ལས་ཚིག་དང་འབྲེལ་བའི་མིང་རྐྱང་གྲུབ་ཚུལ་ལ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-01-13

  བདག་གཞན་མ་རྟོགས་བརྡ་སྤྲོད་དེ། །
     སུམ་རྟགས་རྩ་བའི་གཞུང་དང་འགལ། །
     དུས་གསུམ་ཁོ་ན་བསམ་པ་ཡིས། །
     ལས་ཚིག་འཇུག་པས་བོད་སྐད་འཁྲུགས། །
     བྱ་བྱེད་ཐ་མི་དད་པ་རྣམས། །
     དུས་གསུམ་ཁོ་ནའི་དོན་ལ་འཇུག །
     ཐ་དད་བདག་གཞན་ཤེད་མཚུངས་ཅན། །
     དངོས་པོ་བདག་གཞན་ཆེད་དུའང་འཇུག །

  ལས་ཚིག་གི་བསྟན་བྱ་ཡིན་ན་དུས་གསུམ་ཁོ་ན་ཡིན་པས་མ་ཁྱབ་སྟེ། བྱ་བྱེད་ཐ་དད་པའི་ལས་ཚིག་རྣམས་ཀྱིས་དངོས་པོ་བདག་གཞན་གྱི་དབྱེ་བ་ཡང་བསྟན་ཡོད་པའི་ཕྱིར། ལས་ཚིག་ལ་དུས་གསུམ་གྱི་དབྱེ་བ་ཕྱེ་ཆོག་པས་ཁྱབ་ཀྱང་། བདག་གཞན་གྱི་དབྱེ་བ་ཡོད་པས་མ་ཁྱབ་སྟེ། བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་ལ་བདག་གཞན་གྱི་དབྱེ་བ་མེད་པའི་ཕྱིར། བྱ་བྱེད་ཐ་དད་པའི་ལས་ཚིག་རྣམས་ཀྱི་བྱེད་ལས། རྩ་བ་ལས།

   ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
      ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
      མ་ནིང་གཉིས་ཀ་ད་ལྟར་ཆེད། །
      མོ་ནི་བདག་ད་མ་འོངས་ཕྱིར། །
      ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །

  སྔོན་འཇུག་ཕོ་བ་ཡིག་གི་དགོས་པ། ① དུས་གསུམ་ལས་བྱ་བྱེད་ཐ་དད་པའི་བྱ་ཚིག་བྱ་བ་བྱས་ཟིན་པ་འདས་པ་བསྒྲུབ་པའི་ཕྱིར་དང༌། ② དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་ཚིག་གི་ཁ་གཏད་དུ་ཡོད་པའི་བྱ་ཡུལ་དང་འབྲེལ་བའི་བྱ་ཚིག་ལ་འཇུག་པ་ཡིན། སྔོན་འཇུག་མ་ནིང་ག་ད་གཉིས་ནི། ① དངོས་པོ་བདག་གཞན་གཉིས་ཀ་ལ་འཇུག་པ་དང༌། ② དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཆེད་འཇུག་པ་དང༌། སྔོན་འཇུག་གི་མོ་འ་ཡིག་ནི། ① དངོས་པོ་བདག་དང༌། ② དུས་ད་ལྟ་བ་དང་མ་འོངས་པ་གཉིས་སྟོན་པའི་ཆེད་དུ་འཇུག་པ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། ① སྔར་བཤད་པའི་བདག་གཞན་དང༌། ② དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ་མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ་ཞེས་སོ། །

  རྩ་བའི་གནད་འདི་མ་ཤེས་པའི་རྐྱེན་གྱིས་དེང་དུས་ལས་ཚིག་གི་འཇུག་པ་ཐམས་ཅད་དུས་གསུམ་ཁོ་ན་ལས་དངོས་པོ་བདག་གཞན་གྱི་འཇུག་སྒོ་ཡོད་པ་བློ་ཡུལ་དུ་མ་ཤར་པའི་རྐྱེན་གྱིས་ཡིག་ནོར་ཆར་རྒྱུན་ལྟར་འབབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་པ་རེད།

