འདབ་མ་ནེམ་ནེམ། ཟིལ་བ་ཁྲོམ་ཁྲོམ།


ཡུལ་གྱི་རི་དྭགས་རྔོན་པའི་དཀྲོག་པ་བཞིན།།
རི་ཡི་རྦབ་རྡོ་ལ་ནས་བསྒྲིལ་བ་ལྟར།།
གང་སར་བཞག་ན་དེ་སར་མི་འདུག་པའི།།
སེམས་ཀྱི་རྟ་རྒོད་ཁྱོད་ཀྱི་བྲན་གཡོག་ཡིན།།
 
ལས་ཀྱི་རི་མོ་ལང་ཚོའི་མེ་ཏོག་ཡིན།།
སྟོན་གྱི་ལོག་ཕེབས་མི་རྟག་ཆོས་ཉིད་ཡིན།།
བརྩེ་བའི་མཛེས་པ་ཟིལ་བ་ཁྲོམ་ཁྲོམ་ཡིན།།
ཞོགས་ཀའི་ཉི་ཟེར་ནམ་ཐོན་ཆ་མེད་ཡིན།།
 
ཁྱོད་དང་ཕྲད་པ་འཚོ་བའི་བརྗེད་བྱང་ཡིན།།
ཁྱོད་དང་བྲལ་བ་འཁོར་བ་ན་ཟུག་ཡིན།།
དྲན་པའི་མི་དེ་བྲང་ཁོག་ན་བྱེད་ཡིན།།
དགའ་བའི་མི་དེ་རྨ་ཁ་གསོ་བྱེད་ཡིན།།
 
ཕྱིར་དྲན་ཚང་མ་མ་ལུས་བདེ་སྐྱིད་ཡིན།།
ཕྱིར་འདང་རྒྱབ་ན་གང་ལྟར་འདས་དོན་ཡིན།།
སྟོང་འདང་ཁྲོད་ན་ཁ་སང་འདས་མ་ཡིན།།
ལས་ཀྱི་བཀོད་པ་ཀུ་རེ་ཏག་ཏག་ཡིན།།
 
ཁྱོད་ཀྱི་མཛེས་པ་སྒྱུ་མའི་རང་མདངས་ཡིན།།
ཤི་ན་རྣམ་ཤེས་འགུགས་པའི་ལྕགས་ཀྱུ་ཡིན།།
ཁྱོད་ཀྱི་དུངས་པ་རྫ་ཆུ་བསིལ་མ་ཡིན།།
གསོན་ན་བླ་སྲོག་གསོ་བའི་བདུད་བརྩི་ཡིན།།
 
ལས་ཀྱི་བཀོད་པ་དམར་པོའི་བཀའ་ཡིག་ཡིན།།
ཟློག་པར་བསམ་ན་ཚེ་སྲོག་གཏའ་མ་ཡིན།།
སྐྱིད་ཀྱི་གོ་དོན་ཁྱོད་དང་ལྷན་ཅིག་ཡིན།།
འགྲུབ་པར་བསམ་ན་སྐྱེ་བ་རྗེས་མ་ཡིན།།
 
ཁྱོད་ཁྱོད་ཞེས་པ་ཡི་གེ་ཟུང་ལྡན་ཡིན།།
བདག་གི་རྨི་ལམ་ཞིག་གི་བསྡུས་དོན་ཡིན།།
སེམས་ཀྱི་འཇའ་ཚོན་ཁྱོད་ཀྱི་མཚན་བྱང་ཡིན།།
ལས་སྐལ་ཡོད་ན་འཚོ་བའི་ཁ་བྱང་ཡིན།།
 
གངས་ཀྱི་རི་བོ་བདག་གི་ལྷག་བསམ་ཡིན།།
དྭངས་གཙང་མཚོ་མོ་གངས་རིའི་ཉང་ཁུ་ཡིན།།
མཐའ་ཡས་རྩྭ་ཐང་བདག་གི་སེམས་རྒྱ་ཡིན།།
ཁྱེད་རང་སླེབས་ཤིང་སླར་ཡང་གྱེས་ས་ཡིན།།
 
