ལུང་ཀྱོག་དགོན།

ཀ་དག་དབྱིངས་ནས་བྱོན་པའི་ཀ་ཁའི་མགོ་རྔ་མཁྱེན་བྲལ་མཆོག་གི་སྤྲུལ།།
ཁ་བདེ་ལྕེ་བདེ་ཅན་གྱི་ཁ་ཁོག་གཏིང་ནས་འགལ་བའི་ཆོས་ཁྲིམས་པ།།
ག་ནས་བསླབ་པར་མི་བརྩོན་ག་སར་ཚོང་ལ་འགྲིམ་པའི་གྲྭ་པ་གསུམ།།
ང་རྒྱལ་བྱ་རིན་ཡོད་པའི་ང་ཚོ་ལུང་ཀྱོག་དགོན་གྱི་བསྟན་འཛིན་ཡིན།།
ཅ་ལག་སྒོར་མོར་ཞེན་པའི་ཅ་དག་རྒྱ་བླ་ཕག་གི་ལྟོ་བ་ཅན།།
ཆ་མེད་ཡུལ་ནས་ཐོན་པའི་ཆ་ཚང་རྒྱུ་འབྱོར་ཅན་སྦྱིན་བདག་མ།།
ཇ་ཁང་ཆང་ཁང་མཐོན་པོ་ཇ་མཁར་རིང་མོར་འགྲན་པའི་མགྲོན་ཁང་གསུམ།།
ཉ་རྒྱས་ཟླ་བའི་དཔེར་འོས་ཉ་ཉོག་ལུང་ཀྱོག་དགོན་གྱི་ཡར་རྒྱས་ཡིན།།
ཏ་ཐ་ག་དའི་གསུང་རབས་ཏ་རེན་ནོར་ལ་བརྗེ་བའི་ཨ་མཆོད་དང་།།
ཐ་མག་ཆང་ལ་སྤྱོད་བཞིན་ཐ་ཆད་ལས་ཀུན་བྱེད་པའི་གཏེར་སྟོན་ཆེ།།
ད་ལྟའི་གནས་བབ་མི་ཤེས་ད་སྔོན་གང་བྱས་ལེགས་རློམ་མཁན་རྒན་གསུམ།།
ན་རཀ་གནས་ནས་སྐྱོབ་པའི་ན་མོ་ལུང་ཀྱོག་དགོན་གྱི་དབུ་འཛིན་ཡིན།།
པ་ཏྲའི་རིག་གཞུང་ཀུན་ཤེས་པ་སངས་ལྷག་བསམ་ཅན་གྱི་ཤེས་ཡོན་པ།།
ཕ་རོལ་ཕྱིན་པར་བརྩོན་པའི་ཕ་ཤུལ་བུ་ཡིས་ཟིན་པའི་དམ་པ་དང་།།
བ་བེར་བྱ་བར་མི་གཡེང་བ་འོའི་རང་བཞིན་ཆོས་ལ་སྤྱོད་པ་གསུམ།།
མ་གྱུར་འགྲོ་བའི་དཔུང་གཉེན་མ་བཅོས་ལུང་ཀྱོག་དགོན་གྱི་གཏན་མེད་ཡིན།།
ཙྭ་སོགས་ལོགས་འཚོར་སྤྱོད་པའི་ཙ་ར་བ་ལང་འདྲ་བའི་འདུས་པའི་སྡེ།།
ཚ་གྲང་དམྱལ་བར་མི་འཇིགས་ཚ་རུའི་སྟོད་གོས་ཅན་གྱི་གཉེར་བ་དང་།།
ཛ་ཡའི་འདུལ་གཞུང་མ་གོ་ཛ་ལང་གཏུམ་སྤྱོད་ཆེ་བའི་དགེ་བསྐོས་གསུམ།།
ཝ་སྤྱང་ཟ་ཁ་དར་ས་ཝ་ཝོལ་ལུང་ཀྱོག་དགོན་གྱི་བདག་པོ་ཡིན།།
ཞྭ་ལྟར་གཙུག་ཏུ་བཀུར་བའི་ཞྭ་མདོག་དམར་སེར་རྩོད་པར་མཁས་པའི་མཆོག།
ཟ་འོག་ཐེར་ཕྲུགས་ནང་ན་ཟ་ཉལ་ཁོ་ནར་ཆགས་པའི་བཙུན་པ་དང་།།
འ་ཅག་ཀུན་ལ་གནོད་པའི་འ་འུར་མཁོན་རྒྱུ་མོད་པའི་བཟང་པོ་གསུམ།།
ཡ་ཐོག་ལོ་རྒྱུས་ལྡན་པའི་ཡ་མེད་ལུང་ཀྱོག་དགོན་གྱི་རྒྱུན་འཛིན་ཡིན།།
ར་ལུག་གསོན་པོར་བཟའ་བའི་ར་མའི་སྨ་ར་ཅན་གྱི་ཧྭས་ཧྭས་དང་།།
ལ་ལུང་གཞན་ནས་ཐོན་པའི་ལྭ་བ་ཡ་མཚན་ཅན་གྱི་ཆོས་དད་པ།།
ཤ་ཉེར་དམར་འཛིང་བྱེད་པའི་ཤ་ཞེན་ལ་རྒྱ་ཆེ་བའི་ལྷ་སྡེ་གསུམ།།
ས་འདིར་གནས་རིན་ཆེ་བའི་ས་ལྐུགས་ལུང་ཀྱོག་དགོན་གྱི་ཡོན་བདག་ཡིན།།
ཧ་ཅང་སྙན་ཆ་དབེན་ཡང་ཧ་ལམ་ལུང་ཀྱོག་དགོན་གྱི་རང་བཞིན་དེ།།
ཨ་བཙུན་ཤིང་གི་སྨྱུག་གུས་ཨ་ལགས་ཚོ་སྟུག་མང་པོའི་མཐའ་ནས་བྲིས།།
         ༢༠༠༩ལོའི་ཟླ༤པའི་ཚེས༡༦་ཉིན་རྫོགས་ཆེན་པདྨ་ཐང་ནས་བྲིས།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུང་ཀྱོག་དགོན།

2012-06-03 འཇུ་རབ་གསལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།