  སྤྱི་ལོའི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་ཀྱི་རིག་གནས་མཐའ་དག་བསྐྱར་གསོ་བྱེད་པའི་གོ་སྐབས་གསར་པ་ཞིག་བྱུང་པ་རེད། སྐབས་དེར་སྔོན་གྱི་མཁས་དབང་མང་པོ་ཞིག་བཞུགས་ཡོད་སྟབས་བོད་ཀྱི་སུམ་རྟགས་དག་གསུམ་གྱི་བསྟན་པ་ཉི་མ་བཞིན་ཤར་ཡོད། དུས་རབས་ཉེར་གཅིག་པའི་ནང་སླེབས་པ་དང་སྔོན་གྱི་མཁས་པ་རྣམས་ནི་སྐུ་གཤེགས། ད་ལྟའི་མཁས་པ་གསར་པ་རྣམས་ནི་གནའ་ལུགས་དང་དེང་དུས་གཉིས་ཀར་ཕུགས་ཆོད་པ་ཞིག་མི་ཤེས་པའི་ཐོག་ཏུ་རྟགས་འཇུག་སྐབས་ཀྱི་བྱ་བྱེད་ལས་གསུམ་དང་། བདག་གཞན་དུས་གསུམ་གྱི་རྣམ་གཞག་གསལ་པོར་མི་ཤེས་པར་ཆགས། ལྷག་པར་དུ་ལས་ཚིག་བེད་སྤྱོད་སྐབས་སུ་དུས་གསུམ་ཁོ་ན་ལ་བསམ་བློ་འཁོར་བ་ཙམ་ལས། དངོས་པོ་བདག་གཞན་གྱི་འཇུག་སྒོ་ཡོད་པ་རྩ་བ་ནས་བརྗེད་ཟིན་པར་སྣང་། དེས་ན་ལས་ཚིག་གིས་གྲུབ་པའི་མིང་རྐྱང་སྐབས་སུ་བརྡ་སྤྲོད་ཀྱི་སྤྱི་འགྲོས་མི་ཤེས་པས་སྒྲུབ་པ་པོ་དང་། རྩོམ་སྒྲིག་པ་སོགས་མིང་རྐྱང་འགའ་ཞིག་རྒྱུ་མཚན་དུ་བཟུང་ནས། ལས་ཚིག་ལས་གྲུབ་པའི་མིང་རྐྱང་ཡིན་ན་ཐམས་ཅད་དུས་ད་ལྟ་བའི་ལས་ཚིག་དགོས་པའི་འཁྲུལ་རྟོགས་ཤིག་འཆར་ཏེ། སྔོན་གྱི་མཁས་པ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་འགྲོས་ལྟར་གཏན་འབེབས་བྱས་ཟིན་པའི་“རྒྱང་བསྒྲགས་”ཞེས་པའི་མིང་དེ་བབ་ཅོལ་དུ་“རྒྱང་སྒྲོག་”ཅེས་བསྒྱུར་ཅིང་སྣ་བཅད་ནས་རྣ་བའི་རྒྱན་དུ་འདོགས་པའི་དཔེ་འདི་བྱུང་བ་རེད། །

  དུས་འདས་པའི་ལས་ཚིག་གིས་གྲུབ་པའི་མིང་རྐྱང་།

  དེ་ཡང་ཡིག་ཚང་རྙིང་པ་རྣམས་ལས། དངོས་པོ་བདག་གཞན་གང་དང་འབྲེལ་བ་ཧ་ཅང་ཁ་གསལ་མ་ཡིན་པའི་མིང་རྐྱང་རྣམས་སྤྱི་བཏང་དུས་འདས་པ་ལ་འཇུག་པའི་ལས་ཚིག་དེ་བེད་སྤྱོད་བྱེད་སྲོལ་ཡོད་འདུག །དཔེར་ན། དྲིལ་བསྒྲགས། ཕྱོགས་བསྒྲིགས། གྲལ་བསྒྲིགས། གཏོར་བཤིགས། བསྒོམ་བཟླས། བཟློག་པ། བྱད་བཟློག །ཐན་བཟློག དགྲ་བཟློག དགྲ་མནན། །གསར་བསྐྲུན་ལ་སོགས་པ་རྣམས་ནི་དུས་འདས་པ་དང་འབྲེལ་བའི་ལས་ཚིག་གིས་གྲུབ་པ་ཡིན་འདུག །དུས་འདས་པ་དང་འབྲེལ་བའི་ལས་ཚིག་རྣམས་ནི་དངོས་པོ་བདག་གཞན་གཉིས་ཀ་དང་འབྲེལ་ནས་བྱས་ཟིན་པའི་ལས་ཚིག་ཡིན་སྟབས་སྐབས་ཐོབ་ཀྱི་མིང་རྐྱང་དེ་དངོས་པོ་བདག་གཞན་གང་དང་འབྲེལ་བ་གཙོ་བོ་ཡིན་མིན་གསལ་པོར་མི་དགོས་པའི་རིགས་ཤིག་ཡིན། དེ་དང་འབྲེལ་བའི་དེང་དུས་ཀྱི་མིང་ཚིག་གསར་པ་ལ། རྒྱང་བསྒྲགས། རྩོམ་བསྒྲིགས་སོགས་བྱུང་པ་རེད།

