྱིས་བཟི་བའི་སྣང་བརྙན་དེ་བསྒྱུར་བཅོས་དང་། གྲུམ་མཐའི་འཐེན་ཁྱེར་གྱི་ལྟ་བས་སྤུ་རྒྱལ་ཚང་གི་བཙན་པོ་ཞིག་ལ་ཉེས་མེད་ཉེས་འགེལ་བྱས་པ་དེའི་གདོང་རིས་ཕུད་པར་རིགས་སོ།།
  དེ་ན་ང་ཚོས་དེ་དག་བློ་རིག་པའི་ཞིབ་བརྡར་ཙམ་བྱས་ན་བོན་གྱི་བཀའ་ཆད་ཀྱིས་རྒྱལ་པོའི་ཐུགས་ལ་གདོན་ཞུགས་ནས་འབངས་ལོ་ངམ་ལ་བཙན་གྱིས་འཐབ་ཟླ་བཅོལ་ནས་གྲོངས་པར་བཤད། འདི་ནི་ཚན་རིག་དང་མཐུན་པ་ཞིག་མ་ཡིན་ཏེ། རྒྱལ་པོ་གྲི་གུམ་བཙན་པོས་རྒྱལ་སྲིད་ཀྱི་དོན་དུ་བོན་གཤེན་རྣམས་རྒྱང་དུ་སྤྱུགས་པས། བོན་པོ་རྣམས་མ་དགའ་བར་རྒྱལ་པོར་དམའ་འབེབས་དང་ཉེས་འགེལ་བྱས་པ་དང་། བོན་ལ་ཆེར་བསྟོད་པའི་བཤད་ཕྱོགས་སམ། དོན་དངོས་ནི་འགེབ་སྲུང་བྱེད་པའི་ཐབས་ཤིག་རེད། རྒྱལ་རབས་གསལ་བའི་མེ་ལོང་དང་ཏུང་ཧོང་གཏེར་ཡིག་སོགས་སུ་ཁེངས་དྲེགས་ཆེ་བས་ལོ་ངམ་ལ་འཐབ་པས་ཀྲོངས་བར་བཤད་ཀྱང་དེ་དག་ནི་སྔོན་ཆད་བོན་རྣམས་ཀྱིས་རྒྱལ་པོར་དམད་པའི་ངག་རྒྱུན་ནམ་བོན་གཞུང་རྣམས་ཀྱི་ཟེར་སྒྲོས་འབྲངས་པ་ཡིན་པར་འདོད་དོ།།
  དངོས་དོན་གོང་གི་བཀྲོངས་རྐྱེན་དག་གཞིར་བཟུང་ནས་དཔྱད་ན། རྒྱལ་བོ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་བོད་ཀྱི་བཙན་པོ་རྣམས་ནི་བོན་ལ་དད་ཅིང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐུན་རྐྱེན་མང་བོ་བསྒྲུབས་པར་མ་ཟད། རྒྱལ་བོ་རེ་ལ་རིམ་གྲོ་སོགས་སྒྲུབ་པའི་སྐུ་སྲུང་བོན་གཤེན་རེ་མཛད་དེ་གཙིགས་སུ་བཀུར་བས། བོན་གཤེན་རྣམས་ཀྱི་གོ་གནས་རབ་ཏུ་མཐོ།
  དེ་ལྟར་བོད་ཀྱི་རྒྱལ་པོ་བརྒྱད་པ་གྲི་གུམ་བཙན་པོའི་སྐུ་ཚེ་སྨད་དུ་སླེབས་ཚེ། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས་དང་། མངའ་རིས་ནི་བོད་ཀྱི་མངའ་རིས་སུ་གྱུར་ཅིང་། བོན་གཤེན་རྣམས་ཀྱང་རྒྱལ་པོའི་སྐུ་རིམ་ཙམ་བསྒྲུབ་པ་ནས་རིམ་བཞིན་རྒྱལ་པོའི་ཆབ་སྲིད་ལ་ཐེ་གཏོགས་བྱེད་མཁན་དུ་གྱུར། གཡུང་དྲུབ་བོན་གྱི་བསྟན་པ་དེ་ཞང་ཞུང་ནས་ཐོན་པས། བོན་གཤེན་རྣམས་ཞང་ ཞུང་དང་དེའི་རྒྱལ་པོ་ལ་དགའ་བ་དང་། སྐབས་དེར་ཞང་ཞུང་ནི་ཁྱིམ་མཚེས་རྒྱལ་ཁབ་འགའི་ནང་རིག་གནས་དང་། དཔལ་འབྱོར། ཆབ་སྲིད་གང་གི་ཆ་ནས་ཀྱང་དར་ཞིང་རྒྱས་པས། རྒྱལ་པོ་གྲི་གུམ་བཙན་པོས་རང་གི་རྒྱལ་སྲིད་བོན་གཤེན་རྣམས་དང་ཞང་ཞུང་རྒྱལ་པོའི་ལག་ཏུ་ཤོར་བར་དོགས་ནས། ཐོག་མར་བོན་གཤེན་རྣམས་ལ་ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མངའ་རིས་འདི་རུ་མི་ཤོང་བས། ལྷ་བོན་སྒོ་བཞི་དང་། གེ་ཁོག་ཐིས་འཕེན་དང་། གཙོ་གྱིམ་ལན་ཚ་རྣམས་བདག་གི་སྒོ་སྲུང་དུ་བཞག་བཙལ། ཕྱི་མ་རྣམས་བོད་དུ་བཞི་ལས་འདས་པར་གཤེགས་ཤིག་ཅེས་གསུངས་པ་དང་། རྒྱལ་པོ་གྲི་གུམ་བཙན་པོས་དེ་ལྟར་ ཐོག་མར་རང་ལ་འགྲན་གཟོད་ཅིང་རྒྱལ་སྲིད་ལ་ཐེ་གཏོགས་བྱེད་པའི་བོན་གཤེན་རྣམས་ རྒྱང་དུ་སྤྱུགས་པ་དང་། དེ་ལྟར་སྲིད་འགྱུར་བསླངས་པས་སྐུ་གཤེན་གཙོ་བས་བོན་བློན་རྣམས་མ་རིངས་པར་སྤུར་རྒྱལ་ཚང་ལ་ངོ་ལོག་ནས་ཁ་གཏད་དུ་ལངས། བོན་བློན་གྱི་གཙོ་བོའམ་ཚབ་མཚོན་མི་སྣ་ལོ་ངམ་གྱི་གོ་སྐབས་དེ་བེད་སྤྱད་ནས་རྒྱལ་བོར་འཐབ་ནས་བཀྲོངས་པ་རེད།
  ཡོངས་རྩེའི་འགྲེལ་པ་ལས། ལོ་ངམ་ནུབ་མོ་ཤིན་ཏུ་སྡུག་ཅིང་ཡོད་པའི་སྔས་སུ། བོན་གྱི་བཀའ་སྲུང་ཀླུ་སྲས་སྐྱེས་ཅིག་འོང་ནས་ལུང་བསྟན་ཏེ། ལོ་ངམ་འཇིགས་སྐྲག་མི་དགོས་རྒྱལ་པོ་ལ་ཞུ་བ་འདི་ལྟར་ཐོངས་ཞེས་གསུངས་པར་ཞིབ་ཏུ་བརྟགས་ན་ལོ་ངམ་རྟ་རྫི་དེ་བོན་ལ་དད་ཅིང་། བོན་གཤེན་རྣམས་དང་འབྲེལ་བ་དམ་པོ་ཡོད་པ། དེ་རྒྱལ་པོ་གྲི་གུམ་ལས་རྒྱལ་བ་ཡང་ཁོ་གཅིག་པུའི་བློ་གྲོས་དང་དཔའ་རྩལ་ལ་བརྟེན་པ་མིན་པར། བོན་གཤེན་རྣམས་ཀྱིས་བསམ་བློའི་ཐད་ངར་ཤུགས་བསྣན་ཞིང་འཁྲུག་ཚུལ་ཐད་འཐབ་ཇུས་བཏོན་པ་ངང་ངམ་ཤུགས་ལས་མཚོན་འདུག
དེས་ན་གྲི་གུམ་དང་ལོ་ངམ་རྟ་རྫི་གཉིས་བར་གྱི་འཐབ་རྩོད་ཀྱི་ངོ་བོ་ནི་སྐབས་དེའི་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་འཕྲོག་རེས་བྱེད་ཅིང་། རང་རང་གི་དབང་སྒྱུར་གོ་གནས་དང་སྲིད་དབང་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཅིག་ཡིན་པས། ཁོ་གཉིས་འཁྲུག་པའི་རྒྱུ་རྐྱེན་ཡང་དེ་རེད་ལ། བཀྲོངས་རྐྱེན་ཡང་དེ་རེད་དོ།།