མི་རྟག་ལས་འཕྲོ་ལམ་གྱི་མགྲོན་ཁང་ཡིན།།
དེ་རིང་འཛོམས་ཀྱང་སང་ཉིན་སོ་སོ་ཡིན།།
ཁྱེད་ལ་དགའ་བ་ཚེ་རབས་དམ་བཅའ་ཡིན།།
སྐྱེ་བ་སྔོན་མའི་ལས་དོན་ལྷག་པ་ཡིན།།
 
བྲང་ཁོག་འཇམ་པོ་ཤ་རྗེན་སྤུ་མེད་ཡིན།།
རྩུབ་མོས་བྲད་ན་རྨ་ཁ་འཆོར་ངེས་ཡིན།།
ཡིད་ཀྱི་དྲན་པ་དྭངས་གཙང་ཆུ་མིག་ཡིན།།
ལྗིད་མོས་མནན་ན་གང་སར་བརྡོལ་ངེས་ཡིན།།
 
ཡིད་ཀྱི་དམ་བཅའ་རྡོ་རྐོས་རི་མོ་ཡིན།།
འཆི་བས་དེད་ཀྱང་གཡར་དམ་མཁྲེགས་པོ་ཡིན།།
མྱང་བའི་མནར་གཅོད་ཁྲག་གི་ཁ་དོག་ཡིན།།
འདས་ལོག་བྱས་ཀྱང་ད་དུང་དམར་པོ་ཡིན།།
 
མཚན་གྱི་ཟླ་བ་སྔར་ལྟར་ཁེར་རྐྱང་ཡིན།།
ཀུ་མུ་ད་ནི་གང་ལྟར་ཁེར་འཁྱམས་ཡིན།།
མཚོ་མོའི་རླབས་སྒྲ་འཇགས་ཤིང་ཁེར་གནས་ཡིན།།
བསིལ་རླུང་ཕྲ་མོ་བདག་གི་ཁེར་ལབ་ཡིན།།
 
སྲོད་ཀྱི་བསམ་གཞིགས་འཁྱུད་པའི་ཚོར་བ་ཡིན།།
མཚན་གྱི་རྨི་ལམ་རུམ་པའི་དུང་བ་ཡིན།།
འདི་དག་བསམ་ན་སེམས་ཀྱི་བདེ་བ་ཡིན།།
ཐམས་ཅད་དག་ནི་མ་གཞི་འཁྲུལ་བ་ཡིན།།
 
འཇིག་རྟེན་འདི་ནི་དྲི་གཞི་ཆེན་པོ་ཞིག།
འཆི་ཁར་ག་རེ་ཞེས་པའི་དྲི་བ་ཡོད།།
སྲིད་པ་འདི་ནི་མེ་ཕུང་དམར་པོ་ཞིག།
གསོན་ཀྱང་ཨ་ཚ་ཞེས་པའི་གདུང་བ་ཡོད།།
 
སེམས་ཀྱི་འཇིག་རྟེན་འདབ་མ་ནེམ་ནེམ་ཡིན།།
བརྩེ་བའི་ལྷོད་ཤ་ཟིལ་བ་ཁྲོམ་ཁྲོམ་ཡིན།།
སྔ་མ་འཇམ་པས་ལྕེ་ཡིས་ཉུག་བྱ་ཡིན།།
ཕྱི་མ་དྭངས་ཤིང་མཐར་ཐུག་བདེན་པ་ཡིན།།
 
དྲན་པའི་ལྕགས་ཀྱུ་འཁྲུལ་བའི་ཀློང་ལ་བཏབ།།
དུངས་པའི་ཟུར་མིག་ཞེན་པའི་གདོང་ལ་ཕོག།
སྐྱོ་བའི་མཆི་མ་སིབ་སིབ་སྙིང་ལ་ཉིལ།།
འཁུན་པའི་རང་སྒྲ་སྟོང་བའི་དབྱིངས་སུ་ཡལ།།
 