  དམིགས་གསལ་དུ་སྔོན་རྗེས་མིང་གསུམ་པོ་ཐམས་ཅད་ཕོ་ཡིག་སྒྲ་གདངས་དྲག་པོ་ཅན་ཤ་སྟག་འཕྲད་པའི་སྐབས་སུ། མིང་མཐའ་འདྲེན་སྐབས་བརྗོད་བདེའི་དབང་གིས་སྔོན་འཇུག་བ་ཡིག་དབྱི་ཞིང་མིང་རྐྱང་བསྒྲུབས་ཡོད་པའང་ཡོད་འདུག །དཔེར་ན། སྐྱབས་གནས། སྐྱབས་མགོན། སྐྱབས་རྗེ། སྐྱབས་སུ་མཆི། གཡང་སྐྱབས། སྐྱབས་འགྲོ་ལ་སོགས་པ་ལྟ་བུ་རྣམས་འདས་ཚིག་གི་སྔོན་འཇུག་ཕྱིས་ནས་བསྒྲུབ་པའི་མིང་རྐྱང་ཡིན། །

  གནའ་བོའི་དུས་སྔོན་རྗེས་མིང་གསུམ་ཐམས་ཅད་ཀྱི་སྒྲ་ཟུར་ཐོན་པ་ཀློག་ཅིང་ཡོད་སྟབས་ཡི་གེ་སོ་སོའི་ཕོ་མོ་མ་ནིང་སོགས་ཀྱི་སྒྲ་གདང་དྲག་ཞན་གྱིས་ཡིག་གཟུགས་ལའང་གོང་གསལ་ལྟར་འགྱུར་ཞིང་ཡོད་པའི་སྐོར། སི་ཏུའི་འགྲེལ་ཆེན་ལས།

  “གཞན་ཡང་རྒྱ་གར་ཞེས་པ་རྒྱ་ལས་ལོགས་སུ་གར་བའི་དོན་ཡིན་ཞེས་འཆད་ཅིང༌། རྒྱ་དཀར་པོའི་དོན་དུ་འདོད་པ་རྣམས་ལ་གཏི་ཐུག་ལུང་མེད་དུ་རྩི་བར་མཛད་ཀྱང༌། ལེགས་པར་བརྟགས་ན་ཅིར་འགྱུར་མི་ཤེས་ཏེ། རྒྱ་ནག་པོ་ཞེས་པ་ཡུལ་དེའི་མི་རྣམས་ཞྭ་གོས་སོགས་ནག་པོ་ཤས་ཆེ་བ་ལས་གྲགས་ཤིང༌། གཅིག་ཤོས་དེ་ལས་བཟློག་པའི་ཕྱིར། རྒྱ་ནག་གི་ཟླས་དྲངས་པའི་རྒྱ་དཀར་པོ་ཞེས་བོད་དུ་གྲགས་པར་ཟད་མོད། འོན་ཀྱང་མིང་མཐའ་འདྲེན་ཚུལ་གྱིས་སྔོན་འཇུག་མ་ནིང་ད་ཡིག་ཕྱིས། མིང་གཞིའི་རང་སྡེའི་མོ་ཡིག་ཏུ་བསྒྱུར་བས་རྒྱ་གར་ཞེས་གྲུབ་པར་འཁུམས་པས་སོ། དེ་བཞིན་དུ་ཀླད་ཀོར་དང༌། སྟོད་ཀོར་དང༌། པད་ཀོར་སོགས་ཀྱང་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་ས་མགོ་མོ་ཡིག་ཡིན་པས་ཕྱིས་པ་སྟེ། སྐོར་བའི་སྐད་དོད་ཡོད་མེད་རྩད་གཅོད་མི་དགོས་ཤིང༌། ཐོ་སྐོར། ཉེ་སྐོར་སོགས་ལ་ས་མགོ་ངེས་པར་སྦྱར་དགོས་པ་ལྟ་བུའང་གོ་བར་བྱའོ། །”

