ཀ་ཁའི་སེམས་གཏམ།

ཀ་དང་ཁ་གཉིས་གཅིག་པུར་མ་འགྲོ་རོགས།།
ང་དང་ག་གཉིས་གཅིག་པུར་ལྷགས་ཉེས་གདའ།།
ང་ཚོའི་སྡེ་བའི་ཕུགས་ཀྱི་བདེ་སྡུག་ཆེད།།
མཉམ་མཐུན་བྱ་བའི་ལག་འདང་སྒྲེང་རོགས་གནང་།།
 
ཅ་དང་ཆ་གཉིས་ཁ་ཁག་མ་སྐྱོད་དང་།།
ཇ་དང་ཉ་གཉིས་དྭ་ཕྲུག་ལྷགས་ལས་ཆེ།།
སྐྱིད་དང་སྡུག་གི་རྟ་ཕོ་མཉམ་ཞོན་ནས།།
ང་ཚོའི་སྡེ་བ་འཕེལ་རྒྱས་གཏོང་དུ་འགྲོ།།
 
ཏ་དང་ཐ་གཉིས་རང་དོན་ཁོ་ནའི་ཆེད།།
ད་དང་ན་གཉིས་མཐའᨋངན་མ་གཏོང་རོགས།།
དགྲ་དགའᨋགཉེན་སྡུག་བྱ་བ་མང་བརྩམས་ན།།
ང་ཚོའི་སྡེ་བའི་ཕུགས་མདུན་བརླགས་ཉེས་ཆེ།།
 
པ་དང་ཕ་གཉིས་ནང་ཁུལ་མ་འཁྲུག་ཨང་།།
བ་དང་མ་གཉིས་སྡུག་གི་འཆི་ཉེས་འདུག།།
ཡབ་ཆེན་ཐུ་མི་ཨ་ནུ་དྲན་བསམས་ཏེ།།
ཕ་ས་གངས་རིའི་ཡུལ་གྱི་ཞབས་སྤྱི་བསྒྲུབས།།
 
ཙ་དང་ཚ་གཉིས་ཉེ་ཐག་མ་འཐེན་དང་།།
ཛ་དང་ཝ་ཡང་ལང་ལ་ཤོར་ཉེས་འདུག།།
ང་ཚོའི་སྡེ་བ་ནད་འདིས་ཟིན་པའི་ཚེ།།
མ་འོངས་ཕ་ནུ་དག་ལ་མདུན་ལམ་དབེན།།
 
ཞ་དང་ཟ་གཉིས་དཔེ་དེབ་མ་གཡུགས་དང་།།
འᨋདང་ཡ་ཡང་བརྩོན་པའི་གྲུར་ཞུགས་ཏེ།།
མཉམ་མཐུན་ཤེས་ཡོན་སྤྱི་ཚོགས་བསྐྲུན་གྱུར་ན།།
ང་ཚོའི་སྡེ་བ་འཛམ་གླིང་འདི་ཡི་རྒྱན།།
 
ར་དང་ལ་གཉིས་ཆང་འཐུང་མ་རྒྱག་དང་།།
ཤ་དང་ས་ལ་ཁྱད་པར་ཆེར་མེད་ཀྱང་།།
ང་ཚོའི་སྡེ་བའི་མཐུན་མོང་ལས་བསམས་ཏེ།།
བྱ་ངན་འདི་ཀོ་རྩ་ནས་སྤོངས་ན་ལེགས།།
 
ཧ་དང་ཨ་གཉིས་ཁྱིམ་ནས་མ་བུད་རོགས།།
ང་ཚོ་ཀ་མད་སུམ་ཅུ་སྤུན་ཟླ་ཡིན།།
བཙན་པོ་ཨ་ལི་དབྱངས་བཞིའི་རྗེས་བསྙེགས་ཏེ།།
ང་ཚོའི་ཁྱིམ་གཞིའི་བདེ་སྡུག་གླེང་དུ་འགྲོ།།
 
ཨི་དང་ཨུ་གཉིས་སྤྱི་སེམས་ཆེ་མདོག་གིས།།
ཨེ་དང་ཨོ་ལ་ལྟ་གྲུབ་མ་རྩོད་དང་།།
ང་ཚོའི་ཁྱིམ་གཞི་མུན་པས་བསྒྲིབས་ནས་བཟུང་།།
ང་ཚོའི་སྐྱོ་གར་ལས་དབང་གཅིག་པ་ཡིན།།
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཁའི་སེམས་གཏམ།