བྱམས་པའི་ཕྱོགས་ལ་ཞེན་ཞིང་དུངས་པ་དང་།།
བྲལ་བའི་གདུང་བར་ངུས་ཤིང་འཐམས་པ་སོགས།།
གཞན་གྱིས་མཐོང་ན་གཞན་ཡང་སྨྱོ་བྱེད་ཡིན།།
ཁྱོད་ཀྱིས་རིག་ན་གླེན་པའི་ཨུ་ཚུགས་ཡིན།།
 
ཕྱི་ཡི་རྡོག་སྒྲ་རེ་བའི་དབྱངས་རྟ་ཡིན།།
སྒོ་ཡི་ཐག་སྒྲ་སྙིང་ཆུང་ལྡིང་བྱེད་ཡིན།།
ཁྱོད་ཀྱི་ཟིལ་ཤུགས་དྲན་པ་ཉམས་བྱེད་ཡིན།།
དངངས་ནས་འདར་དུས་མ་གཞི་རྨི་ལམ་ཡིན།།
 
མཆི་མ་དྭངས་མོས་སྔས་འགྲམ་བརླན་པར་བྱས།།
ཨུ་ཤུ་ཕྲ་མོས་རྨི་ལམ་ཟློག་པར་བྱས།།
རྟོག་བཟོའི་རྒྱབ་གཟིགས་རྒྱང་དུ་སྐྱེལ་མ་བྱས།།
ཚེ་སྲོག་ན་བའི་འཁུན་སྒྲ་ཤུར་ཤུར་འབྱིན།།
 
བཙན་གྱིས་དོར་ན་ལྷག་ཏུ་བཙངས་པའི་ཁྱོད།།
བརྗེད་པར་བསམ་ན་སེམས་པ་ན་བའི་རྒྱུ།།
དམ་བཅའ་ཡོད་ཚད་མ་ལུས་བརླག་པའི་ཁྱོད།།
ད་དུང་དྲན་ན་སྔར་བཞིན་དྲན་པའི་སྙིང་།།
 
             ༢༠༡༢ ༤ ༦ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདབ་མ་ནེམ་ནེམ། ཟིལ་བ་ཁྲོམ་ཁྲོམ།

2012-05-30 དཀར་དམར། ཀློག་གྲངས། མཆན ཡོད།


ཡུལ་གྱི་རི་དྭགས་རྔོན་པའི་དཀྲོག་པ་བཞིན།།
རི་ཡི་རྦབ་རྡོ་ལ་ནས་བསྒྲིལ་བ་ལྟར།།
གང་སར་བཞག་ན་དེ་སར་མི་འདུག་པའི།།
སེམས་ཀྱི་རྟ་རྒོད་ཁྱོད་ཀྱི་བྲན་གཡོག་ཡིན།།
 
ལས་ཀྱི་རི་མོ་ལང་ཚོའི་མེ་ཏོག་ཡིན།།
སྟོན་གྱི་ལོག་ཕེབས་མི་རྟག་ཆོས་ཉིད་ཡིན།།
བརྩེ་བའི་མཛེས་པ་ཟིལ་བ་ཁྲོམ་ཁྲོམ་ཡིན།།
ཞོགས་ཀའི་ཉི་ཟེར་ནམ་ཐོན་ཆ་མེད་ཡིན།།
 
ཁྱོད་དང་ཕྲད་པ་འཚོ་བའི་བརྗེད་བྱང་ཡིན།།
ཁྱོད་དང་བྲལ་བ་འཁོར་བ་ན་ཟུག་ཡིན།།
དྲན་པའི་མི་དེ་བྲང་ཁོག་ན་བྱེད་ཡིན།།
དགའ་བའི་མི་དེ་རྨ་ཁ་གསོ་བྱེད་ཡིན།།
 
ཕྱིར་དྲན་ཚང་མ་མ་ལུས་བདེ་སྐྱིད་ཡིན།།
ཕྱིར་འདང་རྒྱབ་ན་གང་ལྟར་འདས་དོན་ཡིན།།
སྟོང་འདང་ཁྲོད་ན་ཁ་སང་འདས་མ་ཡིན།།
ལས་ཀྱི་བཀོད་པ་ཀུ་རེ་ཏག་ཏག་ཡིན།།
 