  ཞེས་པ་སྐབས་འགར་སྔོན་རྗེས་ཡི་གེའི་དབང་གིས་མགོ་འདོགས་མེད་པར་གྱུར་པ་དང་། སྒྲ་གདང་དྲག་ཞན་གྱི་དབང་གིས་སྡེ་པ་གཅིག་པའི་ཡི་གེ་རྣམས་ཀྱི་མིང་གཞི་ཡང་ཕན་ཚུན་འགྱུར་བ་ཡོད་པའི་གནད་རྣམས་ཤེས་པར་བྱ་བར་གལ་ཆེ། །

  དེ་བཞིན་མི་ཉག་བུ་ཕྲུག་གིས། 《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》ལས། “སྤྱིར་ཕྲད་ལ་འདྲ་མིན་སྣ་ཚོགས་ཞིག་ཡོད་ཀྱང༌། སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་ལ་མཚོན་ན། ཁྱད་ཆོས་བཞི་ལྡན་ཞིག་སྟེ། ① སྐབས་དང་བསྟུན་ནས་གསར་དུ་སྦྱར་བ། ②རང་ངོས་ནས་དོན་ཅི་ཡང་མི་སྟོན་པ། ③ དོན་སྟོན་པའི་ཐ་སྙད་དང་སྒྲ་གདངས་མི་འདྲ་བ། ④ ཕྲད་དེ་སྦྱར་བས་དོན་གྱི་ཁྱད་པར་གསར་པ་ཞིག་འདོན་ཐུབ་པ་སྟེ་བཞིའོ། དེ་ལས་ཁྱད་ཆོས་བཞི་པའི་དོན་ནི། དཔེར་ན། སླའོ། ཞེས་པའི་འོ་སྒྲ་ནི་བཏོན་པའི་སྒྲ་གདངས་ཡང་ཞིང་དམའ་ལ། དོན་སླ་བསྡུའི་ཐ་སྙད་ཙམ་མཚོན། འོ་མ། ཞེས་པའི་‘འོ་’ནི་ཕྲད་མིན་པས་བཏོན་པའི་སྒྲ་གདངས་ལྕི་ཞིང་མཐོ་ལ། འོ་མའི་མིང་གི་ཐ་སྙད་མཚོན་པས་དོན་མི་འདྲ། དེས་མཚོན་ཕྲད་དང་མིང་གཉིས་ཀར་སྦྱར་ཆོག་པ་གཞན་རྣམས་ཀྱང་རིགས་འགྲེའོ། །”

  ཞེས་གསུངས་པ་སོགས་སུམ་རྟགས་གཉིས་ཀྱི་དམིགས་བསལ་གྱི་དཀའ་གནད་ཐམས་ཅད་ཤེས་པར་བྱས་པའི་རྗེས་སུ་ད་གཟོད་ཡིག་ཆ་ལ་དག་བཅོས་གནང་ན་ལེགས་པར་མཐོང་། །