ལུང་འདྲེན་དང་ཟུར་ལྟའི་དཔྱད་གཞི།

༡«ཆོས་འབྱུང་མཁས་བའི་དགའ་སྟོན།» དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།
༢«ཏུང་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ།» བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱི་ཕྱོགས་སྒྲིག་བྱས
༣«དུང་དཀར་ཚིག་མཛོད་ཆེན་མོ།» དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།
༤«ཞང་བོད་ལོ་རྒྱུས་ཏི་སེའི་འོད།» ནམས་མཁའ་ནོར་བུས་བརྩམས།
༥«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།» ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བརྩམས།
༦«བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ།» བན་ཤུལ་དཔལ་མཁར་རྒྱལ་གྱིས་བརྩམས།
༧«ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།» ཆབ་འགག་རྟ་མགྲིན་གྱིས་བརྩམས།
༨«བོན་གཞུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།» སྤ་བསྟན་རྒྱལ་བཟང་བོས་བརྩམས།
༩«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨརགའི་ལྡེ་མིག» ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།
༡༠«མྱང་རོང་ཆོས་འབྱུང་།» མྱང་ཉི་མ་འོད་ཟེར་གྱིས་བརྩམས།
༡༡ དུས་དེབ་ཁ་ཤས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲི་གུམ་བཙན་པོ་བཀྲོངས་རྐྱེན་ལ་ཅུང་ཙམ་དཔྱད་པ།

2015-09-12 བསོད་མགོན།༼ ཁྱུང་མཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།