བོད་ལྫོངས་སློབ་ཆེན་ནས་བསྒྲུགས་པའི་སྙན་ངག་ཚན་པ་འགའ།

གཉལ་བཀྲ་ཤིས་བསྟན་པ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-30

          ཉལ་ཁང་ན།
མདོ་དབུས་ཁམས་གསུམ་བསྲེས་པའི་ཁང་ཆུང་ནང༌།  །
མདོ་ཡིས་མདོ་ནས་འཁྲུངས་པའི་མཁས་དབང་ཚོའི།  །
གསུང་གི་སྙིང་པོ་མ་ལུས་སྙན་ངག་དྲངས།  །
དབུས་པ་མི་ཚུགས་གདོང་ཡང་དམར་ཆིལ་ལེར༌།  །

མཁས་པ་འགའ་ཞིག་ཡོད་ཚུལ་ཅི་གར་གླེང༌།  །
ཁང་ཆུང་གྲུ་བཞི་མི་ཆེ་གཤོང་ཆུང་ཡང༌།  །
བོད་ཀྱི་རིག་གཞུང་མཚོ་ཡི་ལྟེང་ཁ་འཁྱིལ།  །
བདག་མགུ་ཡིད་རངས་ལན་གསུམ་བསྟོད་པར་འཚལ།  །

          སློབ་ཁང་ན།
དྭངས་གཙང་བཤད་ཁྲིའི་སྟེང་གི་བཤེས་གཉེན་མཆོག  །
འཆི་མེད་ཞིང་ནས་ཕེབས་པའི་ཚངས་པའི་ཐུགས།  །
ལྷ་ཡི་བཀོད་པས་མི་ཡུལ་བདེར་བཀོད་བཞིན།  །
ཨུ་པལ་དྲི་བསུང་ཕྱོགས་བཞིར་བཏང་སྙོམས་ཀྱིས།  །

གསུང་གི་དྲི་བསུང་མ་ལུས་ལམ་ལམ་འཐུལ།  །
འདི་ལྟ་དེ་ལྟའི་ཐབས་མང་སྤྲུལ་པའི་སྐུས།  །
ཕ་སྐད་མ་སྐད་དུས་ཐུང་ཇི་ཙམ་ལས།  །
སྐྱོབ་ཕྱིར་འབད་པ་ཨེ་མ་རླབས་པོ་ཆེ།  །

          ཟ་ཁང་ན།
ཞིང་གྲོང་ས་ཐག་རྒྱང་པའི་ཨོ་ལོ་ཁོང༌།  །
ཕ་མའི་རྔུལ་གྱིས་གྲུབ་པའི་ཤོག་དངུལ་ལ།  །
མིག་གི་མདའ་མོ་ཡང་ཡང་འཕེན་གིན་དུ།  །
མཆི་ཞག་འཁྲིག་འཁྲིག་སྒེའུ་ཁུང་ཁ་ངོགས་སུ།  །
དཔེ་ཆའི་ཡོལ་བ་ག་ལེར་ཕྱེས་བྱས་ཏེ།  །
བདེ་ཟས་ལོངས་སྤྱོད་བབས་ཆགས་གཤིས་ཀ་ཡིས།  །
འགྲམ་གྱི་གྲོང་ཁྱེར་མཛེས་མའི་་སྣ་རྩ་སྦྲིད།  །

     ལུས་རྩལ་ཐང།
བདེ་འཁོད་སྙོམས་པའི་ལུས་རྩལ་ཐང་ཆེན་ན།  །
བདེ་བ་རྙེད་འདྲའི་སློབ་མ་ཁྱུ་དང་ཁྱུ།  །
ངང་པ་པད་མཚོར་འཇུག་བཞིན་ལུས་འཇུག་ལ།  །
སྤོབས་པ་རྙེད་པའི་དཔའ་བོའི་མཚོན་ཆ་བཞིན།  །

ལག་ཟུང་ངར་མོ་གནམ་ལ་བརྐྱངས་པའི་ཚུལ།  །
ལྕགས་མཁྲེགས་ལྟ་བུའི་གེ་སར་མཚོན་ཆ་འདྲ།  །
རྐང་གི་འཁོར་ལོ་གང་གཅུན་གང་འཁོར་དེ།  །
དེང་གི་འཕྲུལ་འཁོར་ཁོ་ནའི་འགྲན་ཟླར་འོས།  །

           རྭ་བའི་ནང།
རྒྱབ་ཀྱི་མེ་ཏོག་རྭ་བའི་མཐའ་འཁོར་ལ།  །
བུང་བའི་ཚུལ་བཞུགས་སློབ་མ་ཁྱུ་དང་ཁྱུ།  །
སྦྲང་རྩིའི་རོ་ལ་མངར་ཁ་ལེན་བཞིན་དུ།  །
ཞལ་ནས་གཞལ་མེད་དབྱངས་རྟ་སྙན་མོ་ཡིས།  །
མེ་ཏོག་ལྡུམ་རྭའི་ཀླན་ཀ་གསར་པ་ཞིག  །
ངེས་མེད་གནས་བཟང་འདི་རུ་འཛུགས་སླད་འབད།  །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལྫོངས་སློབ་ཆེན་ནས་བསྒྲུགས་པའི་སྙན་ངག་ཚན་པ་འགའ།