  དངོས་པོ་བདག་དང་འབྲེལ་བ་གཙོ་བོར་སྟོན་པའི་མིང་རྐྱང་།

  དངོས་པོ་བདག་དང་འབྲེལ་བ་གཙོ་བོར་སྟོན་པའི་མིང་རྐྱང་ཡིན་ན་བྱེད་ཚིག་གིས་གྲུབ་པ་ཡིན་ཏེ། དཔེར་ན། འཇིགས་པ་བརྒྱད་སྐྱོབ། སྤྱོད་འཇུག་དང་། སྒོ་སྲུང་། གཅོད་པ། ཚེ་སྒྲུབ། བློ་སྦྱོང་། །སྒྲུབ་ཁང་། སྒྲུབ་སྡེ་ལ་སོགས་པ་རྣམས་ཀྱི་དོན་ནི། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་མཁན། སྒོ་སྲུང་མཁན། གཅོད་འདོན་མཁན་སོགས་གང་ཟག་ལ་གོ་དགོས་པ་དང་། ཚེ་རིང་བ་སྒྲུབ་བྱེད་ཀྱི་ཆོ་ག་དང་། བློ་སྤྱོང་བྱེད་ཀྱི་ཐབས་ལ་སོགས་དངོས་པོ་བདག་དང་འབྲེལ་བའི་ལས་གཙོ་བོར་བསྟན་པ་ཅན་ཡིན་ནོ། སྒྲུབ་ཁང་དང་། སྒྲུབ་སྡེ། ཞེས་པ་བ་ཡིག་སྔོན་འཇུག་མི་ཐོབ་པའི་རྒྱུ་མཚན་སྒྲུབ་པ་པོ་ལ་དབང་བའི་ཁང་པ་དང་། སྒྲུབ་པ་པོའི་འདུས་སྡེ་ཡིན་པའི་ཆ་ནས་དངོས་པོ་བདག་སྟོན་གྱི་བྱེད་ཚིག་གི་འཇུག་སྒོ་གཙོ་བོ་ཡིན་པ་ལས་དུས་གཙོ་བོ་མ་ཡིན་པ་ཤེས་པར་གྱིས་ཤིག། ཕྱོགས་གཞན་ཞིག་ནས་བཤད་ན། སྒྲུབ་ཁང་ཞེས་པ་ཁང་པ་དེ་བསྒྲུབ་བྱ་མིན་པ་སུས་ཀྱང་ཤེས་སླ། དེང་དུས་ལྟར་ན་བཀག་འགོག་དང་། འཛུགས་སྐྲུན། རྩོམ་སྒྲིག་པ། ཡིག་སྒྱུར་མཁན། རྩོམ་པ་པོ་སོགས་དངོས་པོ་བདག་དང་འབྲེལ་བ་གཙོ་བོར་སྟོན་པའི་བྱེད་ཚིག་གིས་གྲུབ་པའི་མིང་རྐྱང་ཡིན་དགོས།

  དངོས་པོ་གཞན་དང་འབྲེལ་བ་གཙོ་བོར་སྟོན་པའི་མིང་རྐྱང་།

  གདུལ་བྱ། བཏུང་བ། བཞོ་ཟོ། ལྷུང་བཟེད། སྒྲ་བསྒྱུར་གླིང་ལ་སོགས་པ་འགའ་ཞིག་ཡོད་པ་རྣམས་ནི་གཙོ་བོ་དངོས་པོ་གཞན་བསྒྲུབ་བྱའི་དོན་དང་འབྲེལ་ནས་གྲུབ་པའི་མིང་རྐྱང་ཡིན། གཞན་ཡང་། བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ཞེས་པ་དང་པོ་བཟློག་བྱ་དང་། བསྒྱུར་བྱ་དངོས་པོ་གཞན་དང་འབྲེལ་བའི་བྱ་ཚིག་དང་། རྗེས་མ་ནི་ཟློག་བྱེད་དང་། སྒྱུར་བྱེད་རྣམས་ནི་དངོས་པོ་བདག་དང་འབྲེལ་བའི་བྱེད་ཚིག་གི་ནུས་པ་ཡིན་པར་ཤེས་དགོས། །དེ་བཞིན་དེང་དུས་བསྒྱུར་བཅོས། ཀློག་བརྙན། ལ་སོགས་པའི་མིང་གསར་འགའ་ཞིག་ཡོད་པ་རྣམས་ནི་འདིའི་ཁོངས་སུ་འདུས་སོ། །