ཁྱོད་ཀྱི་མཛེས་པ་སྒྱུ་མའི་རང་མདངས་ཡིན།།
ཤི་ན་རྣམ་ཤེས་འགུགས་པའི་ལྕགས་ཀྱུ་ཡིན།།
ཁྱོད་ཀྱི་དུངས་པ་རྫ་ཆུ་བསིལ་མ་ཡིན།།
གསོན་ན་བླ་སྲོག་གསོ་བའི་བདུད་བརྩི་ཡིན།།
 
ལས་ཀྱི་བཀོད་པ་དམར་པོའི་བཀའ་ཡིག་ཡིན།།
ཟློག་པར་བསམ་ན་ཚེ་སྲོག་གཏའ་མ་ཡིན།།
སྐྱིད་ཀྱི་གོ་དོན་ཁྱོད་དང་ལྷན་ཅིག་ཡིན།།
འགྲུབ་པར་བསམ་ན་སྐྱེ་བ་རྗེས་མ་ཡིན།།
 
ཁྱོད་ཁྱོད་ཞེས་པ་ཡི་གེ་ཟུང་ལྡན་ཡིན།།
བདག་གི་རྨི་ལམ་ཞིག་གི་བསྡུས་དོན་ཡིན།།
སེམས་ཀྱི་འཇའ་ཚོན་ཁྱོད་ཀྱི་མཚན་བྱང་ཡིན།།
ལས་སྐལ་ཡོད་ན་འཚོ་བའི་ཁ་བྱང་ཡིན།།
 
གངས་ཀྱི་རི་བོ་བདག་གི་ལྷག་བསམ་ཡིན།།
དྭངས་གཙང་མཚོ་མོ་གངས་རིའི་ཉང་ཁུ་ཡིན།།
མཐའ་ཡས་རྩྭ་ཐང་བདག་གི་སེམས་རྒྱ་ཡིན།།
ཁྱེད་རང་སླེབས་ཤིང་སླར་ཡང་གྱེས་ས་ཡིན།།
 
མི་རྟག་ལས་འཕྲོ་ལམ་གྱི་མགྲོན་ཁང་ཡིན།།
དེ་རིང་འཛོམས་ཀྱང་སང་ཉིན་སོ་སོ་ཡིན།།
ཁྱེད་ལ་དགའ་བ་ཚེ་རབས་དམ་བཅའ་ཡིན།།
སྐྱེ་བ་སྔོན་མའི་ལས་དོན་ལྷག་པ་ཡིན།།
 
བྲང་ཁོག་འཇམ་པོ་ཤ་རྗེན་སྤུ་མེད་ཡིན།།
རྩུབ་མོས་བྲད་ན་རྨ་ཁ་འཆོར་ངེས་ཡིན།།
ཡིད་ཀྱི་དྲན་པ་དྭངས་གཙང་ཆུ་མིག་ཡིན།།
ལྗིད་མོས་མནན་ན་གང་སར་བརྡོལ་ངེས་ཡིན།།
 
ཡིད་ཀྱི་དམ་བཅའ་རྡོ་རྐོས་རི་མོ་ཡིན།།
འཆི་བས་དེད་ཀྱང་གཡར་དམ་མཁྲེགས་པོ་ཡིན།།
མྱང་བའི་མནར་གཅོད་ཁྲག་གི་ཁ་དོག་ཡིན།།
འདས་ལོག་བྱས་ཀྱང་ད་དུང་དམར་པོ་ཡིན།།
 
མཚན་གྱི་ཟླ་བ་སྔར་ལྟར་ཁེར་རྐྱང་ཡིན།།
ཀུ་མུ་ད་ནི་གང་ལྟར་ཁེར་འཁྱམས་ཡིན།།
མཚོ་མོའི་རླབས་སྒྲ་འཇགས་ཤིང་ཁེར་གནས་ཡིན།།
བསིལ་རླུང་ཕྲ་མོ་བདག་གི་ཁེར་ལབ་ཡིན།།
 