2012-05-30 གཉལ་བཀྲ་ཤིས་བསྟན་པ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

          ཉལ་ཁང་ན།
མདོ་དབུས་ཁམས་གསུམ་བསྲེས་པའི་ཁང་ཆུང་ནང༌།  །
མདོ་ཡིས་མདོ་ནས་འཁྲུངས་པའི་མཁས་དབང་ཚོའི།  །
གསུང་གི་སྙིང་པོ་མ་ལུས་སྙན་ངག་དྲངས།  །
དབུས་པ་མི་ཚུགས་གདོང་ཡང་དམར་ཆིལ་ལེར༌།  །

མཁས་པ་འགའ་ཞིག་ཡོད་ཚུལ་ཅི་གར་གླེང༌།  །
ཁང་ཆུང་གྲུ་བཞི་མི་ཆེ་གཤོང་ཆུང་ཡང༌།  །
བོད་ཀྱི་རིག་གཞུང་མཚོ་ཡི་ལྟེང་ཁ་འཁྱིལ།  །
བདག་མགུ་ཡིད་རངས་ལན་གསུམ་བསྟོད་པར་འཚལ།  །

          སློབ་ཁང་ན།
དྭངས་གཙང་བཤད་ཁྲིའི་སྟེང་གི་བཤེས་གཉེན་མཆོག  །
འཆི་མེད་ཞིང་ནས་ཕེབས་པའི་ཚངས་པའི་ཐུགས།  །
ལྷ་ཡི་བཀོད་པས་མི་ཡུལ་བདེར་བཀོད་བཞིན།  །
ཨུ་པལ་དྲི་བསུང་ཕྱོགས་བཞིར་བཏང་སྙོམས་ཀྱིས།  །

གསུང་གི་དྲི་བསུང་མ་ལུས་ལམ་ལམ་འཐུལ།  །
འདི་ལྟ་དེ་ལྟའི་ཐབས་མང་སྤྲུལ་པའི་སྐུས།  །
ཕ་སྐད་མ་སྐད་དུས་ཐུང་ཇི་ཙམ་ལས།  །
སྐྱོབ་ཕྱིར་འབད་པ་ཨེ་མ་རླབས་པོ་ཆེ།  །

          ཟ་ཁང་ན།
ཞིང་གྲོང་ས་ཐག་རྒྱང་པའི་ཨོ་ལོ་ཁོང༌།  །
ཕ་མའི་རྔུལ་གྱིས་གྲུབ་པའི་ཤོག་དངུལ་ལ།  །
མིག་གི་མདའ་མོ་ཡང་ཡང་འཕེན་གིན་དུ།  །
མཆི་ཞག་འཁྲིག་འཁྲིག་སྒེའུ་ཁུང་ཁ་ངོགས་སུ།  །
དཔེ་ཆའི་ཡོལ་བ་ག་ལེར་ཕྱེས་བྱས་ཏེ།  །
བདེ་ཟས་ལོངས་སྤྱོད་བབས་ཆགས་གཤིས་ཀ་ཡིས།  །
འགྲམ་གྱི་གྲོང་ཁྱེར་མཛེས་མའི་་སྣ་རྩ་སྦྲིད།  །

     ལུས་རྩལ་ཐང།
བདེ་འཁོད་སྙོམས་པའི་ལུས་རྩལ་ཐང་ཆེན་ན།  །
བདེ་བ་རྙེད་འདྲའི་སློབ་མ་ཁྱུ་དང་ཁྱུ།  །
ངང་པ་པད་མཚོར་འཇུག་བཞིན་ལུས་འཇུག་ལ།  །
སྤོབས་པ་རྙེད་པའི་དཔའ་བོའི་མཚོན་ཆ་བཞིན།  །

ལག་ཟུང་ངར་མོ་གནམ་ལ་བརྐྱངས་པའི་ཚུལ།  །
ལྕགས་མཁྲེགས་ལྟ་བུའི་གེ་སར་མཚོན་ཆ་འདྲ།  །
རྐང་གི་འཁོར་ལོ་གང་གཅུན་གང་འཁོར་དེ།  །
དེང་གི་འཕྲུལ་འཁོར་ཁོ་ནའི་འགྲན་ཟླར་འོས།  །

           རྭ་བའི་ནང།
རྒྱབ་ཀྱི་མེ་ཏོག་རྭ་བའི་མཐའ་འཁོར་ལ།  །
བུང་བའི་ཚུལ་བཞུགས་སློབ་མ་ཁྱུ་དང་ཁྱུ།  །
སྦྲང་རྩིའི་རོ་ལ་མངར་ཁ་ལེན་བཞིན་དུ།  །
ཞལ་ནས་གཞལ་མེད་དབྱངས་རྟ་སྙན་མོ་ཡིས།  །
མེ་ཏོག་ལྡུམ་རྭའི་ཀླན་ཀ་གསར་པ་ཞིག  །
ངེས་མེད་གནས་བཟང་འདི་རུ་འཛུགས་སླད་འབད།  །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།