  དེས་ན་སྐད་སྒྱུར་དང་། ཡིག་སྒྱུར་(翻译)ཞེས་པ་བྱེད་པོ་གཙོ་སྟོན་གྱི་མིང་ཡིན་པའི་ཆ་ནས་སྔོན་འཇུག་མི་ཐོབ་ལ། དེ་བཞིན་དུ་བྱེད་ཐབས་དང་། སྒྲུབ་ཐབས། སྒྲུབ་ཚུལ། སྒྱུར་ཐབས་སོགས་ལས་ཀའི་བྱེད་ཐབས་དང་བྱེད་ཚུལ་རྣམས་ནི་དངོས་པོ་བདག་དང་འབྲེལ་བའི་ལས་ཡིན་པས་ན་བྱེད་ཚིག་དང་འབྲེལ་བའི་ལས་ཚིག་སྦྱར་ཡོད་པ་ནི་སྔོན་གྱི་དཔེ་རྙིང་དག་ལས་གསལ་བ་ལྟར་རོ། །བསྒྱུར་ཡིག་དང་། བསྒྱུར་རྩོམ་ཞེས་པ་དངོས་པོ་གཞན་བརྗོད་ཀྱི་སྒྲ་ཡིན་པས་ན་ངེས་པར་སྔོན་འཇུག་ཡོད་དགོས། དེང་དུས་ཡོངས་གྲགས་སུ་བསྒྱུར་རྩོམ་ཞེས་བྲིས་པ་འདིའང་བསྒྱུར་ཞེས་པ་གཞན་བྱ་བའི་ཡུལ་བསྒྲུབ་པའི་ཆེད་དུ་འཇུག་པ་ཡིན་སྟབས་བསྒྱུར་རྩོམ་ཞེས་བྲིས་ན་འགལ་བ་མེད་པ་མ་ཟད། མིང་རྐྱང་གི་རྩོམ་རིག་དང་། རྩོམ་ཡིག་ལྟ་བུ་རྣམས་ནི་བརྡ་སྤྲོད་ལ་སོགས་སྔོན་གྱི་ཡིག་རྙིང་རྣམས་སུ་“ཡི་གེ་ནི་མིང་གི་རྩོམ་གཞི”། ཞེས་དང་། “བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་” ཅེས་དང་། “རྩོམ་པ་དམ་བཅའ་བ་” ལ་སོགས་པ་དངོས་པོ་བདག་སྟོན་གྱི་བྱེད་ཚིག་ཁོ་ན་འབྲི་སྲོལ་བྱུང་འདུག་པ་དེ་དག་སྦྱོར་ཚུལ་གྱི་སྡེ་ཚན་གཅིག་ཏུ་འཇོག་ན་འཐུས་པར་སེམས། དེས་ན་བྱ་ཡུལ་གྱི་དངོས་པོ་མཚོན་པའི་མིང་རྐྱང་ཡིན་ན་བྱ་ཚིག་ཁོ་ན་ལས་གྲུབ་པས་ཀྱང་མ་ཁྱབ་སྟེ། བྱེད་ཚིག་གིས་གྲུབ་པའི་ཡུལ་གྱི་དངོས་པོའི་མིང་རྐྱང་རྩོམ་རིག་དང་། རྩོམ་གཞི། སློབ་དེབ་ལ་སོགས་པ་ཡོད་པའི་ཕྱིར་རོ། །སྔོན་གྱི་ཡིག་རྙིང་རྣམས་ལ་བལྟས་ན་བརྩམས་དང་། བརྩམ་གཉིས་ནི་དུས་གསུམ་སྟོན་པའི་སྐབས་མ་གཏོགས་མིང་རྐྱང་སྐབས་སུ་བྲིས་པ་ཕལ་ཆེར་མི་སྣང་། །

  མདོར་བསྡུས་ན། བྱ་བྱེད་ཐ་དད་པའི་ལས་ཚིག་གིས་གྲུབ་པའི་མིང་རྐྱང་ནི་ཧ་ཅང་ཉུང་། ཡོད་པ་ཕལ་ཆེར་དུས་འདས་པའི་ལས་ཚིག་དང་། དངོས་པོ་བདག་སྟོན་པའི་བྱེད་ཚིག་གཉིས་ཀྱིས་གྲུབ་པ་མང་ལ། དངོས་པོ་གཞན་སྟོན་གྱི་བྱ་ཚིག་མ་འོངས་པས་གྲུབ་པ་ནི་ཤིན་ཏུ་ཉུང་ངོ་། །བྱ་བྱེད་ཐ་མི་དད་པའི་ལས་ཚིག་གིས་གྲུབ་པའི་མིང་རྐྱང་རྣམས་ནི་གོང་གསལ་གྱི་རྙོག་དྲ་དེ་དག་རྩ་བ་མེད་པ་ཞིག་རེད། །