2012-06-09 རྨེ་རུ། ཀློག་གྲངས། མཆན ཡོད།

ཀ་དང་ཁ་གཉིས་གཅིག་པུར་མ་འགྲོ་རོགས།།
ང་དང་ག་གཉིས་གཅིག་པུར་ལྷགས་ཉེས་གདའ།།
ང་ཚོའི་སྡེ་བའི་ཕུགས་ཀྱི་བདེ་སྡུག་ཆེད།།
མཉམ་མཐུན་བྱ་བའི་ལག་འདང་སྒྲེང་རོགས་གནང་།།
 
ཅ་དང་ཆ་གཉིས་ཁ་ཁག་མ་སྐྱོད་དང་།།
ཇ་དང་ཉ་གཉིས་དྭ་ཕྲུག་ལྷགས་ལས་ཆེ།།
སྐྱིད་དང་སྡུག་གི་རྟ་ཕོ་མཉམ་ཞོན་ནས།།
ང་ཚོའི་སྡེ་བ་འཕེལ་རྒྱས་གཏོང་དུ་འགྲོ།།
 
ཏ་དང་ཐ་གཉིས་རང་དོན་ཁོ་ནའི་ཆེད།།
ད་དང་ན་གཉིས་མཐའᨋངན་མ་གཏོང་རོགས།།
དགྲ་དགའᨋགཉེན་སྡུག་བྱ་བ་མང་བརྩམས་ན།།
ང་ཚོའི་སྡེ་བའི་ཕུགས་མདུན་བརླགས་ཉེས་ཆེ།།
 
པ་དང་ཕ་གཉིས་ནང་ཁུལ་མ་འཁྲུག་ཨང་།།
བ་དང་མ་གཉིས་སྡུག་གི་འཆི་ཉེས་འདུག།།
ཡབ་ཆེན་ཐུ་མི་ཨ་ནུ་དྲན་བསམས་ཏེ།།
ཕ་ས་གངས་རིའི་ཡུལ་གྱི་ཞབས་སྤྱི་བསྒྲུབས།།
 
ཙ་དང་ཚ་གཉིས་ཉེ་ཐག་མ་འཐེན་དང་།།
ཛ་དང་ཝ་ཡང་ལང་ལ་ཤོར་ཉེས་འདུག།།
ང་ཚོའི་སྡེ་བ་ནད་འདིས་ཟིན་པའི་ཚེ།།
མ་འོངས་ཕ་ནུ་དག་ལ་མདུན་ལམ་དབེན།།
 
ཞ་དང་ཟ་གཉིས་དཔེ་དེབ་མ་གཡུགས་དང་།།
འᨋདང་ཡ་ཡང་བརྩོན་པའི་གྲུར་ཞུགས་ཏེ།།
མཉམ་མཐུན་ཤེས་ཡོན་སྤྱི་ཚོགས་བསྐྲུན་གྱུར་ན།།
ང་ཚོའི་སྡེ་བ་འཛམ་གླིང་འདི་ཡི་རྒྱན།།
 
ར་དང་ལ་གཉིས་ཆང་འཐུང་མ་རྒྱག་དང་།།
ཤ་དང་ས་ལ་ཁྱད་པར་ཆེར་མེད་ཀྱང་།།
ང་ཚོའི་སྡེ་བའི་མཐུན་མོང་ལས་བསམས་ཏེ།།
བྱ་ངན་འདི་ཀོ་རྩ་ནས་སྤོངས་ན་ལེགས།།
 
ཧ་དང་ཨ་གཉིས་ཁྱིམ་ནས་མ་བུད་རོགས།།
ང་ཚོ་ཀ་མད་སུམ་ཅུ་སྤུན་ཟླ་ཡིན།།
བཙན་པོ་ཨ་ལི་དབྱངས་བཞིའི་རྗེས་བསྙེགས་ཏེ།།
ང་ཚོའི་ཁྱིམ་གཞིའི་བདེ་སྡུག་གླེང་དུ་འགྲོ།།
 
ཨི་དང་ཨུ་གཉིས་སྤྱི་སེམས་ཆེ་མདོག་གིས།།
ཨེ་དང་ཨོ་ལ་ལྟ་གྲུབ་མ་རྩོད་དང་།།
ང་ཚོའི་ཁྱིམ་གཞི་མུན་པས་བསྒྲིབས་ནས་བཟུང་།།
ང་ཚོའི་སྐྱོ་གར་ལས་དབང་གཅིག་པ་ཡིན།།
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།