སྲོད་ཀྱི་བསམ་གཞིགས་འཁྱུད་པའི་ཚོར་བ་ཡིན།།
མཚན་གྱི་རྨི་ལམ་རུམ་པའི་དུང་བ་ཡིན།།
འདི་དག་བསམ་ན་སེམས་ཀྱི་བདེ་བ་ཡིན།།
ཐམས་ཅད་དག་ནི་མ་གཞི་འཁྲུལ་བ་ཡིན།།
 
འཇིག་རྟེན་འདི་ནི་དྲི་གཞི་ཆེན་པོ་ཞིག།
འཆི་ཁར་ག་རེ་ཞེས་པའི་དྲི་བ་ཡོད།།
སྲིད་པ་འདི་ནི་མེ་ཕུང་དམར་པོ་ཞིག།
གསོན་ཀྱང་ཨ་ཚ་ཞེས་པའི་གདུང་བ་ཡོད།།
 
སེམས་ཀྱི་འཇིག་རྟེན་འདབ་མ་ནེམ་ནེམ་ཡིན།།
བརྩེ་བའི་ལྷོད་ཤ་ཟིལ་བ་ཁྲོམ་ཁྲོམ་ཡིན།།
སྔ་མ་འཇམ་པས་ལྕེ་ཡིས་ཉུག་བྱ་ཡིན།།
ཕྱི་མ་དྭངས་ཤིང་མཐར་ཐུག་བདེན་པ་ཡིན།།
 
དྲན་པའི་ལྕགས་ཀྱུ་འཁྲུལ་བའི་ཀློང་ལ་བཏབ།།
དུངས་པའི་ཟུར་མིག་ཞེན་པའི་གདོང་ལ་ཕོག།
སྐྱོ་བའི་མཆི་མ་སིབ་སིབ་སྙིང་ལ་ཉིལ།།
འཁུན་པའི་རང་སྒྲ་སྟོང་བའི་དབྱིངས་སུ་ཡལ།།
 
བྱམས་པའི་ཕྱོགས་ལ་ཞེན་ཞིང་དུངས་པ་དང་།།
བྲལ་བའི་གདུང་བར་ངུས་ཤིང་འཐམས་པ་སོགས།།
གཞན་གྱིས་མཐོང་ན་གཞན་ཡང་སྨྱོ་བྱེད་ཡིན།།
ཁྱོད་ཀྱིས་རིག་ན་གླེན་པའི་ཨུ་ཚུགས་ཡིན།།
 
ཕྱི་ཡི་རྡོག་སྒྲ་རེ་བའི་དབྱངས་རྟ་ཡིན།།
སྒོ་ཡི་ཐག་སྒྲ་སྙིང་ཆུང་ལྡིང་བྱེད་ཡིན།།
ཁྱོད་ཀྱི་ཟིལ་ཤུགས་དྲན་པ་ཉམས་བྱེད་ཡིན།།
དངངས་ནས་འདར་དུས་མ་གཞི་རྨི་ལམ་ཡིན།།
 
མཆི་མ་དྭངས་མོས་སྔས་འགྲམ་བརླན་པར་བྱས།།
ཨུ་ཤུ་ཕྲ་མོས་རྨི་ལམ་ཟློག་པར་བྱས།།
རྟོག་བཟོའི་རྒྱབ་གཟིགས་རྒྱང་དུ་སྐྱེལ་མ་བྱས།།
ཚེ་སྲོག་ན་བའི་འཁུན་སྒྲ་ཤུར་ཤུར་འབྱིན།།
 
བཙན་གྱིས་དོར་ན་ལྷག་ཏུ་བཙངས་པའི་ཁྱོད།།
བརྗེད་པར་བསམ་ན་སེམས་པ་ན་བའི་རྒྱུ།།
དམ་བཅའ་ཡོད་ཚད་མ་ལུས་བརླག་པའི་ཁྱོད།།
ད་དུང་དྲན་ན་སྔར་བཞིན་དྲན་པའི་སྙིང་།།
 
             ༢༠༡༢ ༤ ༦ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།