  སུམ་རྟགས་ཤེས་པར་རློམ་པས་ཕྲད་འཇུག་ཚུལ་ནོར་བ།

  སུམ་ཅུ་པའི་གཞུང་དུ་ཕྲད་གཞན་དབང་ཅན་རྣམས་རྗེས་འཇུག་སོ་སོའི་རྗེས་སུ་ཇི་ལྟར་འཇུག་པ་གསལ་པོར་བསྟན་ཡོད་པ་རེད། འོན་ཀྱང་དམིགས་བསལ་དུ་ད་དྲག་ཅན་གྱི་རྗེས་སུ། ཀྱང་དང་། ཏུ། ཏེ་རྣམས་ཐོབ་པ་སྔོན་གྱི་བཀའ་བསྟན་རྣམས་དང་། བོད་ཡུལ་དབུས་པའི་རང་སྐད་དུའང་དེ་ལྟར་བརྗོད་སྲོལ་ཡོད་པ་ལྟར་སི་ཏུའི་འགྲེལ་ཆེན་ཏུ་གསལ་བཤད་གནང་ཡོད་པ་རེད། དེང་དུས་མཁས་པ་ཚོས་ད་དྲག་ཐོབ་པའི་ཡུལ་དང་གནས་མི་ཤེས་པས་རང་ཉིད་ཀྱིས་ཕྲད་སྦྱོར་ཚུལ་ནོར་བ་ལྟ་ཅི། སྔོན་གྱི་ཡིག་རྙིང་དག་པ་རྣམས་ཀྱང་མ་དག་པར་བཅོས་པའི་སྣང་ཚུལ་ཇེ་མང་འགྲོ་བཞིན་ཡོད་འདུག །ད་དྲག་ནི་ན་ར་ལ་གསུམ་གྱིས་རྗེས་སུ་འཇུག་ཅིང་། དེའང་དུས་འདས་པ་སྟོན་པའི་ལས་ཚིག་དང་། ཡོད་མེད། ཡིན་མིན་ལ་སོགས་དགག་སྒྲུབ་ཀྱི་ཕྲད་རྐྱང་དང་། འོན་ལྟ་བུ་ཕྱི་ཚིག་མི་མཐུན་པ་སྟོན་པའི་རིགས་དང་། ཤིན། ཀུན་ལ་སོགས་ཚད་གཞི་སྟོན་བྱེད་ཀྱི་ཕྲད་རྣམས་ལ་འཇུག་ཅིང་ཡོད་པ་རེད།

  དཔེར་ན། 《ཤེས་བྱ་ཀུན་ཁྱབ།》ལས། 【གྱུར་ཀྱང་】 “རྒྱལ་བ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་ཀྱང་ད་དུང་རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་”ཞེས་དང་། 【ཡིན་ཀྱང་】 “དུད་འགྲོ་རྣམས་ནི་སྡིག་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡིན་ཀྱང་ཚེ་སོགས་མ་ངེས་ཏེ་” ཞེས་དང་། 【མ་མཐུན་ཀྱང་】 “མངོན་པ་འོག་མ་དང་མ་མཐུན་ཀྱང་སྐྱོན་དུ་བཟུང་བར་མི་བྱའོ།” ཞེས་དང་། 【མིན་ཀྱང་】“གཟུགས་ཅན་མིན་ཀྱང་ཡིད་གཟུགས་ལ་མགྲིན་པ་སོགས་ཐ་སྙད་སྦྱར་བ་སྟེ་” ཞེས་དང་། 【ཟིན་ཀྱང་】“ལས་ཀྱི་རླུང་གཉིས་པོ་འདི་ཡང་རང་ཉིད་ནམ་མཁའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་དབང་ཤེས་ཀྱི་སྤྱོད་ཡུལ་མིན་པ་” ཞེས་པ་ལ་སོགས་པ་འདི་དག་ནི་དཔེར་མཚོན་ཙམ་དུ་《ཤེས་བྱ་ཀུན་ཁྱབ་》 ལས་དྲངས་པ་ཡིན།

  འོན་ཀྱང་དེང་དུས་མཁས་རློམ་པ་ཁ་ཅིག་གིས་འདི་དག་ལ་【ཡང་】ཁོ་ན་བཅོས་བཞིན་ཡོད་པ་དཔེར་ན། ལོ་ཤས་སྔོན་དུ་ཁོ་བོ་ལྷ་སར་ཕྱིན་པས་ལས་ཁུང་ཞིག་གི་རྒྱ་རའི་ནང་གི་རྩྭ་ཐང་ཐོག་ཏུ་ས་སྐྱའི་ལེགས་བཤད་བྲིས་པའི་ཤིང་བྱང་ཁ་ཤས་ཞིག་འཛུགས་འདུག །ཁོ་བོས་ཞིབ་ཏུ་བལྟས་པས་《ལེགས་བཤད་》 ལ་བཅོས་ནོར་བྱས་ཡོད་པ་མཐོང་བྱུང་།

  ཆེན་པོ་རེ་ཞིག་རྒུད་གྱུར་ཀྱང་། །【ཡང་】
     དེ་ལ་གདུང་བ་བསྐྱེད་མི་དགོས། །
     ཟླ་བ་རེ་ཞིག་གཟས་ཟིན་ཀྱང་། །【ཡང་】
     དེ་མ་ཐག་ཏུ་གྲོལ་བར་འགྱུར། །

  ཞེས་པ་དེའི་མ་ཡིག་ནང་གི་“ཀྱང་” ཐམས་ཅད་“ཡང་” ལ་བཅོས་ནས་བྲིས་འདུག །དེ་བཞིན་དུ་ན་ལོའི་ཟླ་བ་དགུ་པའི་ནང་ཙམ་ན་འཕྲིན་ཕྲན་ཐོག་ཏུ་མི་ཞིག་གིས་ང་ལ། “ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ་ནང་དུ་ཡང་ ཐོབ་ས་མང་པོ་ཞིག་ལ་ཀྱང་ བྲིས་འདུག །འདི་ཡིག་ནོར་རེད་དམ་གནའ་བོའི་འབྲི་སྲོལ་ཞིག་རེད།” ཅེས་དྲིས་བྱུང་། དེ་ལ་ངས། དེ་གསུང་འབུམ་ནོར་བ་མ་རེད། ཁྱོད་རང་སུམ་རྟགས་མི་ཤེས་པའི་སྐྱོན་རེད། གནའ་བོའི་ཡིག་ཆའི་ནང་དུ་ཕྲད་དང་རྣམ་དབྱེ་ཐམས་ཅད་བོད་སྐད་དང་བསྟུན་ནས་བྲིས་ཡོད་པ་རེད། ཁྱོད་རང་གིས་འོན་ཡང་ཟེར་འདོན་ཞིང་ཡོད་དམ། ཡང་ན་འོན་ཀྱང་ཟེར་འདོན་ཞིང་ཡོད། ཅེས་བྲིས་ནས་ལན་བཏང་ཡོད། །མདོར་ན་དེང་དུས་མཁས་པ་རྣམས་ཀྱིས་ཡིག་རྙིང་མང་ཙམ་ཞིག་གཟིགས་ཤིང་སུམ་རྟགས་གཉིས་ལ་གུས་བཀུར་ཅུང་ཟད་རེ་གནང་རྒྱུའི་རེ་བ་ཞུ། །

   མེས་པོའི་ཡིག་ཚང་དད་རྟེན་གྱུར། །
      སུམ་རྟགས་དག་གསུམ་ངག་འདོན་ཙམ། །
      རང་སྣང་གང་དྲན་བརྡ་སྦྱོར་བ། །
      དེང་དུས་བོད་ཡིག་ཕྱག་ལས་མཁན། །

  ཞེས་པའང་དར་མདོ་གྲོང་ཁྱེར་གྱི་བོད་ཡིག་དགེ་རྒན་རྣམས་ལ་འཆད་ཁྲིད་བྱས་པའི་ཟིན་བྲིས་ལ་འཕྲི་སྣོན་ཅུང་ཟད་བྱས་ཏེ་བོད་ཡིག་ཕྱག་ལས་མཁན་རྣམས་ལ་ལོ་སར་འཚམས་འདྲི་དང་ལྷན་ཏུ་སྤེལ་བ་པོ་ནི་བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་2019ལོའི་ཟླ་བ་དང་པོའི་ཚེས་18ཉིན། ལྷོ་ནུབ་མི་རིགས་སློབ་གྲྭའི་རང་ཤག་ནས་སྤྲིངས། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལས་ཚིག་དང་འབྲེལ་བའི་མིང་རྐྱང་གྲུབ་ཚུལ་ལ་དཔྱད་པ།

2022-01-13 ཐུབ་བསྟན་ཕུན་ཚོགས།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།